ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་དགེ་རྒན་རྣམས་ལ་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་ལ་སློབ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༡ ཚེས་ ༢༦ ནས་ཟླ་བ་ ༠༢ ཚེས་ ༡༧ བར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་གཞི་རྩའི་ཤེས་ཡོན་སྲིད་བྱུས་དགོངས་དོན་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྣམས་སྤྱིར་བཏང་སློབ་གྲྭ་ཁག་གི་ཤེས་ཡོན་ཁོར་ཡུག་ཏུ་འཚུད་ཐབས་དང་དེ་དོན་སློབ་ཁྲིད་གནང་ཕྱོགས་སྐོར་གྱི་དྲྭ་ཐོག་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད།

དེ་ཡང་ཐེངས་འདིའི་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི་དགེ་རྒན་རྣམས་ནས་རྒྱབ་ལྗོངས་དང་ཤེས་ཚད་འདྲ་མིན་ཡོད་པའི་སློབ་ཕྲུག་རྣམས་ལ་སློབ་ཁྲིད་གནང་ཐབས་ཀྱི་རྩལ་ཡར་རྒྱས་གཏང་རྒྱུ་ཡིན་པ་དང་། སྐབས་དེར་ཚོར་བ་སྐྱེན་པའི་བྱིས་པ་ (Sensable Child) ཞེས་པའི་ཚོགས་པའི་ངེས་སྟོན་པ་ཤིབ་ར་གུབ་ཏ་ལགས་ཀྱིས་སློབ་སྟོན་གནང་ཡོད་པ་བཅས།།

སྔོན་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཤེས་རིག་པར་ཁང་གི་འགན་འཛིན་ལྷན་ཚོགས་ཐེངས་ ༥༡ བསྐོང་ཚོགས་གནང་བ།
ཕྱི་མ།
ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་སུམ་ཅུ་སོ་དྲུག་པ་ལེགས་གྲུབ་ཟིན་པ།
Menu