ཟླ་རེའི་གསར་འགྱུར།

རྩེ་ཕུད་ཡིག་གཟུགས་བྲིས་ཤོག་འགྲེམས་སྟོན།

༄༅། །ཕྱི་ལོ་༢༠༡༤ ཟླ་༥ ཚེས་༡ ཉིན་བལ་ཡུལ་དང་བྱང་ཤར་ཁུལ་གྱི་རིགས་ལམ་འདུ་འཛོམས་དང་སྟབས་བསྟུན་བསུ་ན་མདའ་སློབ་གྲྭ་རུ་རྩེ་ཕུད་ཡིག་གཟུགས་རྣམས་འགྲེམས་སྟོན་གནང་།
    དེ་ཡང་ཤེས་རིག་ལས་ཁུངས་ནས་ལོ་ལྟར་གཏན་ཉིན་སློབ་གྲྭ་ཁག་གི་འཛིན་རིམ་དང་པོ་ནས་བཅུ་གཉིས་བར་གྱི་སློབ་ཕྲུག་རྣམས་ལ་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཞིག་གོ་སྒྲིག་ཞུ་བཞིན་ཡོད་པ་ལྟར། འཛིན་རིམ་སོ་སོ་ནས་བོད་ཡིག་ཡིག་གཟུགས་རྩེ་ཕུད་གསུམ་རེ་འདེམས་བསྒྲུགས་ཀྱིས་བྱ་དགའ་གསོལ་སྩལ་དང་སྦྲགས་ཡིག་གཟུགས་རྩེ་ཕུད་ཀྱི་བྲིས་ཤོག་རྣམས་ལ་འགྱིག་ཤོག་གིས་འཐུམ་བརྒྱབ་སྟེ། སློབ་ཕྲུག་རྣམས་ལ་དོ་དབྱིངས་དང་སྤྲོ་བ་བརྟ་ཕྱིར་གཏན་ཉིན་སློབ་གྲྭ་ཁག་ཏུ་འགྲེམས་སྟོན་གོ་སྒྲིག་ཞུས་ཏེ། ལྷོ་ཁུལ་དང་རྡེ་ར་རྡུན། དྷ་ས་ཁུལ་གྱི་སློབ་གྲྭ་ཁག་གི་ནང་འགྲེམས་སྟོན་ཞུས་ཟིན་པ་དང༌། ད་ཆ་རིགས་ལམ་འདུ་འཛོམས་ཐེངས་བཞི་པ་བལ་ཡུལ་དང་བྱང་ཤར་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་དགུ་ལ་བསུ་ན་མདའ་གཞིས་ཆགས་སུ་གོ་སྒྲིག་ཞུ་བའི་ལས་དོན་དང་སྦྲགས། ཕྱི་ཚེས་ ༡ ཉིན་ཤེས་རིག་ཤེས་ཡོན་འགན་འཛིན་གཉིས་ནས་བསུ་ན་མདའ་ཉིན་སློབ་ཏུ་བོད་ཡིག་ཡིག་གཟུགས་རྩེ་ཕུད་བྲིས་ཤོག་ ༩༦ ཙམ་འགྲེམས་སྟོན་ཞུས། འགྲེམས་སྟོན་སྐབས་འཛིན་རིམ་དང་པོ་ནས་བཅུ་པ་བར་གྱི་སློབ་ཕྲུག་རྣམས་ནས་དོ་དབྱིངས་ཆེན་པོའི་ཐོག་ནས་ཡིག་གཟུགས་བྲིས་ཤོག་རྣམས་ལ་ལྟ་ཞིབ་གནང་བའི་བརྒྱུད་བློ་བསྐྱེད་གང་འཚམས་ཤིག་ཐོབ་ཡོད་པའི་རེ་བ་དང༌། དེ་རྗེས་རྡོར་གླིང་གཏན་སློབ་དང་ཀ་སྦུག་གཏན་སློབ་གཉིས་ཀྱི་རེག་ཊར་བརྒྱུད་རིགས་ལམ་འདུ་འཛོམས་ཐེངས་བཞི་པ་མཇུག་མ་བསྒྲིལ་གོང་དེ་ཁུལ་གྱི་སློབ་གྲྭ་ཁག་ནང་འགྲེམས་སྟོན་ཞུ་འཆར་ཡོད་པ་བཅས།
 

སྔོན་མ།
གཞི་རིམ་འོག་མའི་བོད་ཡིག་སློབ་དེབ་གཏན་འབེབས་ཚོགས་འདུ།
ཕྱི་མ།
འཛིན་རིམ་བཅུ་གཉིས་སློབ་ཐོན་པའི་མཐོ་སློབ་སློབ་འཇུག་གི་རྒྱུས་སྟོན་ཐེངས་བཅུ་པ་ཚོགས་པ།