ཟླ་རེའི་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བོད་ཀྱི་ལོ་གསར་ལ་བྱིས་པའི་གླུ་གཞས་འགུལ་བརྙན་དང་སྒྲ་དེབ་གསར་པ་དབུ་འབྱེད་གནང་བ།

གསར་འཕྲིན།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཚང་མ་ལ་བོད་རྒྱལ་ལོ་ ༢༡༥༡ རབ་གནས་ཤིང་ཕོ་འབྲུག་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་རྟེན་འབྱུང་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་སྦྲགས། ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༡༠ བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་ཤེས་རིག་ལས་ཁུངས་ཀྱིས་བྱིས་པའི་གླུ་གཞས་འགུལ་བརྙན་ལྔ་དང་། སྒྲ་དེབ་བདུན་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་སློབ་སྦྱོང་དྲྭ་ཚིགས་དང་། ཡུ་ཊུབ་དྲྭ་བའིནང་དུ་གཏོང་གི་ཡོད་པས། མ་འོངས་བོད་ཀྱི་སོན་རྩ་རྣམས་དང་ཕ་མ་རྣམ་པས་གཤམ་འོག་གི་དྲྭ་ཐག་བརྒྱུད་དགྱེས་གཟིགས་ཡོང་བ་ཞུ།

འདི་ལོའི་བྱིས་པའི་གླུ་གཞས་འགུལ་བརྙན་བདུན་ནས་ལྔ་ ༼བོད་ལ་འགྲོ། གཅིག་གཉིས་གསུམ། ཁམ་བུ་རྙེད་སོང་། ང་ཚོའི་སློབ་གྲྭ། ཚོན་མདོོག༽ བཅས་ལེགས་གྲུབ་ཟིན་ནས་བོད་ཀྱི་ལོ་གསར་ཉིན་བོད་པའི་བྱིས་པ་ཆུང་ཆུང་ཚོར་འབུལ་ལམ་ཞུས་ཡོད་པ་དང་། དེ་བཞིན་བོད་ཀྱི་ཕྲུ་གུ་ཅུང་རྒན་པ་ཚོའི་རྩ་བ་བློ་འཛིན་གནང་རྒྱུར་ཕན་ཐོགས་ཡོང་ཐབས་སུ་སྒྲ་དེབ་མི་འདྲ་བ་བདུན་ ༼སུམ་ཅུ་པའི་རྩ་བ། བློ་སྦྱོང་ཚིགས་བརྒྱད་མ། འཇམ་དབྱངས་གང་བློ་མ། ལེགས་བཤད་ལྗོན་དབང་། དཀའ་གནད་གསལ་བའི་མེ་ལོང་། རྟགས་འཇུག་གི་རྩ་བ། ལག་ལེན་སོ་བདུན་མ།༽ བཟོ་སྐྲུན་ཞུས་པ་ཁྱིམ་བདག་ཕ་མ་རྣམ་པས་གཅེས་ཕྲུག་ཚོར་གཟིགས་རྒྱུའི་གོ་སྐབས་གནང་སྐྱོང་ཡོང་བ་ཞུ།

བྱིས་པའི་གླུ་གཞས་འགུལ་བརྙན་གྱི་ལས་གཞི་འདི་ཨ་རིའི་རོགས་ཚོགས་ (USAID) ནས་མཐུན་འགྱུར་གནང་ཡོད་པ་དང་། སྒྲ་དེབ་བདུན་རྣམས་ཝཱ་ཎ་སློབ་ཟུར་འབུམ་རམས་པ་ཉི་མ་ཚེ་རིང་ལགས་ནས་གླ་མེད་ཐོག་བཟོས་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུ།།

སྔོན་མ།
སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་ནང་གཤམ་གསལ་ས་མིག་གསལ་བསྒྲགས།
ཕྱི་མ།
གཞི་རིམ་སློབ་གྲྭ་ཁག་གི་སློབ་ཕྲུག་གི་རིགས་ལམ་འདུ་འཛོམས་དང་སྦྱོང་བརྡར།
Menu