ཟླ་རེའི་གསར་འགྱུར།

དགེ་སློབ་རྩོམ་འབྲིའི་ལས་རིམ་ཐེངས་དྲུག་པ་ལེགས་འགྲུབ་བྱུང་བ།

༄༅། །བོད་མིིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དགེ་སློབ་རྩོམ་འབྲིའི་ལས་རིམ་ཐེངས་དྲུག་པའམ། ཕྱི་ལོ་ ༢༠༢༣ ལོའི་དགེ་སློབ་རྩོམ་འབྲིའི་ལས་རིམ་དང་པོ་ལེགས་འགྲུབ་བྱུང་ཡོད།

དེ་ཡང་ཕྱི་ལོ་ ༢༠༢༠ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་སླད་མཐོ་སློབ་དང་སློབ་གྲྭ་ཁག་གི་དགེ་རྒན་རྣམས་ཀྱིས་རྩོམ་ཡིག་འབྲི་བའི་ལས་རིམ་སྤེལ་བ་དང་། དེ་ནས་བཟུང་དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་དང་། ཤེས་ཡོན་དང་ཉམས་མྱོང་བརྗེ་རེས། རྩོམ་ཡིག་འབྲི་རྩལ་ཡར་རྒྱས་ལ་སྐུལ་འདེབས་གཏོང་ཕྱིར་དང་། དེ་བཞིན་སློབ་ཕྲུག་རྣམས་ཀྱི་རྩོམ་ཡིག་འབྲི་རྩལ་ཡར་རྒྱས་གཏོང་བར་སྐུལ་ལྕག་ཐེབས་ཆེད་ལོ་གཅིག་ལ་རྩོམ་འབྲིའི་ལས་རིམ་ཐེངས་གཉིས་རེ་སྤེལ་བཞིན་ཡོད་པ་དང་། ཐེངས་འདི་རྩོམ་འབྲིའི་ལས་རིམ་ཐེངས་དྲུག་པ་དེ་ཆགས་ཡོད།

ཐེངས་འདིའི་རྩོམ་འབྲིའི་ལས་རིམ་ནང་དགེ་རྒན་གྱི་རྩོམ་ཡིག་ ༡༥ དང་། སློབ་ཕྲུག་གི་རྩོམ་ཡིག་ ༤༥ སྟེ། འཛིན་རིམ་གསུམ་པ་ནས་ལྔ་པ་བར་གྱི་རྩོམ་ཡིག་ ༡༥ དང་། འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་རྩོམ་ཡིག་ ༡༣། འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་གྱི་རྩོམ་ཡིག་ ༡༧  བཅས་ལེགས་གྲས་སུ་འདེམས་སྒྲུག་བྱེད་འཆར་ཡོད་པ་ལྟར། དགེ་རྒན་ ༡༡ ནས་མཉམ་ཞུགས་གནང་ཡོད་པ་དང་། དེ་བཞིན་འཛིན་རིམ་ ༣-༥ བར་སློབ་ཕྲུག་ ༨༡ དང་། འཛིན་རིམ་ ༦ – ༨ བར་སློབ་ཕྲུག་ ༤༠། འཛིན་རིམ་ ༩-༡༢ བར་སློབ་ཕྲུག་ ༦༢ བཅས་ཁྱོན་བསྡོམས་སློབ་ཕྲུག་ ༡༨༣ ནས་མཉམ་ཞུགས་གནང་ཡོད་པ་ལས། གོང་གསལ་ལྟར་ལེགས་གྲས་རྣམས་འདེམས་སྒྲུག་ཟིན་ཡོད། འདེམས་ཐོན་བྱུང་བ་རྣམས་ལ་སྟོང་མིན་ཙམ་གྱི་རྩོམ་ཡོན་དང་། ངོས་འཛིན་ཕྱག་ཁྱེར་རེ་ཕུལ་སྟེ། རྩོམ་ཡིག་རྣམས་རྒྱུན་དུ་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་སློབ་སྦྱོང་གི་དྲྭ་ཚིགས་སུ་འགོད་སྤེལ་བྱེད་བཞིན་ཡོད།

འཛིན་རིམ་གསུམ་པ་ནས་ལྔ་པ་བར་གྱི་རྩོམ་ཡིག
འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་རྩོམ་ཡིག
འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་གྱི་རྩོམ་ཡིག

ལས་རིམ་འདི་སྤེལ་དགོས་དོན་ནི་ཤེས་རིག་ཚོགས་ཆེན་དང་། བོད་རིགས་དགེ་རྒན་ཚོགས་འདུ་སྐབས་དགེ་རྒན་རྣམས་ཀྱིས་བསམ་ཚུལ་དང་རྩོམ་ཡིག་སྤེལ་སའི་གླེང་སྟེགས་དགོས་པའི་དགོངས་ཚུལ་ཡང་ཡང་གསུང་གི་ཡོད་པ་ལྟར། དགོངས་ཚུལ་སྒྲུབ་ཕྱིར་ཤེས་རིག་དུས་དེབ་འདོན་སྤེལ་ཞུས་པ་དང་། ད་ལྟ་དུས་དང་བསྟུན་ཏེ་དྲྭ་ཐོག་ཏུ་འགོད་པའི་རྩོམ་འབྲིའི་ལས་རིམ་འདི་སྤེལ་གྱི་ཡོད། ལས་རིམ་འདི་ཚགས་ཚུད་དང་རང་ཉིད་ཡར་རྒྱས་སུ་གཏོང་བར་མུ་མཐུད་ནས་ཆ་ཤས་ལེན་རྒྱུ་གལ་ཆེན་པོ་ཡིན་སྟབས། དགེ་རྒན་གང་མང་མཉམ་ཞུགས་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན།

ལས་རིམ་འདིའི་འགྲོ་གྲོན་ཡོངས་རྫོགས་ཌེ་ན་ཌ་རོགས་ཚོགས་ནས་མཐུན་འགྱུར་གནང་བཞིན་པ་བཅས།

འདས་པའི་ལོ་གསུམ་ནང་རྩོམ་འབྲིའི་ལས་རིམ་ནང་དགེ་རྒན་དང་། སློབ་ཕྲུག སློབ་སྡེ་ཁག་ནས་ཆ་ཤས་བླངས་པ་ཐིག་རིས་སུ་བཀོད་པ།

འཛིན་རིམ་གསུམ་པ་ནས་ལྔ་པ་བར་གྱི་རྩོམ་ཡིག
སློབ་ཕྲུག་སྤྱི་ཡོངས་མཉམ་ཞུགས་ཀྱི་གནས་སྟངས།
སློབ་སྡེ་ཁག་གི་སློབ་ཕྲུག་མཉམ་ཞུགས་ཀྱི་གནས་སྟངས།
སྔོན་མ།
ཁྱད་འབྱེད་སློབ་ཁྲིད་དང་ཕོ་མོར་གཞིགས་པའི་སློབ་ཁྲིད་ཀྱི་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ་བ།
ཕྱི་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་གཟིགས་སྐོར་ལ་ཕེབས་པ།