ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་བྱིས་པའི་འགུལ་བརྙན་གཉིས་འགྲེམས་སྤེལ་གནང་རྒྱུ།

༄༅། །འདི་ག་ཤེས་རིག་ལས་ཁུངས་ནས་གསར་བཟོ་ཞུས་པའི་བསྟན་འཛིན་གྱི་འཛམ་གླིང་ཞེས་པའི་ཕྱོགས་ཚད་གསུམ་ལྡན་གྱི་བྱིས་པའི་འགུལ་བརྙན་ཁོངས་ལེའུ་དྲུག་པ་<<ས་ག་ཟླ་བ།>>དང་། ཕྱོགས་ཚད་གཉིས་ལྡན་གྱི་བྱིས་པའི་གླུ་གཞས་འགུལ་བརྙན་༸གོང་ས་མཆོག་དང་ཁོང་གི་ནང་མི་ཞེས་པ་འདི་ལས་ཀྱི་བོད་ཡིག་སློབ་སྦྱོང་དྲྭ་ཚིགས་དང་། ཡུ་ཊུབ་དྲྭ་བའི་ནང་བོད་ཟླ་བཞི་པའི་ཚེས་ ༣༠ དང་། བོད་ཟླ་ ༥ ཚེས་ ༥ ཉིན་ཤར་གཏོང་གནང་རྒྱུ་ཡིན་པས། གོང་གསལ་དྲྭ་ཐག་བརྒྱུད་གཟིགས་རྒྱུ་ཡོད་པས་མ་འོངས་བོད་ཀྱི་སོན་རྩ་རྣམས་དང་རང་རིགས་ཕ་མ་རྣམ་པས་དགྱེས་གཟིགས་ཡོང་བ་ཞུ།

སྤྱིར་འགུལ་བརྙན་རིགས་ནི་ཕྲུ་གུ་རྒན་གཞོན་ཚང་མ་དང་། ལྷག་པར་བྱིས་པའི་ཆུང་ཆུང་ཚོའི་སྐད་ཡིག་གོང་འཕེལ་དང་། རིག་གཞུང་ངོ་སྤྲོད། ལུས་སེམས་བདེ་སྐྱིད། བཟང་སྤྱོད་ཀྱི་བསླབ་བྱ། ཚན་རྩིས་ངོ་སྤྲོད། གཞས་དང་རོལ་མོའི་སྒྱུ་རྩལ་སོགས་བརྒྱུད་སྤེལ་སོགས་ལ་ཕན་ནུས་ཆེན་པོ་ཡོད་པ་དང་། ཚང་མས་མཁྱེན་གསལ་བཞིན་དེང་གི་ཆར་འགུལ་བརྙན་ནི་སློབ་ཁྲིད་རིག་པའི་ཐབས་ལམ་གལ་ཆེའི་གྲས་སུ་བརྩི་བཞིན་པ་མ་ཟད། དུས་དང་འཚམ་པའི་བྱིས་པའི་རྣམ་རིག་གི་སྒོ་མོ་འབྱེད་པའི་རྣམ་པ་གསར་པའི་སློབ་གསོའི་ཁ་ཕྱོགས་ཤིག་ཡིན་པར་བརྟེན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ལོ་ནས་བཟུང་ཕྱོགས་ཚད་གསུམ་ལྡན་དང་གཉིས་ལྡན་གྱི་བྱིས་པའི་འགུལ་བརྙན་བཟོ་སྐྲུན་གྱི་ལས་གཞི་དབུ་འཛུགས་ཀྱིས་བོད་པའི་བྱིས་པའི་རྣམས་ཀྱི་ཆེད་དུ་འགུལ་བརྙན་རིགས་གང་ཐུབ་བཟོ་ཐབས་ཞུ་ཡི་ཡོད།

གོང་གསལ་བྱིས་པའི་འགུལ་བརྙན་གྱི་ལས་འཆར་ཐོག་སུད་སི་སྐུ་ཚབ་དོན་གཅོད་བརྒྱུད་སུད་སི་དང་ལིག་ཏེན་སེཊཡན་བོད་རིགས་མི་མང་དང་། བྱང་ཨ་རི་སྐུ་ཚབ་དོན་གཅོད་ལས་ཁུངས་བརྒྱུད་བྱང་ཨ་རིའི་ཁྱབ་ཁོངས་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གཅིག་ནས་མཐུན་འགྱུར་གནང་ཡིན་པ་བཅས།།


སྔོན་མ།
༄༅། །ཕྱི་ལོ་ ༢༠༢༥ ལོའི་ཡིག་འགྲུལ་གྱི་ལམ་ནས་མཐོ་རིམ་སློབ་ཡོན་གསལ་བསྒྲགས།