ཟླ་རེའི་གསར་འགྱུར།

བཀའ་ཤག་སྐབས་བཅུ་དྲུག་པའི་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཤེས་རིག་བཀའ་བློན་གྱི་ཐུགས་འགན་བཞེས་གནང་བ།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༠ རེས་གཟའ་ལྷག་པ་ཉིན་གྱི་སྔ་དྲོ་རྡ་ས་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་མདུན་དུ་བཀའ་ཤག་སྐབས་བཅུ་དྲུག་པའི་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ལས་ཁུར་དང་གསང་རྒྱའི་དམ་བཅའ་ཕུལ་རྗེས་ཉིན་རྒྱབ་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་གྱི་ཐུགས་འགན་དངོས་སུ་བཞེས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་ཉིན་རྒྱབ་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་གཙོས་ཤེས་རིག་ལས་བྱེད་ཡོངས་ནས་བཀའ་བློན་མཆོག་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་གྲུབ་མཚམས་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་རྣམ་པས་བཀའ་བློན་མཆོག་ལ་འཚམས་འདྲིའི་ཁ་བཏགས་ཕུལ་གནང་བ་དང་། དེ་རྗེས་བཀའ་བློན་མཆོག་གིས་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་རྣམ་པ་ཚོར་ཁོང་རང་ཉིད་ལ་བོད་མིའི་སྤྱི་ཚོགས་སུ་སླར་ཡང་ཞབས་འདེགས་བསྒྲུབ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་བ་དང་། ལས་བྱེད་རྣམ་པར་བོད་མིའི་སྒྲིག་འཛུགས་ལ་ཞབས་འདེགས་ཞུ་རྒྱུའི་གོ་སྐབས་ཐོབ་པ་དེ་ཧ་ཅང་རྩ་ཆེན་པོ་ཡིན་པ། ཁྲིམས་དང་སྒྲིག་གཞི་གཞིར་བཟུང་ལས་བྱེད་ཚང་མས་མཉམ་རུབ་ཐོག་ཕྱག་ལས་གནང་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུངས་ཡོད།།

སྔོན་མ།
ས་གནས་འགོ་འཛིན་རྣམ་པར་ཤེས་རིག་བརྡ་ཆད་ཚན་པས་ཐ་སྙད་གོ་རྟོགས་སྤེལ་བ།
ཕྱི་མ།
དཔལ་ལྡན་སྲིད་སྐྱོང་མཆོག་དང་ཤེས་རིག་བཀའ་བློན་མཆོག་རྣམ་གཉིས་ཀྱིས་རྒྱ་གར་དབུས་གཞུང་གི་ཤེས་རིག་བློན་ཆེན་ལས་ཁུངས་ཀྱི་ཟུང་དྲུང་དང་མཇལ་འཕྲད་གནང་བ།
Menu