འབི་ལུང་བླ་མ་ངག་དབང་ཡོན་ཏན།
ཀ༽ ༄༅། །ན་མཿསམ་བྷོ་ཊ་ཡ། །དྲིན་ཅན་རྩ་བའི་བླ་མ་དང༌། །དབྱེར་མེད་ལྷག་པའི་ལྷར་བཏུད་ནས། །སྔོན་བྱུང་དག་ཡིག་ཐོར་བུའི་རིགས། །ཀུན་བཏུས་གསལ་པོར་འདིར་གཅིག་བྱ། །སྦྱོར་ཀློག་ཀློག་བྱེད་ཀློགས་ཤིག་དང༌། །ཀུན་མཁྱེན་ཤཱཀྱ་ཀརྨ་པ། །ཀ་དག་ཀློང་ཡངས་ཀློང་དུ་གྱུར། །ཐུགས་ཀ་སྟོན་ཀ་དཔྱིད་གཉིས་ཀ །ཡུངས་ཀར་ཐལ་ཀར་བེར་ཀས་བརྡུང༌། །ཀ་ཤི་ཀ་རས་ཤེལ་ཀ་ར། །ཉེན་སྟོད་གདུབ་པད་ཐན་འོད་ཀོར། །ཀུ་ཤུའི་ཀ་བ་ཀོ་བས་གཏུམ། །ཀ་ཏན་པདྨའི་ཀ་མ་ལ། །ནོར་གྱི་ཀ་ཅ་ཀ་པཱ་ལ། །ཀ་ལི་སྒོག་པའི་ཀེའུ་ཀུན་དོང༌། །ཀུནྡ་ཀུ་མུད་ཀེང་ཤུ་ཀ །ཀ་ར་བཱི་ར་ཀ་ཀོ་ལ། །གུར་གུམ་ནོར་བུ་ཀེ་ཏ་ཀ། །མཆོད་ཀོང་ཆུ་སྐྱར་ཀ་དམ་པ། །ཀེང་རུས་ཀླད་པ་ཨ་ཀྲད་ཟ། །གཞུའི་ཀྲད་ཀྲད་ཀོར་ཀུན་སློང་བཟང༌། །ཀ་རེ་ཀོར་རེའི་ཀོ་ལོང་སྤོངས། །པུ་ཤུའི་ལན་ཀན་མདོག་ཀ་རུ། །ཐོར་ཚུགས་དོ་ཀེར་ཐོད་ལེ་ཀོར། །མ་ལེའི་ཀོས་ཀོ་ཀོའུ་ཤི་ཀ། །ཤིང་ཀུན་ཨ་ཀྲོང་དར་ཡ་ཀན། །ཀ་པེད་ཀུ་བ་ཀིམ་པའི་འབྲས། །ཀ་ཏོ་ར་སྣོད་གཡའ་ཀྱི་མ། ཀེའུ་ཚང་ཀ་ཤ་རྩྭ་ཀུ་ཤ། །ལོ་ཀེག་གངས་རིའི་ཀེ་ལ་ཤ། །ཀི་ཀང་བུམ་པའི་ཀ་ལ་ཤ། །ཀར་ཀར་ཟུག་ལངས་བད་ཀན་ཆུའི། །ཀུ་ཡ་ཀན་འོག་རྩ་ཀྱལ་ཀྱལ། །ཀར་ཤ་པ་ཎ་ཀེ་ཀེ་རུ། །ཀུ་རེ་ཀྱལ་ཀ་འཐབ་ཀྲོལ་དང༌། །སྙད་འཚོལ་ཀླན་ཀ་ཕུང་ཀྲོལ་རྒྱུ། །ཀ་ལ་པིང་ཀ་ཀྲོང་ཀྲོང་ལྟ༑ ༑བྱིའུ་ཅོག་ཀ་ཀྱུར་ཀྱུར་སྒྲོག །ཀང་ཀ་ཀོག་གིས་ཀེར་རེ་ལངས། །ཀ་ལན་ཏ་ཀ་མགོ་ཀྱོག་ཀྱོག ཀྱེ་ཧོ་ཀྭ་ཡེ་ཀྱེ་མ་ཧུད། །རུས་ཀྲང་སྐྱིལ་ཀྲུང་ཀྲང་ངེ་བ། །ནན་ནན་ཀྲིག་ཀྲིག་ཀྲབ་ཀྲབ་འཁྲབ། །འཕར་བའི་ཀོ་བ་གན་ཀྱལ་ཉལ། །ལྕགས་ཀྱུའི་ཀྱོ་བ་ཞབས་ཀྱུ་བྲིས། །ཀུ་ཅོ་ཀླག་ཅོར་ཀྲོག་ཀྲོག་སྒྲ། །ཀྲིག་ཅར་རི་ཀླུངས་ཀླུང་རྟ་དར། །འདི་ཀོ་ཀོང་ཀོང་ཀྱོང་ཀྱོང་དབྱིབས། །ནགས་ཀླུང་ཆུ་ཀླུང་རྦ་དབའ་ཀློང༌། །གུག་ཀྱེད་ཀླད་ཀོར་ཀླད་ཀྱི་དོན། །ཀོང་ཡུལ་ཀླ་ཀློ་ཀོང་རྣས་བརྒྱན། །ལྷ་ཀླུ་པགས་པ་ཀབ་ཀོབ་ཀླུབས། །འབྱམས་ཀླས་མཐའ་ཀླས་ཡུལ་ཡར་ཀླུངས། །ཀུ་ཧུ་ཁུ་བྱུག་ཀ་རྐྱང་ངོ༌། །
དཀར་ཆག་དཀོར་ནོར་སྤྱན་དཀྱུས་རིང༌། །དཀྱུས་མའི་དཀར་ཡོལ་ཆག་དཀྲུམ་དཀོན། །དཀོས་ཐག་མདོག་དཀར་ཞོ་དཀྲོགས་དཀྲུགས། །ཡི་དམ་དཀྲོང་བསྐྱེད་དཀྱིལ་འཁོར་དཀྱིལ། །རྒྱུག་སར་རྒྱུགས་པའི་དཀྱུ་སར་དཀྱུས། །གོས་དཀྲིས་དཀྲིགས་གྲངས་རོལ་མོ་དཀྲོལ། །ཉོན་མོངས་ཀུན་དཀྲིས་སྟ་ཟུར་དཀུ །རྙེད་དཀའ་དཀོན་མཆོག་དཀུ་མ་རྙོངས། །ཁའི་དཀན་སྤྲིན་དཀྲིགས་རི་གཟར་དཀན། ། ཁོང་ཡངས་དཀྱེལ་ཆེ་དྲི་མནམ་པའི། །དྲི་མ་དཀུ་སོགས་དས་འཕུལ་ཀའོ། །
བཀའ་འགྱུར་བཀླག་བྱ་བཀླགས་ཟིན་ཏོ། །བཀའ་མཆིད་ཤ་བཀྲ་གོས་ཀྱིས་བཀབ། །བཀོད་ལེགས་བདེར་བཀོད་བཀོད་པ་བཤད། །ཚུར་བཀུར་མགོ་བཀས་ལོགས་དམིགས་བཀར། །བསྙེན་བཀུར་བཀུར་སྟིས་གོང་དུ་བཀུར། །བཀའ་བཀྱོན་བརྒྱད་བཀག་འཁོན་དུ་བཀོན། །བལ་ཁྲལ་ཁལ་བཀལ་ཟུར་དུ་བཀོལ། །ཁ་བཀྲལ་ཁྲལ་བཀྲལ་འགྲེལ་པས་བཀྲལ། །བཅིངས་བཀྲོལ་དགོངས་པ་བཀྲལ་དང་བཀྲོལ།། བཀྲུ་བྱ་ཆུས་བཀྲུས་བཀའ་བསྒོ་བསྒོས། །བཀོད་མའི་ཆུ་བཀྲམ་བྲན་དུ་བཀོལ། །ནོར་མེད་བཀྲེན་པོ་ལྟོགས་པའི་བཀྲེས། །ལུས་བཀན་བཅིངས་བཀྱིགས་རྩ་བ་བཀོག །ངག་བཀྱལ་རྣམ་བཀྲ་བཀྲག་མདངས་ཅན། །མགོ་སྤུའི་མགོ་བཀད་ཐགས་ཀྱི་བཀད། །དཔེ་བཀོད་སྣོད་གཞུ་ཐུགས་དམ་བཀང༌། ། གཡོས་ཁང་བཀད་ས་བཀའ་བཏགས་ཁྲིམས། །གནང་བཀག་ལམ་བཀག་བཀའ་བློ་བདེ། །ཕོ་ཉ་སྟོན་མོ་འོད་སྤྲུལ་བཀྱེ། །བཀུམ་བྱ་སྲོག་བཀུམས་བཀྲོང་བྱ་བཀྲོངས། །སྨན་བཀུ་ཁུ་བ་འདོན་པའི་དོན། །ཁུ་བ་བཏོན་པ་བཀུས་ཏེ་བོར། །མཆི་མ་ཀུ་ནི་ངུ་བའི་མིང༌། །རྒྱལ་པོས་འདམས་འདམས་བཀྲབ་བཀྲབས་ཀྱིས། །བཀྲོས་ནས་འཁྲིད་པའི་བཀྲི་བྱ་བཀྲིས། །སྤ་བཀོང་བཀྲ་ཤིས་བས་འཕུལ་ཀའོ། །
