ཟླ་རེའི་གསར་འགྱུར།

བོད་མིའི་སློབ་གྲྭ་ཁག་གི་དཔེ་མཛོད་དོ་དམ་པ་ཁག་གཅིག་ལ་ཟབ་སྦྱོང་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༦ ནས་ཕྱི་ཚེས་ ༨ བར་གྷོ་པལ་པུར་བོད་ཁྱིམ་སློབ་གྲྭར་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག བོད་ཁྱིམ་དང་སམ་བྷོ་ཊ་བོད་སློབ་ཚོགས་པ་དང་།  མ་སུ་རི་བོད་ཁྱིམ། གངས་ཅན་བོད་ཀྱི་ཐེབས་རྩ་བཅས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སློབ་གྲྭ་ཁག་གི་དཔེ་མཛོད་དོ་དམ་པ་རྣམས་ལ་ཉིན་གསུམ་རིང་དཔེ་མཛོད་དོ་དམ་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཞིག་སྤྲད།
ཐེངས་འདིའི་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི། དཔེ་མཛོད་ནང་ཀློག་རྩལ་དང་འབྲེལ་བའི་ཐབས་ལམ་བསྟེན་ཕྱོགས་དེ་ཡིན་འདུག་པ་དང་། ཐེངས་འདིའི་ཟབ་སྦྱོང་འདི་བཞིན་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་དང་ཨ་རི་བོད་ཀྱི་ཐེབས་རྩ་བརྒྱུད་ཨ་རི་ USAID རོགས་ཚོགས་ནས་མཐུན་འགྱུར་གནང་བ་ཞིག་ཡིན་འདུག་པ་དང་། ཟབ་ཁྲིད་པ་ལྕམ་སྐུ་ཨུ་ཤ་མུ་ཀུན་ཌ་ Dr. Usha Mukunda ལགས་དང་སུ་ཇ་ཏ་ནོ་རོ་ན་ Sujata Norohna ལགས་རྣམ་གཉིས་ཡིན་འདུག ཟབ་སྦྱོང་སྐབས་ཟབ་ཁྲིད་པས་སློབ་གྲྭ་ཁག་གི་དཔེ་མཛོད་ནང་དཔེ་དེབ་འདེམས་སྒྲུག་ཡར་རྒྱས་ཇི་ལྟར་གཏང་ཕྱོགས་སྐོར་དང་། དེ་བཞིན་དེ་སྔོན་གྱི་ཟབ་ཁྲིད་གནང་ཡུལ་ཁག་གི་བསམ་ཚུལ་བསྡུ་ལེན་ཡང་གནང་འདུག་པ་བཅས། །

སྔོན་མ།
ལྷོ་ཕྱོགས་གཞིས་ཆགས་ཁག་ལ་ཤེས་ཡོན་སྲིད་བྱུས་སོགས་ཀྱི་སྐོར་ཟབ་སྦྱོང་གོ་སྒྲིག་ཞུས་པ།
ཕྱི་མ།
གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཐེངས་བཞི་པ་འགོ་འཛུགས་གནང་།
Menu