ཟླ་རེའི་གསར་འགྱུར།

སྲི་ཞུའི་ལས་བྱེད་གསར་འདེམས་གསལ་བསྒྲགས།

གསར་འཕྲིན།, གསལ་བསྒྲགས།

༄༅། །དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཆེད་འབྱུང་རིག་སྡེ་ཚན་གྱི་ཤེས་ཡོན་འགན་འཛིན། (Education Officer for Humanities) ཁྱད་ལས་པ་དྲུང་གཞོན་ལས་རོགས་ས་མིག་ ༡ ༼གཅིག༽ གསར་འདེམས་ཞུ་གཏན་འཁེལ་བས། གཤམ་གསལ་ཆ་རྐྱེན་ཚང་ཞིང་རང་རེའི་རྩ་དོན་ཐོག་སྲི་ཞུའི་ཞབས་འདེགས་ཞུ་བློ་ཡོད་རིགས་རྣམས་ནས་ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༡༥ ཕྱི་དྲོ་ཕྱག་ཚོད་ ༤ འགྱངས་མེད་དྲྭ་ཐོག་ (online) འཚང་སྙན་འགེངས་འབུལ་ཞུ་དགོས།

ཀ༽    ཁྱད་ལས་དྲུང་གཞོན་ལས་རོགས་ས་མིག་ ༡ ཆེད་དགོས་མཁོའི་ཆ་རྐྱེན་དགོས་པ་གཤམ་གསལ།

༡)       ཤེས་ཚད།        ཚད་ལྡན་མཐོ་སློབ་ཁང་ཞིག་ནས་འབྱུང་རིག་ཐོག་གཙུག་ལག་རབ་འབྱམས་ཐོན་པའི་ལག་འཁྱེར་ཡོད་པ།

(M. A. Degree & Marks Card)

༢)      ཉམས་མྱོང།       འབྱུང་རིག་དང་འབྲེལ་བའི་ཐོག་ལོ་གསུམ་རིང་ལས་ཀའི་ཉམས་མྱོང་དགོས་པ་དང་སློབ་ཁྲིད་ཀྱི་ཉམས་མྱོང་ཡོད་མཁན་ལ་དམིགས་བསལ་འདམ་ཀ་བཟང་བ་ཡོད།

༣)      ལོ་ཚད།          ཕྱི་ལོ་ ༢༠༢༤།༢།༡༥  ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་། རང་ལོ་ ༣༥ ལས་མ་བརྒལ་བ་དགོས།

༤)      དྭང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང། གཉིས་པ། འབུལ་འབབ་གཙང་ཕུལ་ཟིན་པའི་མཐའ་མའི་ངོ་བཤུས།

༥)      ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ (Birth Certificate) གྱི་ངོ་བཤུས།

༦)      བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་(Medical          Certificate)སྟེང་རང་ཉིད་ཀྱི་འདྲ་པར་ཁ་གསར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང། ས་རྟགས་འཁོད་པ་ངོ་མ།

༧)      འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་(Character Certificate) ངོ་མ།

༨༽     ཚོགས་སྐྱིད་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་དགག་བྱ་མེད་པའི་ངོས་སྦྱོར་ (No Objection Letter) ངེས་

པར་དགོས།

ཁ༽     རྒྱུགས་གཞི།      ངག་རྒྱུགས་ཚད་ལྡན་གྱི་ལམ་ནས་འདེམས་སྒྲུག་གནང་རྒྱུ།

ག༽     ལས་འགན།       འབྱུང་རིག་སྡེ་ཚན་གྱི་ཤེས་ཡོན་འགན་འཛིན། (Education Officer for Humanities)

  • སློབ་གྲྭ་ཁག་ཏུ་ཤེས་ཡོན་རྟོག་ཞིབ།
  • སྤྱི་ཚོགས་ཚན་རིག་དང་ཨིན་ཇི་སློབ་ཁྲིད་གནང་མཁན་དགེ་རྒན་རྣམས་ལ་སློབ་ཁྲིད་ལམ་སྟོན་དང་དགེ་རྒན་གྱི་ཆེད་ལས་ཡར་རྒྱས་གཏོང་རྒྱུ།
  • བྱིས་པའི་ཀློག་རྩལ་ཡང་རྒྱས་ཆེད་ལས་གཞི་སྤེལ་རྒྱུ།
  • འབྱུང་རིག་སྡེ་ཚན་གྱི་བསླབ་གཞི་དང་སློབ་དེབ་ལ་དུས་ནས་དུས་སུ་རྟོག་ཞིབ་དང་བསྐྱར་ཞིབ་ཆེད་ལམ་སྟོན་འབུལ་རྒྱུ།
  • འབྱུང་རིག་སྡེ་ཚན་དང་འབྲེལ་བའི་དགོས་ངེས་ཀྱི་མཐུན་རྐྱེན་ཐབས་འཚོལ་དང་སྦྱོར་སྤྲོད་ཞུ་རྒྱུ་སོགས།

འཚང་སྙན་འབུལ་མཁན་རྣམས་ནས་ tibet.net འམ་ dhemkolhenkhang.net དྲྭ་མཐུད་ནང་ཡོད་འཚང་སྙན་འགེངས་ཤོག་ཞིབ་བཀང་གིས་ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༡༥ ནང་ཚུན་དྲྭ་ཐོག་འབུལ་ལམ་ཞུ་དགོས། དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། དུས་ཐོག་འགེངས་ཤོག་འབྱོར་བ་ཆ་ཚང་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ། འོས་ཆོས་ཚང་བ་ཚོར་ཡིག་རྒྱུགས་གཏོང་སླད་སྐབས་མཚམས་འབོད་བརྡ་གཏོང་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༢༤ ཟླ་ ༡ ཚེས་ ༡༧ ལ།།

འགེངས་ཤོག་དྲྭ་མཐུད། ༼Online Application Form༽

https://forms.gle/PsjJRqzAYjYcyLK66

Contact address & email :

Secretary

Public Service Commission

Central Tibetan Administration

Gangchen Kyishong, Dharamsala-176215

Distt.Kangra(H.P)
E-mail:[email protected]

སྔོན་མ།
ཤེས་རིག་ལས་ཁུངས་ཀྱིས་འཛིན་རིམ་བརྒྱད་པའི་རྩིས་རིག་སྦྱོང་དེབ་ཀྱི་གཏན་འབེབས་ཚོགས་འདུ་བསྐོང་ཚོགས་གནང་བ།
ཕྱི་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་རྒྱ་གར་རྒྱལ་ཡོངས་འགོ་ཁྲིད་ཚོགས་འདུར་ཕེབས་ཞུགས་གནང་བ།
Menu