རྐ་མགོར་ཆུར་རྐྱལ་གན་རྐྱལ་རྐ། །རྐུན་པོའི་འཕོངས་རྐུབ་ཁའི་ཡ་རྐན། །ས་རྐོ་རྐོས་ཤིག་རྐོ་བར་བྱེད། །རྐུ་བྱེད་ཆོམ་རྐུན་ཟངས་རྐྱན་རྐུ། །རྐུས་ཤིག་རྐྱལ་བའི་དངུལ་རྐྱང་པ། །རྐེད་པ་རྐང་པ་རྐྱོང་བྱེད་རྐྱོངས། །རི་དྭགས་རྐྱང་ལ་རྐོང་པའི་ནད། །རྒྱུ་རྐྱེན་རྐོན་པ་རར་བཏགས་ཀའོ། །
ལྐུགས་པའི་མགྲིན་པ་ལྐོག་མ་དང༌། །ཨོག་ཞོལ་ལྐོག་ཤལ་བྱ་བྱེད་ཀྱི། །ལྐོག་གྱུར་ལ་མགོ་ལྡན་པའི་ཀའོ། །
སྐར་མ་སྐྱ་རེངས་ཐ་སྐར་སྐག །ཁ་སྐོམ་སྐོམ་བཏུང་ཇ་སྐོལ་བྱེད། །སྐལ་ལྡན་སྐྱེས་བུ་སྐ་ཅོག་གཉིས། །སྐེད་པར་སྐུད་པའི་སྐ་རགས་བཅིངས། །ས་སྐྱོང་དཔོན་དུ་སྐོ་བྱེད་སྐོས། །དབང་འཕྲིན་འགན་ཁག་ཁུར་སྐུར་བྱེད། །འཛེག་སྐས་མར་སྐོགས་སྐམ་རེ་སྐན། །དགེ་སྐོས་མཐའ་སྐོར་སྐོར་བ་བྱེད། །ཨོག་སྐོར་སྐེ་ནས་སྐམ་པས་འཛིན། །སྐོང་བྱེད་ཁ་རེ་ཐུགས་དམ་སྐོངས། །སྐུ་གཟུགས་སྐྱེ་མཆེད་ཞལ་སྐྱིན་ལེགས། །ཆུ་སྐྱོར་སྐྱོར་བྱེད་སྐྱོས་མ་སྐྲོད། །སྐྲ་སྐྱེས་སྐལ་ཐོབ་སྣུམ་སྐུད་བྱེད། །འཇིགས་སྐྲག་སྐྱི་གཡའ་སྦ་བའི་སྐུངས། །སྐྱ་ག་ཆུ་སྐྱར་སྐྱུང་གའི་སྐད། །བྱ་རྒྱའི་བྱ་སྐོན་སྐུད་པོ་གཉེན། །ཚོད་མའི་སྐྱུ་རུམ་ཌ་རུ་སྐྲོག །སྐྱིལ་ཀྲུང་སྐྱིན་ཚབ་རྟའི་སྲབ་སྐྱོགས། །སྐུལ་བྱེད་སྐྱེལ་བྱེད་སྐྱེལ་མས་སྐྱོལ། །ཞལ་བའི་སྐྱང་ནུལ་རྒྱལ་གྱི་སྐུགས། །སྐྱི་དཀར་སྐྱ་བོ་སྐྱེར་ཁ་མདོག །ཇི་སྐད་སྐད་ཅིག་གྲུའི་སྐྱ་བ། །སྐྱི་བྱེད་སྐྱིས་ཤིག་དངུལ་སྐར་ལྔ། །སྐོན་བྱེད་གོས་སྐོན་རྟར་སྐྱོན་བྱེད། །མཐེབ་སྐྱུ་སྐྱུ་གང་རོ་སྒྱིད་སྐྱུར། །གསེར་སྐྱེམས་སྐྱོགས་གང་སྐྱེ་ཚེའི་འབྲུ། །སྐྱེང་བྱེད་ཁ་སྐྱེངས་མཐར་སྐྲོད་བྱེད། །སྐབས་སུ་སྐྱབས་འགྲོ་སྐྱོར་བྱང་བྱེད། །བདེ་སྐྱིད་སེམས་སྐྱོ་འགྲོ་སྐྱོད་བྱེད། །སྐྱ་བྱེད་སྐྱོས་ཤིག་རྒྱ་སྐྱེགས་ཚོས། །ཞོ་སྐྲོག་སྐྱོ་མའི་སྐྱག་པ་སྐྱུད། །བྲོ་སྐྲབ་ཤི་བའི་སྐྱས་ཆེན་འདེགས། །སྐྱོ་སྔོགས་སྐྱེས་བཟང་རྩིས་ཀྱི་སྐྱེག །བྱ་སྐྱིབས་སྐར་ཁུང་རྩིག་པའི་སྐྱ། །སྐྱ་རྦབ་སྐྱིགས་བུ་སྐྲན་གྱིས་སྐྲངས། །ཆོས་སྐྱོང་སྐྱོང་བྱེད་དྲིན་གྱིས་སྐྱོངས། ། ལོ་སྐག་སྐྱུ་རུ་སྐེམ་བྱེད་སྐོམས། །མགྱོགས་པའི་སྐྱེན་པ་རྒྱང་སྐྱུར་བྱེད། །འདབས་སྐྱོར་སྐྱུགས་པ་སྐྱོམ་བྱེད་སྐྱོམས། །སྐྱེ་ཤིང་སྐྱེར་པ་སྐྱེད་ཚལ་སྐྱེས། །སྐྱོབ་བྱེད་སྐྱོབས་ཤིག་སྐུམ་བྱེད་སྐུམས། །རི་སྐྱེགས་ཆུ་སྐྱེགས་སྐྱིད་འདི་བ། །སྐུར་འདེབས་བྱ་དཀའི་སྐོབས་སུ་ཚུད། །ཀོང་བུའི་སྐོན་བུ་སྐྲུན་སྐྱེད་བྱེད། །སྐྱོན་མེད་སྐྱིན་གོར་ད་བྱིད་མིང༌། །སྐྱོ་མ་སྔ་བཙན་ས་མགོའི་ཀའོ། །
བརྐུ་བྱ་ནོར་བརྐུས་བརྐམ་ཆགས་ཅན། །སྲ་བརྐྱང་གོས་སོགས་བརྐྱང་བྱ་བརྐྱངས། །བརྐོ་བྱ་ས་བརྐོས་བ་རའི་ཀའོ། །
