ཟླ་རེའི་གསར་འགྱུར།

ཕྱི་ལོ་ ༢༠༢༤ ལོའི་བོད་མིའི་ཆེད་ལས་སློབ་ཡོན་གསལ་བསྒྲགས།

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་། བོད་ཀྱི་ཐེབས་རྩ་ཐུན་མོང་ནས་གསལ་བསྒྲགས་ཞུ་རྒྱུར། འདི་ལོར་བོད་མིའི་ཆེད་ལས་སློབ་ཡོན་འདི་བཞིན་གཙུག་ལག་རབ་འབྱམས་པའི་སློབ་ཕྲུག་ལྔ་ལ་སློབ་ཡོན་གནང་རྒྱུ་དང་། སློབ་ཡོན་འདི་ཤེས་རིག་ལས་ཁུངས་བརྒྱུད་བོད་ཀྱི་ཐེབས་རྩ་ནས་གནང་རྒྱུ། སློབ་ཡོན་ལས་འཆར་འདིའི་དམིགས་ཡུལ་གཙོ་བོ་ནི། རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་བོད་མིའི་སློབ་ཕྲུག་རྩེ་ཕུད་རྣམས་རང་ཉིད་ཀྱི་འདོད་མོས་ཆེ་བའི་ཆེད་ལས་སློབ་སྦྱོང་བྱ་རྒྱུའི་རོགས་སྐྱོར་ཆེད་དུ་ཡིན།

སྔོན་མ།
ཕྱི་ལོ་ ༢༠༢༤ ལོའི་སློབ་ཐོན་འབུམ་རམས་པར་ཆེ་བསྟོད་གསལ་བསྒྲགས།
Menu