༄༅། །བལ་ཡུལ་ཤེས་རིག་དཔར་ཁང་ཡན་ལག་ལས་ཁུངས་སུ་རྩིས་པའི་ལས་གནས་ཐོག་ས་མིག་ཅིག་སྟོང་པ་ཡོད་པ་བལ་ཡུལ་རང་ནས་གསར་འདེམས་བྱ་རྒྱུར། རྩིས་ཀྱི་ཤེས་ཚད་ལག་འཁྱེར་ཡོད་པ་ཞིག་བལ་ཡུལ་གནས་སྡོད་བོད་མི་ཁོ་ནའི་ཆེད་དུ་ཡིན་པས་འཚང་རྒྱུགས་ནང་མཉམ་བཞུགས་གནང་མཁན་རྣམས་གཤམ་གསལ་འོས་ཆོས་ཚང་ཞིང་ཞུགས་བློ་ཡོད་རིགས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༢༧ འགྱངས་མེད་གློག་འཕྲིན་བརྒྱུད་སྙན་ཞུ་འབུལ་གནང་དགོས་རྒྱུ། སྙན་ཞུའི་ནང་སོ་སོའི་སྡོད་གནས་ཁ་བྱང་། འབྲེལ་གཏུགས་བྱ་ཡུལ་ཁ་པར་ཨང་གྲངས། གློག་འཕྲིན་ཁ་བྱང་ (Email ID) བཅས་ཁ་གསལ་འགོད་དགོས་རྒྱུ། དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། འདི་ལས་ནས་སྙན་ཞུ་འབྱོར་བ་ཆ་ཚང་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ཚང་བ་ཚོར་ཡིག་རྒྱུགས་གཏོང་སླད་སྐབས་མཚམས་འབོད་བརྡ་གཏོང་རྒྱུ།
དགོས་མཁོའི་ཆ་རྐྱེན་གཤམ་གསལ།
༡། ཤེསཚད། ཚད་ལྡན་མཐོ་སློབ་ཞིག་ནས་ཉུང་ཐར་རྩིས་རིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ (B.Com ) ཐོན་པ།
༢། ལོ་ཚད། ཕྱི་ལོ་ ༢༠༢༣།༠༢།༢༧ ཉིན་རང་ལོ་ ༡༨ ལས་མི་ཉུང་ཞིང་། ༤༠ ལས་མ་བརྒལ་བ་དགོས། ༣། རྒྱུགས་གཞི། བོད་ཡིག ཨིན་ཡིག རྩིས་རིག ཀམ་པུཊར་སློབ་མཚན་བཅས་ཀྱི་ཐོག་འབྲི་རྒྱུགས་དང་ངག་རྒྱུགས།
༤། དྭང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། གཉིས་པ། ཕྱི་ལོ་ ༢༠༢༢།༣།༣༡ བར་འབུལ་འབབ་གཙང་ཕུལ་ཟིན་པའི་མཐའ་མའི་ངོ་བཤུས།
༥། བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང་། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ (Medical Certificate) ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་། ས་རྟགས་འཁོད་པ་ངོ་མ།
༦། རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་རྒྱུན་དུ་བྱ་སྤྱོད་ཉེས་སྐྱོན་མེད་པའི་ངོས་སྦྱོར་(Character Certificate) ངོ་མ།
༧། ལས་ཀ་བྱེད་བཞིན་པ་ཡིན་ན་ལས་ཡུལ་ནས་དགག་བྱ་མེད་པའི་ངོས་སྦྱོར་དགོས་རྒྱུ།
།སོལ་ཕོགས་དང་མཐུན་རྐྱེན།
དོ་བདག་ལ་ཕོགས་རིམ་བདུན་པའི་ཟླ་རེར་ཧིན་སྒོར། ༢༥,༥༨༤་༠༠ དང་ལས་ཤག་གོ་སྒྲིག་ཡོད། ཟླ་དྲུག་ཚོད་ལྟའི་དུས་ཡུན་རྫོགས་མཚམས་ལས་བྱེད་ངོ་མར་བསྐོ་བཞག་འོས་མཚམས་ཤེས་དཔར་སྒྲིག་གཞི་ནང་གསལ་སྤྱི་མཚུངས་ལྟར་ཐོབ་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ལྡི་ལི་ཤེས་རིག་དཔར་ཁང་དབུས་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༢༥ ལ།།
7768