ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་གཟིགས་སྐོར་ལ་ཕེབས་པ།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༨ ཚེས་ ༡༠ ཉིན་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་གཟིགས་སྐོར་ལ་ཕེབས་ཡོད་པ་རེད།

ཤེས་རིག་བཀའ་བློན་ལྷན་དུ་མདུན་ལམ་སློབ་སྟོན་པ་འཇམ་དབྱངས་དབང་རྒྱལ་ལགས་དང་། ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས། རྡོ་རྗེ་དབང་འདུས་ལགས་ལྷན་བཅར་ཞུས་ཡོད། གཟིགས་སྐོར་སྐབས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་སློབ་གྲྭའི་འཛིན་ཁང་དང་སྡེ་ཚན་སོ་སོར་ཆེད་ཕེབས་ཀྱིས་གཟིགས་ཞིབ་གནང་ཡོད་པ་བཅས།། 

སྔོན་མ།
དགེ་སློབ་རྩོམ་འབྲིའི་ལས་རིམ་ཐེངས་དྲུག་པ་ལེགས་འགྲུབ་བྱུང་བ།
ཕྱི་མ།
ཤེས་རིག་ལས་ཁུངས་ཀྱིས་ཕ་མ་རྣམས་ལ་ཕྲུ་གུ་གསོ་སྐྱོང་གནང་ཕྱོགས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་བ།