ཟླ་རེའི་གསར་འགྱུར།

ལྡི་ལི་ཤེས་དཔར་དབུས་ལས་ཁུངས་སུ་ལས་བྱེད་གསར་འདེམས་གསལ་བསྒྲགས།

༄༅། །ལྡི་ལི་ཤེས་དཔར་དབུས་ལས་ཁུངས་སུ་དོས་གཉེར་ལས་རོགས་གཅིག་གསར་འདེམས་གནང་རྒྱུ་ཡིན་པས། གམ་གསལ་ཆ་རྐྱེན་ཚང་ཞིང་ཚོགས་པར་ཞབས་འདེགས་ཞུ་བློ་ཡོད་རིགས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༠༤ ཕྱི་དྲོ་ཕྱག་ཚོད་ ༥།༠༠ འགྱངས་མེད་སྙན་འབུལ་དགོས་རྒྱུ། སྙན་འབུལ་ནང་སོ་སོའི་སྡོད་གནས་ཁ་བྱང་དང་། ལག་ཐོགས་ཁ་པར་ཨང་།  གློག་འཕྲིན་ཁ་བྱང་ (Email ID) བཅས་ཁ་གསལ་འགོད་དགོས། དུས་བཀག་རྗེས་འཚང་སྙན་འབྱོར་རིགས་རྩིས་མེད་གཏོང་རྒྱུ། འོས་ཆོས་ཚང་རིགས་ལ་བོད་ཡིག་འབྲི་རྒྱུགས་དང་ངག་རྒྱུགས་ལེན་རྒྱུ་ཡིན། དུས་ཚོད་སྐབས་མཚམས་འབྲེལ་བ་གནང་རྒྱུ་ཡིན།

དགོས་མཁོའི་ཆ་རྐྱེན་གཤམ་གསལ།

༡། ཚད་ལྡན་སློབ་གྲྭ་ཞིག་ནས་ཉུང་མཐར་འཛིན་གྲྭ་བཅུ་གཉིས་ཐོན་པ་དང་དེ་ཡན་ཡོད་ན་འགྲིགས་རྒྱུ། ལག་འཁྱེར་གྱི་ངོ་བཤུས།

༢། ལོ་ཚད། ཕྱི་ལོ་ ༢༠༢༥།༦།༠༤ ཉིན་རང་ལོ་ ༡༨ ནས་ ༤༠ མ་བརྒལ་བ་དགོས། སྐྱེས་ལོ་སྐྱེས་ཚེས་ཀྱི་ངོ་བཤུས་ ( Birth Certificate) དགོས།

༣། ཕྱི་ལོ་༢༠༢༥།༦།༠༤ བར་དཔྱ་དངུལ་འབུལ་ཟིན་པ་དང་ལག་དེབ་ཀྱི་ཤོག་གྲངས་དང་གཉིས་ཀྱི་ངོ་བཤུས།

༤། དབུས་བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་སྨན་ཁང་ཡོད་ན་དང། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་མེད་པ།  གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ལག་འཁྱེར་ངོ་མ་འབུལ་རྒྱུ།

༥། རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཉེས་སྐྱོན་མེད་པའི་ངོས་སྦྱོར་ (Character Certificate) ངོ་མ།

༦། ལས་ཀ་བྱེད་བཞིན་པ་ཡིན་ན་ལས་ཡུལ་ནས་དགག་བྱ་མེད་པའི་ངོས་སྦྱོར་ (NOC) དགོས་རྒྱུ།

༧། འདེམས་སྒྲུག་བསྐོ་གཞག་བྱུང་ཚེ་ཤེས་དཔར་སྒྲིག་གཞི་ལྟར་ཉུང་མཐར་ལོ་ ༥ ཞབས་ཞུ་དགོས་རྒྱུ།

གསོལ་ཕོགས་དང་མཐུན་རྐྱེན།

དོ་བདག་ལ་ཕོགས་རིམ་དགུ་པའི་གླ་ཕོགས་ཟླ་རེར་སྒོར།  ༢༥,༤༧༥།༠༠  དང་་ལས་ཤག་གོ་སྒྲིག་ཡོད། ཟླ་དྲུག་ཚོད་ལྟ་རྫོགས་མཚམས་ཤེས་དཔར་སྒྲིག་གཞི་ལྟར་འོས་འཚམས་ཡོད་ཚེ་ལས་བྱེད་ངོ་མར་བསྐོ་བཞག་གནང་རྒྱུ། གཞན་མཐུན་རྐྱེན་ཁག་སྤྱི་མཚུངས་ལྟར་འཐོབ་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ།  ལྡི་ལི་ཤེས་རིག་དཔར་ཁང་དབུས་ལས་ཁུངས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༠༥ ཚེས་ ༡༨ ལ།།

འཚང་སྙན་འབུལ་ཡུལ།

The Director
Sherig Parkhang Trust
R-27 & 28, Ramesh Park, Laxmi Nagar, Delhi – 110092
Tel: +91-11-22455634, Mobile/WhatsApp: +91-7701996481
E-mail- [email protected]


སྔོན་མ།
ཤེས་རིག་ལས་ཁུངས་ནས་བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོ་དང་དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྦྱོང་བརྡར་གྱི་ཟབ་སྦྱོང་གནང་བ།