ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ཀྱིས་འཛིན་རིམ་བརྒྱད་པའི་རྩིས་རིག་སྦྱོང་དེབ་ཀྱི་གཏན་འབེབས་ཚོགས་འདུ་བསྐོང་ཚོགས་གནང་བ།

གསར་འཕྲིན།

༄༅། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས༌ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༤ ཟླ་  ཚེས་ ༡༠ དང་ ༡༡ བཅས་ཉིན་གཉིས་རིང་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་ནང་དུ། བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་གཏན་འབེབས་བྱུང་བའི་གཞི་རིམ་བར་མའི་བསླབ་གཞིའི་རྩ་འཛིན་ལྟར་རྩོམ་སྒྱུར་ཞུས་པའི་གཞི་རིམ་བར་མའི་འཛིན་རིམ་བརྒྱད་པའི་རྩིས་རིག་སྦྱོང་དེབ་གཏན་འབེབས་ཚོགས་འདུ་ཚོགས་ཡོད།

ཐེངས་འདིའི་ཚོགས་འདུའི་གཏན་འབེབས་ཚོགས་ཆུང་གི་ཚོགས་མི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་སློབ་དེབ་ཚན་པའི་འགན་འཁུར་བ་དྲུང་གཞོནདགེ་འདུན་དོན་ཡོད་ལགས་དང་། ཨང་རྩིས་སློབ་དེབ་རྩོམ་སྒྲིག་པ་བསྟན་འཛིན་ཚེ་འཕེལ་ལགས། དྷ་ས་བོད་ཁྱིམ་སློབ་ཁག་གི་ཨང་རྩིས་རྒྱུས་སྟོན་པ་རྒན་བསོད་ནམས་རྒྱལ་པོ་ལགས། སིམ་ལ་སམ་བྷོ་ཊ་གཏན་སློབ་ཀྱི་སློབ་སྤྱི་ལས་ཚབ་བམ་གཞི་རིམ་གོང་མའི་རྩིས་དགེ་ཟུར་པ་པདྨ་རྒྱལ་མཚན་ལགས། བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་བསྟན་འཛིན་དཔལ་ལགས་བཅས་ལྷན་འཛོམས་ཀྱིས་གཞི་རིམ་བར་མའི་འཛིན་རིམ་བརྒྱད་པའི་རྩིས་རིག་སྦྱོང་དེབ་རགས་ཟིན་ལ་གོ་བསྡུར་སྦྱངས་བཤད་ཞུས་ཏེ།  སྣོན་འཕྲི་ཅི་དགོས་ཀྱིས་སྦྱོང་དེབགཏན་འབེབས་གནང་ཐུབ་པ་བྱུང་ཡོད།

སྦྱོང་དེབ་འདི་ཕྱི་ལོ་ ༢༠༢༤ ཟླ་ ༢ པའི་ནང་པར་སྐྲུན་ཞུ་རྗེས། བོད་སློབ་ཁག་ལ་རིན་མེད་འགྲེམས་སྤེལ་ཞུ་རྒྱུ་ཡིན། ཐེངས་འདིའི་ཚོགས་འདུ་ལ་ཌེ་ན་ཌ་རོགས་ཚོགས་ཀྱིས་མཐུན་འགྱུར་རོགས་རམ་གནང་ཡོད་པ་བཅས།།

སྔོན་མ།
ཤེས་ཡོན་སྲིད་བྱུས་ཀྱི་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ་བ།
ཕྱི་མ།
སྲི་ཞུའི་ལས་བྱེད་གསར་འདེམས་གསལ་བསྒྲགས།
Menu