བསྐྱེད་བྱའི་བསྐྲུན་བྱ་མཐར་བསྐྱལ་བྱ། །བསྐལ་པ་བསྐལ་དོན་ཡུལ་གྱི་བསྐལ། །ཐུགས་དམ་ཁ་སོགས་བསྐང་བྱ་བསྐངས། །རོ་བསྐ་བ་དང་གར་བའི་བསྐ། །དབང་འཕྲིན་འགན་ཁག་ཁུར་བསྐུར་བྱ། །བསྐུམ་བྱ་ལག་བསྐུམས་གོས་བསྐོན་བྱ། །བསྐམ་བྱ་ཆུ་བསྐམས་རྟར་བསྐྱོན་བྱ། །བསྐུང་བྱ་སར་བསྐུངས་འགྲོ་བསྐྱོད་བྱ། །བསྐུལ་བྱ་མི་བསྐྱོད་བསྐྱམ་བྱ་བསྐྱམས། །གཅོམ་བསྐྱུངས་ཁེངས་བསྐྱུངས་མཐའ་བསྐོར་བྱ། །བསྐྱི་བྱ་ནོར་བསྐྱིས་རྒྱང་བསྐྱུར་བྱ། །ཟས་བསྐྲུ་བསྐྱིལ་བྱའི་ཆུ་བསྐོལ་བྱ། །བསྐྱིན་པ་བསྐྱལ་བྱ་བརྗེད་པའི་བསྐྱུད། །སེམས་བསྐྱེད་དྲིན་གྱིས་བསྐྱང་བྱ་བསྐྱངས། །རྒྱར་བསྐྱེད་བྱུགས་པ་བསྐུ་བྱ་བསྐུས། །ཡང་བསྐྱར་དཔོན་དུ་བསྐོ་བྱ་བསྐོས། །བསྐྱུག་བྱའི་ཟས་བསྐྱུགས་བསྐྱབ་བྱ་བསྐྱབས།། མཐར་བསྐྲད་མགྲིན་བསྐྱོགས་བ་སའི་ཀའོ། །
ཁ༽ ཁྭ་ཏ་ཁྲུང་ཁྲུང་བྱ་ཁྲའི་ཁྱུ། །ཁྲི་ཁྲག་ཁྲག་ཁྲིག་སྐར་མ་ཁྲུམས། །ཁ་ཁྲམ་ཁམས་གསུམ་ཁྲག་གེ་ཁྲུགས། །ཁྲོ་བོ་ཁོན་འཛིན་འཛིན་ཁྲི་ཁྲོས། །གོ་ཁྲབ་ཁྲམ་ཤིང་ཁྲེས་པོ་ཁྱེར། །ཇ་ཁྲའི་བཞེས་ཁྲུང་ཁྱེར་བ་གང༌། །སྨན་ཁྲོག་འབྲུ་ཁྲེ་ཁྲམ་ཁྲམ་བཀྲམ། །ཁྱིས་ཁུར་ཁོང་ཁྲག་ཁྲག་ཁྲུག་དཀྲུགས། །ཁྲོམ་ཁྲོད་ཁྱོགས་ཀྱི་ཁྲི་ཁང་ཁྱིམ། །ཁྱམ་ར་ཁོ་ར་ཁོར་ཡུག་ཁྱོན། །ཁྲེལ་མེད་སྣ་ཁྲིད་ཁྲོན་ཆུ་ཁྲེམས། །ཚུལ་ཁྲིམས་ཁྲིས་འཇགས་ཁྲིམས་ཀྱི་ཁྲལ། །ཁྲོལ་ཚགས་སིལ་ཁྲོལ་ཁྲ་བོ་མདོག །ཁྱེ་བོའི་ཁེ་སང་ཁྱེམ་བུ་ཁྱེམ། །ཁྲོ་ཟངས་ཁྲུན་རིང་ཁྲོག་ཁྲོག་སྒྲ། །ཁམ་གང་ཁྲུ་གང་དཔྱད་ཁྲར་གསལ། །རི་ཁྲོད་དུར་ཁྲོད་ཁྲམ་པས་ཁེངས། །ཁྲམ་རྒྱག་ནང་ཁྲོལ་ཁྲུས་ཁུས་ཁྲུས། །ཁྲོ་གཉེར་ཁྲ་སྒོ་ཁ་རྐྱང་ངོ༌། །
མཁན་པོ་ཤེད་མཁྲེང་སྲ་མཁྲེགས་མཁར། །མཁྲིས་པ་ཆུ་མཁྲིས་མཁལ་གཤམ་ལུས། །མཁལ་ཞོའི་མཁྱུད་སྤྱད་མཁྱེན་མཁས་མཁོ། །ལྟོ་མཁན་མཁོས་ཕབ་སྔ་མཁོ་བཞིན། །ལག་པའི་མཁྲིག་མ་བསང་མཁན་པ། །མཁུར་ཚོས་མཁྱིད་གང་ཞུ་མཁན་ཚོས། །ནམ་མཁའ་དཔེ་མཁྱུད་མས་འཕུལ་ཁའོ། །
འཁར་རྒྱུག་འཁར་གསིལ་འཁར་རྔ་འཁྲོལ། །རྒས་འཁོགས་འཁོས་ཆུང་རྐང་འཁུམ་འཁྱོག ། སེམས་འཁྲུགས་འཁྲིས་སུ་སྣུམ་འཁུར་ཟ། །བྲོས་པའི་འཁྱུ་འཁྱུས་དྲི་འཁྲུ་འཁྲུད། །འཁྲ་སར་འཁྲས་བསྡད་འཁོན་གྱི་རིགས། །འཁྱགས་ནས་སྦོས་འཁྲོགས་འཁྲུ་ནད་འཁྲུས། །ཡུལ་འཁྱར་མཐར་འཁྱོལ་ལས་ཐོག་འཁྱུར། །ཞེ་འཁོན་ཡོ་འཁྱོམས་འཐབ་འཁྲུག་འཁྲུགས། །ཐོས་པའི་འཁུམས་དང་བློ་བག་འཁུམས། །འཁྲོལ་ཞིང་འཁྱུད་ནས་འཁྲིག་པ་སྤྱོད། །ནོར་འཁྲུལ་ཕྱིར་འཁྱམས་འགན་འཁྲི་འཁྲིས། ། ཁྲལ་འཁྲེལ་ཁ་འཁྲེལ་འཁྲི་ཤིང་འཁྲུངས། །གཡོག་འཁུལ་གདུགས་འཁྱིར་ཆུ་འཁོལ་འཁྱིལ། །མཐའ་འཁོབ་བྲན་འཁོལ་ཁྱབ་པའི་འཁོབས། །བལ་འཁེལ་རེ་འཁང་སྡང་བའི་འཁུ། །བྲོ་འཁྲབ་སྤྲིན་འཁྲིགས་ན་བའི་འཁུན། །གློག་འཁྱུག་འོད་འཁྱིམས་འཁྲིད་འཁྱེར་འཁུར། །བཅིངས་འཁྱིག་འཁྲུན་ཐག་འཁྲི་བ་གཅོད། །མགོ་འཁོར་འཁོར་བར་ཞེན་པའི་འཁྲེན། །ལུས་འཁྱོར་ངག་འཁྱལ་བརྒྱལ་བའི་འཁམས། །བྲེད་འཁྲིམས་མཇུག་འཁྱོངས་གྲལ་ལ་འཁོད། །མི་ཐར་འཁར་བ་འས་འཕུལ་ཁའོ། །
ག༽ གྲྭ་པའི་ཆོས་གོས་གླེགས་བུའི་གྲྭ། །ཁྲག་རྭའི་གྭ་དོར་གཡག་གྭ་པ། །ཆོས་གྲྭར་དངོས་གྲུབ་གྲུ་ཆར་འབེབས། །སྙེ་མའི་གྲ་མ་རྩེ་མོའི་གྲ། །རལ་གུ་བེར་ཡིན་གྱོས་པོའི་གོས། །སྐར་གྲེ་གྲོ་བཞིན་མོན་ནམ་གྲུ། །གྲིམས་ལྷོད་གྲུམ་ལྤགས་རྟ་གྲོ་དམར། །གྲོགས་པོས་གྲོས་གླེང་གྲུང་ལ་གྲིམས། །བྱ་གླག་བྱ་གག་འབུ་གྲོག་མ། །གྲུམ་བུ་གླང་འཐབ་གློག་པས་གྲོངས། །གློ་བའི་གློ་ལང་གྲེ་བ་འཛེར། །གྲུམ་རྩེ་བཞུགས་གྲལ་འགྲོ་གྲོན་ཆེ། །གྲུ་ཁའི་གྲོག་རོང་གྲོའི་སྦང་གླུམ། །གྲུ་འཛིན་གྲིབ་ནག་བཙོག་གྲིབ་གྲོལ། །བློ་གྲོས་གྲགས་པ་ཆེ་ཟེར་གྲང༌། །སྤུ་གྲི་གྲོ་གས་གྲིལ་ཞེས་གྲག