ཟླ་རེའི་གསར་འགྱུར།

དཔལ་ལྡན་སྲིད་སྐྱོང་མཆོག་དང་ཤེས་རིག་བཀའ་བློན་མཆོག་རྣམ་གཉིས་ཀྱིས་རྒྱ་གར་དབུས་གཞུང་གི་ཤེས་རིག་བློན་ཆེན་ལས་ཁུངས་ཀྱི་ཟུང་དྲུང་དང་མཇལ་འཕྲད་གནང་བ།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༢༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག་རྣམ་གཉིས་ཀྱིས་རྒྱ་གར་དབུས་གཞུང་གི་ཤེས་རིག་བློན་ཆེན་ལས་ཁུངས་ཀྱི་ཟུང་འབྲེལ་དྲུང་ཆེ་ལྕམ་སྐུ་ཅང་སཱན་ (L.S. Changsan) ལགས་དང་མཇལ་འཕྲད་གནང་ཡོད།

ལྕམ་ཅང་སཱན་ལགས་ནི་རྒྱ་གར་དབུས་གཞུང་གི་ཤེས་རིག་བློན་ཆེན་ལས་ཁུངས་ཀྱི་ཟུང་དྲུང་དང་། དབུས་བོད་སློབ་འཛིན་ཚོགས་ཀྱི་ཚོགས་གཙོ་གཅིག་ལྕོགས་ཡིན། ཚོགས་འདུར་ལྡི་ལི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལགས་དང་། ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། དེ་བཞིན་རྒྱ་གར་དབུས་གཞུང་གི་ཤེས་རིག་བློན་ཆེན་ལས་ཁུངས་ཀྱི་ཟུང་འབྲེལ་ངེས་སྟོན་པ་ཨེ་ཨེ་སི་རཱ་ཝཊ་ (A.S Rawat) ལགས་དང་། པྲྀ་ཏམ་སིངྒ་(T. Pritam Singh) ལགས། ཊི་ཨེ་སི་རཽ་ཏེ་ལ་ (T.S Rautela) ལགས་བཅས་མཉམ་ཞུགས་གནང་ཡོད།

ཆུ་ཚོད་གཅིག་ཙམ་གྱི་ཚོགས་འདུའི་ནང་དཔལ་ལྡན་སྲིད་སྐྱོང་མཆོག་དང་ཤེས་རིག་བཀའ་བློན་མཆོག་རྣམ་གཉིས་ཀྱིས་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ད་ལྟའི་གནས་སྟངས་དང་འབྲེལ་བའི་གནད་དོན་མང་དག་དང་། ལྷག་པར་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སློབ་གྲྭ་ལྷག་མ་དྲུག་འཛིན་སྐྱོང་སྟངས་འཛིན་དང་རྩིས་སྤྲོད་རྩིས་ལེན་ཐད་བཀའ་མོལ་གནང་ཡོད།

སྔོན་མ།
བཀའ་ཤག་སྐབས་བཅུ་དྲུག་པའི་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཤེས་རིག་བཀའ་བློན་གྱི་ཐུགས་འགན་བཞེས་གནང་བ།
ཕྱི་མ།
ཤེས་རིག་ལས་ཁུངས་ནས་སྔོན་འགྲོ་དང་འཛིན་རིམ་ལྔ་པའི་སློབ་ཕྲུག་གི་ཕ་མ་རྣམས་ལ་ཕྲུ་གུ་གསོ་སྐྱོང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་གོ་སྒྲིག་གནང་བ།
Menu