ཟླ་རེའི་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་གཟེངས་རྟགས་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢ ཉིན་བོད་གཞུང་མང་ཡོངས་ཀྱི་མང་གཙོའི་ཉིན་མོ་སྲུང་བརྩིའི་མཛད་སྒོ་དང་སྟབས་བསྟུན། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༠༢ ལོར་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་ལོ་ངོ་ ༣༦༠ འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་སྐབས། དམིགས་བསལ་ལས་འགུལ་མང་དག་སྤེལ་བའི་ཁོངས་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་༡༢ ཡིག་རྒྱུགས་ཆེན་མོའི་ནང་ཚན་རིག་དང་། སྒྱུ་རྩལ། ཚོང་རིག་བཅས་སློབ་ཚན་སྡེ་ཁག་སོ་སོའི་ནང་ནས་སྦྱང་འབྲས་རྩེ་ཕུད་སོན་པའི་སློབ་ཕྲུག་རེར་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་ཞེས་ལོ་ལྟར་གནང་རྒྱུ་འགོ་འཛུགས་ཞུས་ཡོད་པ་དང་། འདི་ལོ་བྱ་དགའ་གནང་ཐེངས་ ༡༢ དེ་ཆགས་ཡོད།
    གཟེངས་རྟགས་འདིའི་དམིགས་ཡུལ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཕྲེང་རིམ་བྱོན་གྱིས་དབུ་འཁྲིད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་བཀའ་དྲིན་རྗེས་དྲན་དང་། གཞན་ཡང་གཞི་རིམ་སློབ་གྲྭའི་སློབ་ཚན་སྡེ་ཁག་གསུམ་གྱི་ནང་གྲུབ་འབྲས་རྩེ་སོན་སློབ་ཕྲུག་གསུམ་ལ་ལེགས་གསོལ་གཟེངས་བསྟོད་ཕྱག་འཁྱེར་གནང་སྟེ། བོད་ཕྲུག་ཡོངས་ཀྱི་ཤེས་ཡོན་གོང་མཐོར་གཏོང་རྒྱུའི་སེམས་ཤུགས་སྤར་རྒྱུ་དང་མིག་དཔེ་བཟང་པོ་སྟོན་ཐབས་དེ་ཡིན་འདུག
    འདི་ལོ་ནས་བཟུང་བཀའ་ཤག་སྐབས་ ༡༤ པས་ལས་དོན་ཚང་མའི་ནང་ནས་ཤེས་ཡོན་གལ་ཆེ་བརྩིས་གནང་གི་ཡོད་བཞིན་མཐོ་རིམ་སློབ་ཡོན་སྤར་ཆ་གནང་བ་དང་འབྲེལ། དགའ་ལྡན་ཕོ་བྲང་གཟེངས་རྟགས་དེ་སློབ་ཚན་སྡེ་ཁག་གསུམ་གྱི་སློབ་མ་རྩེ་ཕུད་གསུམ་རེ་བྱས་ཏེ་སློབ་ཕྲུག ༩ སྤར་ཆ་གནང་བ་དང་དངུལ་གྱི་བྱ་དགའ་ཡང་སྒོར་ ༥༠༠༠ ནས་སྤར་ཆ་གནང་ནས་ཨང་དང་པོ་སྒོར་ ༢༠༠༠༠ དང་ཨང་རིམ་གཉིས་པར་སྒོར་ ༡༥༠༠༠ ཨང་རིམ་གསུམ་པར་ ༡༠༠༠༠ བར་སྤར་ཆ་གནང་ཡོད། འདི་ལོའི་གཟེངས་རྟགས་ཐེངས་ ༡༢ པ་དེ་བཞིན་ཕྱི་ལོ་ ༢༠༡༣ ནང་འཛིན་རིམ་ ༡༢ རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ནང་གྲུབ་འབྲས་རྩེ་ཕུད་སོན་པ་བཅུ་ལ་ལེགས་སྐྱེས་ཕྱག་འཁྱེར་དང་བྱ་དགའ་བཅས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གནང་ཡོད།