གྲུལ་བུམ་གྲིབ་གནོན་ཤིང་གྲ་མ། །གྲམ་སྟེང་ཡུལ་གྲོང་དབྱིབས་གྲུ་བཞི། །རིམ་གྲོའི་གྲབས་གཤོམ་ཕེབས་གྲ་གྲུབ། །མོན་ལུག་གླ་སྒང་མོན་སྲན་གྲེའུ། །གྲུབ་མཐའ་གྲུབ་ཐོབ་གྲངས་ཀའི་གྲས། །གས་གྲུམ་ཆག་གྲུགས་གྲུ་མོའི་ཚིགས། །གྲོ་མ་གྲང་མོས་གྲུལ་མི་ཐུབ། །ལྷུ་གྱར་གྱོང་གུད་གུན་བསབ་བྱ། །གྱ་གྱུ་གྱ་ཉེས་གྱི་ལིང་རྟ། །གེགས་མེད་འཇིམ་པའི་གྱོ་མོའི་གྱད། །གྱད་མིའི་གྱོད་གཞིར་ཡ་གྱལ་མེད། །ཕོ་གླང་གླང་ཤུས་གླགས་མི་རྙེད། །གླ་རྔན་ལན་གླན་ལྷན་པ་གླན། །གླང་ཆེན་གླེན་པ་གླིང་གར་གློད། །གླ་གོར་ཞོ་ཤ་ནམ་མཁའི་གློག གླ་བའི་གྲོད་པ་གླ་རྩིའི་གླུད། །འཛམ་གླིང་གླེགས་བམ་གླིང་བུའི་གླུ། །རྩིག་པའི་གློ་འབུར་ཞོགས་ཀྱི་གློ། །གློས་ཕབ་རྔོས་གླེབས་གཡལ་བའི་གླལ། །གློ་བུར་སྒོ་གླེགས་ག་རྐྱང་ངོ༌། །
དགྲ་བཅོམ་དགུང་བློན་གྲངས་དགུ་དགོས། །དགེ་ལེགས་མང་ཚིག་འདོད་སྐྱེ་དགུ། །ཟོང་དགྲམ་ལོགས་དགར་གོས་སོགས་དགབ། །བཅིངས་མདུད་དགོངས་དགྲོལ་དགག་སྒྲུབ་བྱེད། །རྒྱན་དགོད་བདེར་དགོད་ཡི་གེར་དགོད། །རི་དྭགས་དགོ་བ་གད་མོ་དགོད། །མཚན་དང་ནམ་མཁའ་ལོའི་མིང་དགུང༌། ། སྣོད་དགང་དགང་གཟར་དུམ་བུར་དགས། །དགེ་འདུན་ཉིན་དགུང་དགུང་ཚིགས་དགྱེས། །དགོན་དུང་ཅན་དུ་དགུན་ཀ་སྡོད། །ཚུར་དགུག་ཁལ་དགལ་རྩ་བ་དགོག །དགེ་བཤེས་ལྟག་དགྱེད་དབྱིབས་དགྱེ་དགུར། །དགོང་མོའི་དགུ་ཚིགས་དགེ་བསྙེན་དགའ། །དགེ་སློང་དགོན་པ་དས་འཕུལ་གའོ། །
བགྲེས་པོས་བགྲང་འཕྲེང་བགྲང་བྱ་བགྲངས། །མིག་བགྲད་བགྲོ་གླེང་བགྱི་བགྱིད་བགྱིས། ། གོས་བགོ་བགོས་ནས་གད་མོ་བགད། །གདོན་བགེགས་བགྲོད་ལམ་ལ་བགོར་བགགས། །བཀའ་བགྲོ་གསུང་བགྲོས་ཚོད་བགམ་བགམས། །དུས་བགྱངས་གོམ་པས་བགོམ་བྱ་བགོམས། །འབྲས་བགྲུས་ཆུ་རྙོག་བགྲུང་བྱ་བགྲུངས། །མངའ་མི་བགྲང་ནི་མཐུ་མི་བགྲང༌། །བགོ་བཤའ་བགོད་བྱེད་བགོ་བྱ་བགོས། །བགོ་སྐལ་ལ་སོགས་བས་འཕུལ་གའོ། །
མགར་བ་རྐང་མགྱོགས་མགྲོན་ཚན་མགོན། །ལུས་ཀྱི་མགོ་བོ་མགྲིན་མགུར་མགུལ། །མགལ་དུམ་མགལ་མེ་ཁའི་ཡ་མགལ། །མགྲོན་བུ་དགའ་མགུ་མས་འཕུལ་གའོ། །
འགྲོན་པོ་འགྲིམ་འགྲུལ་འགོ་མར་འགྲོ །འགའ་ཞིག་འགོལ་སར་འགོ་ནད་འགོས། །སྒོ་འགག་འགད་གཙང་བཀག་འགེགས་འགོག །ཚུར་འགུགས་མི་འགོང་འགལ་བའི་འགྲས། །འགོག་བདེན་སྐྱེ་འགག་གཡོ་འགུལ་མེད། །འགོད་པོ་ཁ་འགགས་སྲོག་འགུམ་འགྲོངས། །ཕྱེ་འགམས་གོས་འགེབ་བདེ་ལ་འགོད། །འོས་འགབ་འགབ་གཤམ་འགོམ་ཡུག་བཏང༌། །རྩིག་པའི་འགྲམ་གཞི་ཁའི་འགྲམ་པ།། ཟླ་འགྲིལ་མཉམ་འགྲོགས་ཀླད་འགེམས་འགས། །ཉེ་འགྲམ་ཚེམ་བུ་དགོངས་གཞུང་འགྲེལ། །འཕེལ་འགྲིབ་རིགས་འགྲེ་བཅིངས་མདུད་འགྲོལ། །ལྟོ་འགྲངས་ཞབས་འདྲེད་ནད་ཀྱི་འགྲམ། །རྟེན་འགྲེམ་ཐུར་འགྲིལ་ཉི་མ་འགྲིབ། །ཡར་འགྲེང་ལྷ་འགོ་བརྩོན་འགྲུས་འགྲུབ། །ཁ་འགྱེས་མདོག་འགྱུར་སྣོད་འགེངས་འགྱོངས། །འགྲན་ཟླ་འགྲེ་ལྡོག་འགན་ཁུར་འགེལ། །བགོས་འགྲེམ་འགྱེ་འགྱེད་འོག་འགྱུ་འགྱུས། །འགྲུལ་པའི་འགྱངས་འགོར་འགྱིང་འགྲོས་འགྲིག །སར་འགྱེལ་འདེགས་འགྱོགས་འགྱོད་པ་སྐྱེས། །འགྲུས་སྐྱོང་འགྲོང་འགེང་འས་འཕུལ་གའོ། །
