ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཤེས་རིག་པར་ཁང་གི་འགན་འཛིན་ལྷན་ཚོགས་ཐེངས་ ༥༡ བསྐོང་ཚོགས་གནང་བ།

གསར་འཕྲིན།, བཀའ་བློན་མཛད་འཆར།

 

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༠༣ ཚེས་ ༡༡ རེས་གཟའ་ཟླ་བ་ཉིན་རྒྱབ་ཆུ་ཚོད་ ༢ ཐོག་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་དུ་ཤེས་རིག་པར་ཁང་གི་འགན་འཛིན་ལྷན་ཚོགས་ཐེངས་ ༥༡ པ་ཚོགས་ཡོད། སྐབས་དེར་ཤེས་རིག་བཀའ་བློན་དང་ཤེས་རིག་པར་ཁང་འགན་འཛིན་ལྷན་གྱི་ཚོགས་གཙོ་གཅིག་ལྕོགས་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དབུ་བཞུགས་ཐོག་ཚོགས་འདུ་དབུ་འཛུགས་གནང་ཡོད།

དེ་ཡང་སྐབས་དེར་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཚོགས་འདུའི་དུས་ཡུན་རིང་ཤེས་རིག་པར་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ནས་ནུས་པ་མཉམ་སྤུངས་ཐོག་མ་འོངས་པར་ཚོགས་པའི་ལས་དོན་ཡར་རྒྱས་གཏོང་ཕྱོགས་སྐོར་བསམ་ཚུལ་བསྡུ་རུབ་གནང་དགོས་གལ་དང་། ཚོགས་མི་རྣམས་ནས་ཚོགས་པའི་བདེ་ཐབས་ཆེད་འགན་ཁུར་ཆེན་པོ་བཞེས་དགོས་པའི་སྐོར་ནན་བསྐུལ་གནང་ཡོད། ཐེངས་འདིའི་ཚོགས་འདུ་སྐབས་ཚོགས་པའི་འཛིན་སྐྱོང་དང་འབྲེལ་བའི་གྲོས་གཞི་སྣ་ཚོགས་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་འདུག

ཤེས་རིག་པར་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༥༡ པའི་ཐོག་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་དང་། ལྡི་ལི་བསམ་ཡས་གླིང་གི་ས་གནས་འགོ་འཛིན་རྡོ་རྗེ་ཚེ་རིང་ལགས། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བཅས་མཉམ་ཞུགས་གནང་ཡོད།།

སྔོན་མ།
བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་བཅུ་གཅིག་པ་བསྐོང་ཚོགས་གནང་བ།
ཕྱི་མ།
ཤེས་རིག་ལས་ཁུངས་ནས་དགེ་རྒན་རྣམས་ལ་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་ལ་སློབ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་བ།
Menu