ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་ཟླ་གྲངས་གཅིག་རིང་སྔོན་འགྲོའི་དགེ་རྒན་རྣམས་ལ་ཟབ་སྦྱོང་གོ་སྒྲིག་གནང་བ།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་དྲ་ཐོག་བརྒྱུད་ཕྱི་ལོ་ ༢༠༢༢ ཟླ་བ་ ༡༡ ཚེས་ ༢༥ ནས་འགོ་བཙུགས་ཏེ་ཟླ་གྲངས་གཅིག་རིང་སྔོན་འགྲོའི་དགེ་རྒན་གྲངས་སུམ་ཅུ་ལ་སློབ་སྦྱོང་གི་དཀའ་ངལ་སེལ་ཐབས་སྐོར་ཟབ་སྦྱོང་གོ་སྒྲིག་གནང་ཡོད།

ཟབ་སྦྱོང་གི་དགོས་དམིགས་གཙོ་བོ་ནི། འཛིན་གྲྭར་སློབ་ཕྲུག་ཚོར་སློབ་སྦྱོང་གི་དཀའ་ངལ་འཕྲད་བཞིན་པ་སེལ་ཐབས་དང་། དེ་བཞིན་ཁོང་ཚོའི་ཤེས་བྱ་དང་སྒྱུ་རྩལ་མཐོར་འདེགས་གཏོང་ཆེད་ཡིན་ཞིང་། འབུམ་རམས་པ་ཤིལ་པཱ་ (Shilpa) ལགས་ཀྱིས་གཞི་རྩའི་སེམས་ཁམས་རིག་པའི་འགྲོ་སྟངས་དང་། དྲན་ཤེས། འབྲི་ཀློག་སོགས་ཀྱི་དཀའ་ངལ་སེལ་ཐབས་སྐོར་ཟབ་ཁྲིད་གནང་རྒྱུ་ཡིན་པ་མ་ཟད། དགེ་རྒན་ཕན་ཚུན་གོ་བསྡུར་དང་མཉམ་རུབ་ཀྱི་ལས་ཀ་སོགས་བྱེད་དུ་འཇུག་རྒྱུ་ཡིན་པ་དང་། ཟབ་སྦྱོང་གི་འགྲོ་གྲོན་སླད་ཨ་རིའི་རོགས་ཚོགས་ (PRM) ནས་མཐུན་འགྱུར་གནང་ཡོད་པ་བཅས།།

སྔོན་མ།
ཤེས་རིག་ལས་ཁུངས་ནས་ཁྱིམ་ཚང་ཨ་མ་རྣམས་ལ་བྱིས་པའི་ཀློག་རྩལ་དང་འབྲེལ་བའི་ཟབ་སྦྱོང་གནང་བ།
ཕྱི་མ།
ཤེས་རིག་དྲུང་ཆེ་དང་སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་གཉིས་ནས་རྒྱ་གར་དབུས་ཁུལ་གྱི་སློབ་གྲྭར་འཚམས་གཟིགས་གནང་བ།