རྒན་པོ་འཚང་རྒྱ་སངས་རྒྱས་རྒྱུ། །བྱིང་རྒོད་དམུ་རྒོད་ལུས་རྒུད་རྒས། །ཕོ་རྒོད་བྱ་རྒོད་རྟ་རྒོད་མ༑ ༑རྒྱུས་ཡོད་རྒྱབ་ལ་རྒྱག་བྱེད་རྒྱོབ། །རྒྱ་གར་རྒྱལ་པོ་རྒྱུ་མཚན་ཅན། །རྒྱང་རིང་ལྗོངས་རྒྱུ་ང་རྒྱལ་རྒྱགས། །རྒྱགས་ཕྱེའི་རྒྱ་རི་ཤ་རྒྱགས་པ། །རྒ་ཤི་རྒྱང་འཕེན་རྟ་རྒྱུག་རྒྱུགས། །སྨིག་རྒྱུའི་ཆུ་རྒྱུན་རྒྱ་ཆེར་རྒོལ། །རྒྱ་ཤུག་རྒུན་འབྲུམ་རྒྱ་མ་གང༌། །ཕས་རྒོལ་རྒྱ་བོ་ཕྱག་རྒྱར་རྒྱོ། །རྙི་རྒྱ་རྒྱུ་མ་རྒྱངས་ཤིང་རྒྱོངས། ། རྒྱུན་བུའི་རྒྱུས་པར་གཡུ་རྒྱུད་རྒྱུས། །རྒྱ་སྐྱེགས་རྒྱ་ཚོས་རྒྱུ་སྐར་རྒྱལ། །རྒྱུ་སྡེའི་རྒྱུགས་ལེན་ཇ་རྒྱུགས་ལེན། །ཤེས་རྒྱུད་འཕྲེང་རྒྱུད་ལུ་གུ་རྒྱུད། །གཏམ་རྒྱུད་རྒྱུད་མང་ལོ་རྒྱུས་རྒྱས། །ཁྱེ་པའི་རྒྱ་པ་ཤོའི་རྒྱན་པོ༑ ༑རྒྱལ་མཚན་རྒྱ་གྲམ་ཕྱག་རྒྱས་བཏབ། །རྒྱན་རྒྱག་རྒྱལ་བཞག་རྒྱ་འདྲེ་རྒྱལ། །རྒྱམ་ཚྭ་རྒྱ་ཚྭ་རྒྱང་གྲགས་ཚད། །མ་རྒད་མཛེས་རྒྱན་རར་བཏགས་གའོ། །
ལྒང་པ་ལྒང་བུ་གཅིན་སྣོད་ཡིན། །སྨན་ལྒ་རྒྱམ་ཚྭ་ལར་བཏགས་གའོ། །
སྒོམ་ཆེན་བློ་སྒམ་སྒོམ་བྱེད་སྒོམས། །ཀླུ་སྒྲུབ་སྒྲུབ་ཐབས་སྒྲུབ་བྱེད་སྒྲུབས། །རུས་སྒྲོམ་ཤིང་སྒམ་སྒྲིག་བྱེད་སྒྲིགས། །འཇིགས་སྒྲོལ་རྡོ་སོགས་སྒྲུག་བྱེད་སྒྲུགས། །ལྕགས་སྒྲོག་སྒོར་མོར་སྒྲིམ་བྱེད་སྒྲིམས། །སྒེག་མོ་སྒྲ་སྐད་སྒྲོག་བྱེད་སྒྲོགས། །སྡིག་སྒྲིབ་སྒྲོན་མེ་སྒྲིབ་བྱེད་སྒྲིབས། །ལྷམ་སྒྲོག་སྒྲོ་གུས་སྒྲོག་བྱེད་སྒྲོགས། །སྒོ་རུ་དམག་སྒར་སྒུག་བྱེད་སྒུགས། །སའི་སྒང་རྒྱལ་མཚན་སྒྲེང་བྱེད་སྒྲོངས། །སྒྱུག་མོ་སྙན་སྒྲོན་དབུ་ཞྭ་སྒྲོན། །རྐྱལ་པའི་སྒྲོ་བ་སྒྱེ་སྒྱེའུ་ཚུགས། །འཁོར་ལོས་དབང་ཆོས་གྲངས་སྒྱུར་བྱེད།། སྟོད་སྒུར་སྒལ་ཚིགས་མཆུ་སྒྲོས་སྒྲོགས། །སྒྱུ་རྩལ་གཡོ་སྒྱུ་སྒྱུ་མའི་སྒྲུང༌། །མཁས་པའི་སྒྲིན་པོ་འགྲན་པའི་སྒྲུན། །སྒྲེ་བོ་སྒྱིད་ལུག་སྒེའུ་གཤེར་སྒ། །སྒྱིད་པའི་གོས་སྒབ་ཚྭ་སྒོ་ཅན། །སྒྲོག་རུས་གཅེར་བུའི་སྒྲེན་མོའི་སྒྲོབ། །སྒོ་ང་སྒོག་པ་སྒྲེགས་པ་འདོན། །ད་སྒོས་སྤྱི་སྒོས་སྒེར་རྟའི་སྒ། །མནའ་སྒོག་སྒྱོགས་རྡོ་སྒོ་སྒེའུ་ཁུང༌། །སྒྲིག་ལམ་གསུང་སྒྲོས་སྒྲོས་པ་གཙང༌། །བྱ་སྒྲོ་བཤད་སྒྲོས་གཟའ་སྒྲ་གཅན། །སྒོང་བྱེད་སྒྱེལ་བྱེད་སྒྱིད་བུ་ཐབ། །གཅིག་ཏུ་སྒྲིལ་བྱེད་སར་བཏགས་གའོ། །
བརྒྱུངས་པར་བརྒྱུ་བྱ་བརྒྱུས་པས་བརྒྱན། །བརྒལ་ལན་བརྒྱ་བྱིན་བརྒྱུད་མར་བརྒྱབ། །བརྒྱུག་བྱ་རྟ་བརྒྱུགས་བརྒྱ་ཕྲག་གྲངས། །ལམ་བརྒྱགས་རྒྱུ་མ་བརྒྱང་བྱ་བརྒྱངས། །བླ་བརྒྱུད་གད་བརྒྱངས་དྲན་མེད་བརྒྱལ། །ཆུ་བརྒལ་བརྒྱད་བཀག་བརྒྱད་ཅུ་བརྒྱད། །ཞབ་བརྒྱ་ཞལ་བརྒྱས་སྨྲ་བའི་བརྒྱ། །བྱུག་པ་བརྒྱབ་པ་ལེ་བརྒན་དར། །འོ་བརྒྱལ་བརྒལ་བརྟག་བ་རའི་གའོ། །
བསྒོམ་བྱ་བསྒོམས་ཟིན་བསྒྲུབ་བྱ་བསྒྲུབས། །བསྒུག་བྱ་འཕྲང་བསྒུགས་ཁྱོན་བསྒྲིལ་བྱ། ། བསྒྲུག་བྱ་རྡོ་བསྒྲུགས་གཞན་བསྒུལ་བྱ། །བསྒྱིང་བྱ་ལུས་བསྒྱིངས་སར་བསྒྱེལ་བྱ། །མནའ་བསྒགས་སྦགས་སོགས་བསྒོང་བྱ་བསྒོངས། །འཁོར་ལོས་དབང་ཆོས་གྲངས་བསྒྱུར་བྱ། །བཀའ་དང་བག་ཆགས་བསྒོ་བྱ་བསྒོས། །བློ་དང་སྐུད་པ་བསྒྲིམ་བྱ་བསྒྲིམས། །ལྷུ་གྲལ་གཅིག་ཏུ་བསྒྲིག་བྱ་བསྒྲིགས། །ཆོས་སྒྲ་སྐུད་པས་བསྒྲག་བྱ་བསྒྲགས། །བསྒྲེང་བྱ་ལག་བསྒྲེངས་ཆུ་བསྒྲལ་བྱ། །བསྒྲང་བྱ་གྲངས་བསྒྲངས་བྱ་བའི་བསྒང༌། །བསྒྲིབ་བྱ་འོད་བསྒྲིབས་རིགས་བསྒྲེ་བསྒྲེས། །བསྒྲུན་མི་ནུས་དང་བསྒྲིན་མི་ཕོད། །བང་མཛོད་བསྒང་བྱ་ནོར་གྱིས་བསྒངས། །བུ་རམ་བསྒར་སོགས་བ་སའི་གའོ། །
ང༽ དངོས་བཤམ་ཟིལ་དངར་ཚར་དུ་དངར། །སྙན་དངགས་རོ་དངར་དངངས་སྐྲག་དངོས། །གསེར་དངུལ་དངོམ་ཆེ་ངོམས་པའི་དངོམས། །དངོས་གཞི་དངོས་གྲུབ་དངོས་དངོས་མེད། །དངན་འཐན་གཞན་ནོར་ཕྱིར་མི་སྟེར། །ཆུའི་དངོ་གྲིའི་དངོ་དས་འཕུལ་ངའོ། །
