ཟླ་རེའི་གསར་འགྱུར།

མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ལྷན་ཚོགས་ཐེངས་ཞེ་བརྒྱད་པའི་ཐོག་ཤེས་རིག་བཀའ་བློན་འགན་ལྷན་ཚོགས་གཙོར་སྤྱི་མོས་ཀྱིས་བསྐོ་བཞག་གནང་བ།

གསར་འཕྲིན།

 

༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༡༡ ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་ཚོགས་ཁང་དུ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་གཙོ་སྐྱོང་འོག་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ལྷན་ཚོགས་ཐེངས་ ༤༨ པ་འཚོགས་ཡོད།

ལྷན་ཚོགས་ཐོག་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཐེ་བའི་ཚོགས་མི་རྣམ་པ་མཉམ་ཞུགས་ཀྱིས་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ལྷན་ཚོགས་ཐེངས་ ༤༧ པའི་གྲོས་ཆོད་ལག་བསྟར་གནང་དོན་དང་། མ་སུ་རི་བོད་ཁྱིམ་གྱི་ལོ་འཁོར་ལས་བསྡོམས། བར་བརྒལ་བཀའ་ཁྲོལ་སོགས་ཀྱི་སྐོར་བསམ་གྲོས་ཞིབ་བསྡུར་གནང་སྟེ་གྲོས་གཞི་གཏན་འབེབས་གནང་བ་མ་ཟད། ལྷག་པར་ལྷན་ཚོགས་འདི་བརྒྱུད་ཤེས་རིག་བཀའ་བློན་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོར་སྤྱི་མོས་ཐོག་ནས་བསྐོ་བཞག་གནང་ཡོད་པ་བཅས།།

སྔོན་མ།
ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་སུམ་ཅུ་སོ་ལྔ་པ་ལེགས་གྲུབ་ཟིན་པ།
ཕྱི་མ།
བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་བོད་ཡིག་སློབ་དེབ་གཏན་འབེབས་ཚོགས་འདུ།
Menu