ཧ་ཡི་སྡེ་ཚན།
ཧལ། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། དབུགས་འབྱིན་རྔུབ་རྩུབ་པའི་དོན། ཁྱི་ཚ་བས་གདུང་བས་ཧལ་ལ་རུ་འཛེགས་དུས་དབུགས་ཧལ་ལྟ་བུའོ།།
ཧྲིངས། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། གྱོང་པོར་སོང་བའི་དོན། ལུས་ཧྲིངས་པ། ཧྲང་པ་དང་ཧྲིངས་པ་འདྲ།
ལྷགས་པ། (གཟུགས་མི་འགྱུར་བ།)
བྱེད་མེད། སླེབས་པའི་དོན། བཅོམ་ལྡན་འདས་ཀྱི་དྲུང་དུ་ལྷགས་ནས། རང་གནས་སུ་ལྷགས། རླུང་ལྷགས་ལྟ་བུའོ།།
ལྷོད། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། བག་ཕེབས་པའི་དོན། སེམས་ལྷོད། ལྷོད་ལྷོད། གློད་དེ་ལྷོད་ལྟ་བུའོ།།
ལྷོན། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། སོན་པའི་དོན། གཏམ་རྣ་བར་ལྷོན། ལྷོང་པ་དང་འདྲ། རྐྱེན་ངན་ལམ་ལྷོང་ལྟ་བུ་ཡིན།
༡) ལྷུངས། ༢) ལྷུང༌། ༣) ལྷུང༌། ༤) ལྷུངས།
བྱེད་མེད། འོག་ཏུ་ཟགས་པའི་དོན། ངན་སོང་དུ་ལྷུང༌། གཡང་ནས་ལྷུང་ལྟ་བུའོ།།
༡) ལྷོངས། ༢) ལྷོང༌། ༣) ལྷོང༌།
བྱེད་མེད། ལམ་ལྷོང་བྱུང་བའི་དོན། རྐྱེན་ངན་ལམ་དུ་ལྷོང་བཞིན། ཚོང་ལས་ལམ་ལྷོང༌། གཏམ་སྙན་རྣ་བར་ལྷོང༌། བྱ་བ་ལམ་ལྷོང༌། བྱུང་ནས་ལྟ་བུའོ།། རྫོགས་སོ།།