མངའ་རིས་མངའ་ཞབས་མངའ་ཐང་ཆེ། །མངའ་མཛད་མངའ་བདག་ཐུགས་ལ་མངའ། །མངོན་སུམ་མངོན་གྱུར་མངོན་མཚན་ཅན། །མངག་གཞུག་བྲན་ལ་བྱ་བ་མངགས། །མངའ་བརྙེས་དྲག་པོའི་མངོན་སྤྱོད་ལས། །མངོན་ཤེས་མངོན་ཆེ་ལྷའི་མངོན་རྟོགས། །མངོན་པའི་སྡེ་སྣོད་སྐྱེ་གནས་མངལ། །རོ་མངར་མངའ་འོག་མས་འཕུལ་ངའོ། །
རྔོན་པ་ཆུ་དབུགས་རྔུབ་བྱེད་རྔུབས། ཟེ་རྔོག་རྔ་མ་ཡོས་རྔོད་རྔོས། །གདན་གྱི་དྲེའུ་རྔོག་རྔ་ཡབ་གླིང༌། །གླ་རྔན་བརྡུང་བྱའི་རྔ་རྔེའུ་ཆུང། །ལུས་རྔུལ་རྔུལ་གཟན་མཐུག་རྔམ་ཆེ། །རྔོ་ཐོགས་མི་ཐོགས་ནུས་མི་ནུས། །མིག་སྐྱོའི་རྔུ་མ་ཧམ་པའི་རྔམ། །བཀྲེས་རྔབ་རྔོ་ནད་ཟུག་རྔུས་མནར། །རྔོམ་བརྗིད་ཚམ་རྔམས་རྔན་ཆན་བྱེད། །རྔ་བྱེད་རྩྭ་རྔོས་རྔ་མོང་རྔེའུ། །རུས་ཀྱི་རྔོག་པ་རར་བཏགས་ངའོ། །
གྲངས་ཀྱི་ལྔ་ནི་ལར་བཏགས་ངའོ། །
སྔ་དྲོ་སྔས་ལ་སྔུར་སྒྲ་ཆེ། །སྔོན་དུས་སྔངས་སྐྲག་ཞལ་སྤྱན་སྔ། །མདོག་སྔོ་སྔོན་པོ་རྩིག་པའི་སྔུར། །སྐྱོ་སྔོགས་གསང་སྔགས་མོན་སྲན་སྔེའུ། །མདུན་སྔུན་མཚང་སོགས་སྔོག་བྱེད་སྔོགས། །སྔོ་བྱེད་དགེ་སྔོས་སར་བཏགས་ངའོ། །
བརྔ་བྱ་རྩྭ་བརྔས་རྔོན་པས་བརྔོན། །བརྔུབ་བྱ་དབུགས་བརྔུབས་བརྒྱགས་བརྔན་བསང༌། །བརྔོ་བྱ་ཡོས་བརྔོས་འགབ་ཀྱི་བརྔབ། །འདྲིད་པའི་བརྔོད་སོགས་བ་རའི་ངའོ། །
བསྔོ་བགྲང་དགེ་བ་བསྔོ་བྱ་བསྔོས། །སྡུག་བསྔལ་སྐྱོན་མཚང་བསྔོག་བྱ་བསྔོགས། །བསྟོད་བསྔགས་ཁ་དོག་རྣམ་པར་བསྔོས། །བས་འཕུལ་ས་མགོ་ལྡན་པའི་ངའོ། །
ཅ༽ ཅ་ཅོའི་ཅིལ་ཅིལ་མུ་ཅོར་ཅན། །ཅན་ནེར་ཅབ་ཅོབ་ཆང་ཅོ་རེ། །ཅི་ག་ཅུ་གང་ཅོང་ཞི་སྨན། ། སུམ་ཅུ་དྲུག་ཅུ་བདུན་ཅུ་དང༌། །བརྒྱད་ཅུ་སེམས་ཅན་ཡོད་དོ་ཅོག །ཅོག་པུ་ཅོག་རྩེ་རོལ་མོའི་ཅོང༌།། ཧ་ཅང་ཅང་ཤེས་ཕྱིན་ཅི་ལོག །ཅོ་ཏོའི་ཐོར་ཅོག་མིག་ཅེ་རེ། །སྐྲ་མེད་སྤྱི་ཅེར་ཅང་ཏེའུ་རྡུང༌། །ཅེ་སྤྱང་བྲག་ཅ་བྱེའུ་ཅོ་ཀ །ཅིར་ཡང་མི་རྟོག་ཅང་མི་ཤེས། །སྐ་རགས་རྒྱ་ཅང་ཅང་ནི་ཤང༌། །ཐོ་ཅོས་ཅིག་ཤོས་བབ་ཅོལ་སྨྲ། །ཅོད་པན་ཅས་ཅུས་ཅིག་ཅར་འཇོག །ཅ་རེ་ཅུང་ཟད་ལྟ་ཅི་སྨོས། །དཀོན་ཅོག་རིན་ཅེན་ཁྱེད་བདག་ཅག །ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི། །ཆབས་ལན་ལྷན་ཐང་སྟབས་ཁ་ཅིག །ཅི་འདྲི་ཅམ་འཇོག་ཅ་རྐྱང་ངོ༌། །
གཅན་གཟན་ལ་སྲུང་ལ་གཅན་པ། །ཚར་རྩད་ཤིང་ཁྲིམས་གཅད་བྱ་གཅོད། །གཅག་བྱའི་རྡོ་གཅོག་གཅལ་དུ་བཀྲམ། །གཅུ་བྱའི་ལག་གཅུས་འགྲམ་དུ་གཅོར། །སྒྲིགས་གཅུན་གྲོས་གཅོམ་ཕུག་ཏུ་གཅུར། །གཅེན་སྔོན་གཅུང་རྗེས་གཅེར་བུར་སྐྱེས། །རྣམ་གཅོད་ཡོངས་གཅོད་གཅུད་ལ་བོར། །གཅོམ་བསྐྱུངས་གཅུག་ལ་ཡིད་ལ་བཅགས། །བཅོས་མའི་གཅམ་བུ་རོ་རྫས་གཅིག །གྲངས་གཅིག་འཁོན་ཡིད་མཛའ་བའི་གཅུགས། །གཅིན་དང་གཅི་བ་དྲི་ཆུའི་མིང༌། །གཅིའུ་སྨན་གཅེས་འཛིན་གཅོང་ནད་ཞི། ། གཅོང་རོང་སྒྲ་གཅན་གས་འཕུས་ཅའོ། །
བཅོམ་ལྡན་དགྲ་བཅོམ་སྣོད་བཅུད་བཅས། །བཅའ་ཡིག་ལག་བློར་བཅང་བྱ་བཅངས། །བཅས་རང་གསང་བའི་བཅབ་བྱ་བཅབས། །དམ་ཁྲིམས་བཅའ་བཅས་ཚིགས་སུ་བཅད། །ཞལ་ལྕེ་ཆད་པ་ཤིང་སོགས་བཅད། །བཅེམ་བྱ་སོས་བཅེམ་ལས་ནོར་བཅོལ། །བཅག་བྱ་ཆགས་བཅགས་བཟའ་བཅའི་བཅུད། །བཅུ་བྱ་ཆུ་བཅུས་དྲི་སྐྱོན་བཅིལ། །ནང་དུ་བཅུར་བཅུག་ལོགས་སུ་བཅར། །གཟུགས་བཅོས་ཞབས་ཀྱིས་བཅག་བྱ་བཅགས། །བརླན་བཅིར་ནང་དུ་བཅུམ་བྱ་བཅུམ། །བཅས་བྱའི་གྲོས་བཅམ་བཅིང་བྱ་བཅིངས། །བསྟན་བཅོས་བཅའ་གཞི་སྲང་བྲེར་བཅལ། །རྡོ་བཅག་མིག་བཅར་བཅེར་དུ་བཅུག དགུ་བཅུ་ལྔ་བཅུ་བཞི་བཅུ་བཅུ། །བཅོ་བརྒྱད་བཅོ་ལྔ་རྟར་བཅིབ་བཅིབས། །བཅའ་ལྒས་དྲིན་བཅལ་བས་འཕུལ་ཅའོ། །