རྩེ་ཕུད་སློབ་མ་རྣམས་ཀྱི་ལོ་རྒྱུས་སྙིང་བསྡུས་ནི།

སློབ་ཚན་སྡེ་ཁག་གསུམ་པོ་ནས་ཨང་དང་པོ་ལོན་པའི་སློབ་ཕྲུག་རྣམས་གཤམ་གསལ།
ཀ༽ སྒྱུ་རྩལ་སློབ་ཚན་ཁོངས་ནས་མ་སུ་རི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཆོས་སྐྱིད་ལགས། བརྒྱ་ཆ་ ༩༥།༤ ཐོབ་ཡོད་པ་དང། ད་ལྟ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ལེ་ཌི་ཤི་རི་རཱམ་(Lady Sri Ram)མཐོ་སློབ་ཏུ་སློབ་སྦྱོང་གནང་བཞིན་ཡོད།
ཁ༽ ཚན་རིག་སློབ་ཚན་ཁོངས་ནས་སེ་ལ་ཀུ་བོད་ཁྱིམ་གྱི་སློབ་མ་འཕྲིན་ལས་ཚེ་རིང་བླ་མ་ལགས། བརྒྱ་ཆ་༩༢།༨ ཐོབ་ཡོད་པ་དང། ད་ལྟ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གུ་རུ་གྷོ་བྷིན་ཌ་སིངྒ་(Guru Gobind Singh)མཐོ་སློབ་ཏུ་སློབ་སྦྱོང་གནང་བཞིན་ཡོད།
ག༽ ཚོང་རིག་སློབ་ཚན་ཁོངས་ནས་མ་སུ་རི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་འཕྲིན་ལས་ལགས། བརྒྱ་ཆ་ ༩༠་༤ ཐོབ་ཡོད་པ་དང། ད་ལྟ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཤི་རི་རཱམ་ཀོ་ལི་ཇི་ཨོཕ་ཀོ་མར་སི་(Shri Ram college of Commerce) མཐོ་སློབ་ཏུ་སློབ་སྦྱོང་གནང་བཞིན་ཡོད།
སློབ་ཚན་སྡེ་ཁག་གསུམ་པོ་ནས་ཨང་གཉིས་པ་ལོན་པའི་སློབ་ཕྲུག་རྣམས་གཤམ་གསལ།
ཀ༽ སྒྱུ་རྩལ་སློབ་ཚན་ཁོངས་ནས་མ་སུ་རི་བོད་ཁྱིམ་གྱི་སློབ་མ་ཕུན་ཚོགས་དོན་གྲུབ་ལགས། བརྒྱ་ཆ་ ༩༢ ཐོབ་ཡོད་པ་དང། ད་ལྟ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཧིན་དྷུ་(Hindu College)མཐོ་སློབ་ཏུ་སློབ་སྦྱོང་གནང་བཞིན་ཡོད།
ཁ༽ ཚན་རིག་སློབ་ཚན་ཁོངས་ནས་སེ་ལ་ཁུ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཀུན་བཟང་ལགས། བརྒྱ་ཆ་ ༩༢་༦ ཐོབ་ཡོད་པ་དང། ད་ལྟ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མི་རན་ཌ་(Miranda House)མཐོ་སློབ་ཏུ་སློབ་སྦྱོང་གནང་བཞིན་ཡོད།
ག༽ ཚན་རིག་སློབ་ཚན་ཁོངས་ནས་མོན་གྷོ་གཏན་སློབ་ཀྱི་སློབ་མ་བསྟན་འཛིན་དབང་ཕྱུག་ལགས། བརྒྱ་ཆ་ ༩༢་༦ ཐོབ་ཡོད་པ་དང། བོད་སློབ་འཛིན་ཚོགས་ཁོངས་སྨན་པའི་ཟུར་བཅད་ཞབས་སྟེགས་ཁོངས་སུ་འདེམས་ཐོན་བྱུང་ཡོད།
ང༽ ཚོང་རིག་སློབ་ཚན་ཁོངས་ནས་སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་ཚེ་བརྟན་སྒྲོལ་མ་ལགས། བརྒྱ་ཆ་ ༨༧།༢ ཐོབ་ཡོད་པ་དང། ད་ལྟ་རྒྱ་གར་ལྷོ་ཕྱོགས་མ་དྷ་ར་སི་ཀི་རི་ཤན་(Madras Christian College)མཐོ་སློབ་ཏུ་སློབ་སྦྱོང་གནང་བཞིན་ཡོད།
སློབ་ཚན་སྡེ་ཁག་གསུམ་པོ་ནས་ཨང་གསུམ་པ་ལོན་པའི་སློབ་ཕྲུག་རྣམས་གཤམ་གསལ།
ཀ༽ སྒྱུ་རྩལ་སློབ་ཚན་ཁོངས་ནས་མ་སུ་རི་བོད་ཁྱིམ་གྱི་སློབ་མ་མགོན་པོ་བཀྲ་ཤིས་ལགས། བརྒྱ་ཆ་ ༨༩།༢ ཐོབ་ཡོད་པ་དང། ད་ལྟ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཧིན་དྷུ་(Hindu College)མཐོ་སློབ་ཏུ་སློབ་སྦྱོང་གནང་ཡོད།
ཁ༽ ཚན་རིག་སློབ་ཚན་ཁོངས་ནས་སེ་ལ་ཀུལ་བོད་ཁྱིམ་གྱི་སློབ་མ་ཚེ་རིང་སྒྲོལ་དཀར་ལགས། བརྒྱ་ཆ་ ༩༡ ཐོབ་ཡོད་པ་དང། ད་ལྟ་ལྡི་ལིའི་སེནཊ་སེ་ཊི་ཕིན་(St.Stephen College) མཐོ་སློབ་ཏུ་སློབ་སྦྱོང་གནང་བཞིན་ཡོད།
ག༽ ཚོང་རིག་སློབ་ཚན་ཁོངས་ནས་མ་སུ་བོད་ཁྱིམ་གྱི་སློབ་མ་སྐལ་བཟང་ལགས། བརྒྱ་ཆ་ ༨༤།༨ ཐོབ་ཡོད་པ་དང། ད་ལྟ་རྒྱ་གར་ལྷོ་ཕྱོགས་མ་དྷ་ར་སི་ཀི་རི་ཤན་(Madras Christian College)མཐོ་སློབ་ཏུ་སློབ་སྦྱོང་གནང་བཞིན་ཡོད་པ་བཅས་ལ་འདི་ལོའི་དགའ་ལྡན་ཕོ་བྲང་གི་གཟེངས་རྟགས་གནང་ཡོད་པ་བཅས།།

སྔོན་མ།
བོད་སློབ་ཁག་ཏུ་མདུན་ལམ་སློབ་སྟོན་པ་སྐོར་བསྐྱོད་ཀྱི་ལམ་སྟོན་གནང།
ཕྱི་མ།
མཐོ་སློབ་ཁག་གི་སློབ་ཕྲུག་རྣམས་ལ་མདུན་ལམ་སློབ་སྟོན་གནང་བ།
Menu