ལྕང་ལོ་ཅན་གྱི་ལྕགས་རིའི་ལྕོག །ཉ་ལྕིབས་སྦལ་ལྕོང་ལྕུང་ཀའི་ལྕེ། །རེའུ་ལྕག་ལྕ་བ་ལྕམ་པ་ལྕུམ། །ལག་ལྕིབས་ཚ་ལྕིབས་སྒོའི་ལྕིབས་ཕུར། །ལྕམ་མོ་ལྕི་བའི་མེ་ལྕེར་ལྕེབ། །ལྕམ་དྲལ་ལྕམ་སྲིང་བུ་རམ་ལྕུགས། །ལྕགས་ཀྱི་ལྕོག་རྩེ་ལྕུག་མ་རག གནམ་ལྕགས་ལྕེ་འབབ་སྲུས་ལྕག་ལྕིག ལས་ཀྱི་བསྐུལ་ལྕག་ལྕོགས་མི་ལྕོགས། །ལྕང་མའི་ལྕུག་ཕྲན་མཉེན་ལྕུག་ལྡེམ། །སྤ་ལྕག་མགོ་ལྕོགས་བློ་ཡིས་ལྕོགས། ། གྲིའི་ལྕུགས་ལྗིད་ལྕི་སྐྲའི་ལྕང་ལོ། །མིག་ལྤགས་སྤྱན་ལྕིབས་ཚིག་འབྲུ་ལྕིབས། །ལྕམ་ཤིང་ལ་སོགས་ལར་བཏགས་ཅའོ། །
ཆ༽ ཆ་ཆོ་མ་ཆོད་འོད་ཆེམ་ཆེམ། །ཆབ་སྲིད་ཆབ་འབངས་ཆོས་ཆར་ཆེ། །ཆགས་བྲལ་ཆོག་ཤེས་ཆོ་གའི་ཆེད། །མཚོན་ཆའི་ཆ་ལུགས་ནང་དུ་ཆུར། །རིན་ཆེན་ཆུན་པོ་ཆུ་ཞེང་གབ། །ཆོམ་རྐུན་བར་ཆད་ཆམ་ལ་ཕོབ། །ཟན་ཆང་འབྲས་ཆན་ཆབ་ནས་ཆུས། །ཆབས་ཅིག་ཆ་མཉམ་ཆེམ་མེ་བ། །ཆིབས་པ་ཆ་དེ་ཆིབས་ལ་ཆོགས། །གད་ཆུའི་ཆག་ཆག་ཆ་ག་འབུ། །བྱང་ཆུབ་སྲོག་ཆགས་ཁ་ཆེམས་ཆུང༌།། ཆིག་རྐྱང་བྱས་ཆོག་ཆ་རྐྱེན་ཆད། །ཆོམས་ཤིག་ཆབ་སྒོ་དུམ་བུར་ཆོག །ཆིངས་ཤིག་ཆང་མ་ཆབ་འོག་ཆུག །ཆད་པས་ཆོད་ལ་ཆུང་མ་ཆོལ། །མཐར་ཆགས་ཆགས་ཆོགས་ཆིར་གྱིས་ཆིར། །ཆོ་རིགས་ཆུད་ཟོས་ཆམ་པའི་ནད། །ཨ་ལྕེའི་ཆེ་ཞེ་ཆས་ཆ་མེད། །བག་ཆགས་ཆོ་འཕྲུལ་ཆོ་ངེ་འདོན། །ཆོ་ལོ་ཤོ་ཡིན་ཚར་ཐག་ཆོད། ། ཆིངས་འགྲིག་སྐེད་ཆིངས་བྲེལ་བ་ཆོགས། །གཅིན་སྣོད་ཆོལ་ཟངས་གྲིའི་ཆང་ཟུངས། །རོལ་མོའི་ཆ་ལང་ཆན་པས་ཆོད། །མལ་ཆ་ཆབ་ཤོག་ཆེ་གེ་མོ། །ཆེན་ཆུན་གས་ཆག་གོད་ཆགས་མེད། །ཆུ་ལོན་ཐུགས་ཆུད་ཆལ་མར་བཀྲམ། །ཁྲོ་བོ་ཆོལ་པ་ཆ་རྐྱང་ངོ༌། །
མཆོག་ཏུ་སྐྱབས་མཆི་དཀོན་མཆོག་མཆོད། །གཞུ་མཆོག་མཆོང་གི་རྒྱན་གྱིས་མཆོར། །མཆེར་པ་མཆིན་པ་མཆན་ཁུང་འོག །མིག་གི་མཆི་མ་ཁའི་མཆིལ་མ། །ཞལ་མཆུ་མཆེ་བ་སྐར་མ་མཆུ། །མེ་མཆེད་མཆེད་གྲོགས་སྐྱེ་མཆེད་ལེགས། །སྒྱུ་མའི་མཆན་བུ་ཡི་གེའི་མཆན། །ཆུང་མའི་མཆིས་བྲང་མཆོང་སར་མཆོངས། །མཆིང་བུ་རུས་མཆིམས་འགྲོ་བའི་མཆི། །ཁ་མཆུའི་བཀའ་མཆིད་ཡོད་པའི་མཆིས། །མཆིལ་པ་ལྕགས་ཀྱུ་བྱའི་བྱེ་བྲག །མཆིག་གུ་ཡས་གཏུན་མཆིག་མས་གཏུན། །རྒྱ་མཚོའི་མཆིང་དཀྱིལ་མཆིལ་ལྷམ་གྱོན། །དུར་གྱི་མཆད་པ་མས་འཕུལ་ཆའོ། །
འཆར་སྒོ་འཆལ་འཆོལ་མི་འཆབ་འཆགས། །ཉི་འཆར་ཆུ་འཆོར་ཆོས་འཆད་འཆུན། །ཚུལ་འཆོས་ཤིང་འཆུས་འཆིང་ཞགས་འཆང༌། །འཆག་སར་ཞབས་འཆག་ནང་དུ་འཆུར། །ཆུ་འཆུ་འཆེག་པར་ཁས་འཆེ་འཆེས། །གནས་འཆའ་གར་འཆམས་སྲོག་འཆད་འཆི། །གྲོས་འཆོམས་ཁྲིམས་འཆའ་འདོད་ལ་འཆུམས། །བཟོ་རྟ་འཆོ་འཆོས་འགྲོ་བར་འཆས། །ཞེན་པའི་འཆེལ་སོགས་འས་འཕུལ་ཆའོ། །
ཇ༽ ཇག་པ་ཇོ་ལོད་ཇེ་མཐོར་འཕགས། །ཐོད་པ་ཇ་རིལ་དབྱངས་ཀྱི་ཇེ། །ཇོ་བོ་ཇོ་བཟང་དང་པོའི་ཇེ༑ ༑དམར་སེར་ཇ་ཧོང་རྡོའི་ཇུ་བོ། །སྙེད་སྲིད་ལྟར་བཞིན་སྐད་ལ་ཇི། །ཇོ་ཇོའི་ཇ་སྦག་གོས་ཆེན་ཇུས། །ཇོ་མོ་ལ་སོགས་ཇ་རྐྱང་ངོ༌། །
མཇལ་འཕྲད་མཇིང་པ་མཇུག་མ་མཇེ། །གོ་བའི་མཇལ་དང་མི་མཇེད་ཞིང༌། །མ་ཡིས་འཕུལ་བའི་ཇ་ཡིག་གོ །
འཇིག་རྟེན་འཇའ་ཚོན་ཞིག་པའི་འཇིག །དགྲ་འཇོམས་ཁྲིམས་འཇགས་བྲེད་པའི་འཇིགས། ། འཇམ་དབྱངས་སྙན་འཇེབས་མཉམ་པར་འཇོག བློས་འཇལ་ཚད་འཇལ་འདོད་པ་འཇོ། །འཇབ་རྐུན་ནང་འཇུག་འཇར་ནས་འཇབ། །སར་འཇོག་ཟས་འཇུ་ལག་འཇུ་འཇུས། །འདམ་གྱི་འཇི་བ་འཇིམ་པ་འཇགས། །གོས་འཇམ་འཇོལ་འཇོལ་དབྱིབས་འཇོང་འཇོང༌། །སེར་སྣའི་འཇུངས་པ་མཁས་པའི་འཇེམ། །སྲོད་དང་མཚོའི་འཇིངས་རྩ་འཇིང་གཉེན། །ཁང་པའི་འཇའ་འདེགས་སྲད་བུའི་འཇུར། ། བྱེ་འུ་འཇོལ་མོ་རྩྭ་འཇག་མ། །སྨད་འཚོང་འཇུད་འཐུན་འཇུར་ཞིང་འཇུན། །ཁྲིས་འཇགས་འཇང་ཡུལ་ཀླུ་འཇོག་པོ། །ནད་འཇིལ་འཇུ་བས་ཁྲག་འཇིབ་འཇིབས། །ཁྲལ་འཇལ་འཇའ་ས་འཇའ་མོ་དང༌། །ཏོག་ཙེའི་འཇོར་བུ་དྲིན་འཇལ་འཇོལ། །གྲིས་འཇོགས་ཤ་འཇུམས་འཇབ་ཙེས་འཐོག །ཐོབ་འཇལ་འཇོ་སྒེག་འོ་མ་འཇོ། །འཇུར་མིག་ལ་སོགས་འས་འཕུལ་ཇའོ། །
རྗེ་བཙུན་རྗེས་འཇུག་རྡོ་རྗེའི་རྗེས། །ཤ་རྗེན་རྗེ་ངར་རྒུད་པའི་རྗུད། །སྙིང་རྗེ་རྗེས་འགྲོ་རྗོད་བྱེད་ངག །བཀུར་སྟིའི་རྗེད་འོས་བང་བའི་རྗང༌། །རྗེ་དཔོན་ལྷ་རྗེ་རྗེ་འུའི་རིགས། །ལག་རྗེས་ལ་སོགས་རར་བཏགས་ཇའོ། །
ལྗོན་ཤིང་ལྗོན་ཟངས་མདོག་ལྗང་ཁུ། །ལྗན་ལྗིན་ལྗང་བུ་སྨན་ཡུལ་ལྗོངས། །ལྗིད་ལྕི་ལྕེའི་ལྗགས་ལར་བཏགས་ཇའོ། །
གཟི་བརྗིད་བརྗིད་ཆགས་བརྗེད་ངས་ཆེ། །འདོན་རིགས་བརྗེད་བྱེད་བརྗེ་པོ་བརྗེས། །བརྗོད་བྱ་བརྗོད་པ་བ་རའི་ཇའོ། །
ཉ༽ ཉིན་དེའི་ཉིང་ཤ་ཉ་ཆུང་ཉེའུ། །རྐང་ལག་ཉྭ་རིལ་ཉིན་མཚན་ཉལ། །སྤུ་ཉག་ཉལ་ཉིལ་ཉ་ལྟོ་པ༑ ༑ཉམ་ཉེས་ཉོན་མོངས་ཉམ་ངར་ཉེ། །ཉིང་ཁུ་ཉིང་དགོས་ཉིང་ལག་ཉབ། །ཉན་ཐོས་ཉ་མ་ཉམས་རྟོགས་ཉུལ། །ཞ་ཉེ་ཉུང་མ་ཉུང་ངུ་ཉོ། །ཉམ་ཆུང་ཉམ་ཐག་ཉག་ཕྲན་མདའ། །རུས་ཉང་ཉམས་དགའ་བྱུག་པ་ཉུག །ཉེ་རེག་ཁྲུས་ཡིན་ཉོད་པ་ཟས། །ཉེ་གནས་ཕྱང་མོ་ཉུག་ཐེ་ཚོམ། །ཉི་མའི་ཉེན་ཀོར་ཉུག་རུམ་འཁོར། །ཉིས་འགྱུར་ཉེས་པ་འབྱུང་ཉེན་ཆེ། །ཕོ་ཉའི་ཉམས་ལེན་ལག་ཉས་ཉམས། ། ཉ་ག་ཉི་ཤུ་ཉན་རྣ་ཉིད། །ཆུ་ཉོག་ཉ་སྟོང་ཉ་རྐྱང་ངོ༌། །
གཉའ་ཤིང་གཉེར་པ་གཉུག་མའི་དོན། །བཤེས་གཉེན་དཔུང་གཉེན་གཉེན་མཚན་གཉིས། ། གཉན་གཉགས་གཉོས་རུས་ལུས་གཉོད་ཆུང༌། །གཉིད་ཀྱི་གཉེན་པོར་གཉའ་ལྟག་གཉུལ། །ནང་ཁྲོལ་གཉེ་མ་ཉག་པོར་གཉག །བཀའ་གཉན་གཉན་ནད་དུད་འགྲོ་གཉན། །ཆ་དཔང་གཉའ་བོ་ས་བདག་གཉན། །ཡུལ་གཉལ་ཁྲོ་གཉེར་གས་འཕུལ་ཉའོ། །
མཉན་པ་ཐུགས་མཉེས་རྣ་བས་མཉན། །བསྐུ་མཉེ་ཀོ་བ་མཉེ་མཉེད་མཉེས། །མཉན་ཡོད་གནས་དང་ངལ་བའི་མཉེལ། །མཉེས་གཤིན་པ་དང་མཚུངས་པའི་མཉམ། །མཉམ་གཞག་མཉམ་མེད་ཤིང་མཉེན་པོ། །ར་མཉེ་སྨན་ཡིན་མས་འཕུལ་ཉའོ། །
རྙེད་བཀུར་ནོར་རྙེད་ལག་རྙང་བྱེད། །གསར་རྙིང་སྐམ་རྙིད་ཆུའི་རྙོག་མ། །སོ་རྙིལ་ནོར་བུ་ཨནྡ་རྙིལ། །རྙོང་ངམ་རྙི་བཙུགས་ཡར་མར་རྙོབ། །མི་གཙང་རྙང་མ་རར་བཏགས་ཉའོ། །
སྙེ་འབོལ་ལ་སྙེས་རེག་བྱ་སྙི། །བསོད་སྙོམས་སྙུགས་སྲིངས་སྙོག་སར་སྙོགས། །ཐ་སྙད་སྙིང་རྗེ་ང་རྒྱལ་སྙེམས། །གོ་སྙོད་སྙེ་མ་སྙིམ་པར་བླུགས། །གཏམ་སྙན་སྙིགས་དུས་སྐུད་པ་སྙོད། །སྙིང་པོ་རྒྱལ་མཚན་ཆང་མལ་སྙོལ། །སྙོམ་བྱེད་ཁོད་སྙོམས་རི་སྙོར་བྱེད། །སྙེམས་ཆུང་ཇི་སྙམ་དབུ་སྙུང་བཞེས། ། སྙན་ཤལ་སྙན་ངག་ནད་ཀྱི་སྙུན། །ཁེངས་སྐྱུངས་སྤུ་སྙོལ་ཇི་དེ་སྙེད། །གཅིན་སྙི་སྙོམ་འཇུག་སྙིད་མོ་གཉེན། །གཟུགས་ཀྱི་སྙེ་མ་སྨད་འཚོང་མིང༌། །དྲན་པའི་སྙེ་མ་ལྷའི་གླུ་མཁན། །བཏང་སྙོམས་སྙད་འདོགས་ཆར་སྙིལ་བྱེད། །སྙོན་མོངས་སྙོམ་ལས་སར་བཏགས་ཉའོ། །
ཁ་བརྙོགས་གོས་བརྙིངས་གཞན་ལ་བརྙས། །གཡར་པོའི་བརྙན་པོ་གཡས་པའི་བརྙས། །མངའ་བརྙེས་ཕྱག་སྣང་གཟུགས་སྒྲ་བརྙན། །གྲུབ་བརྙེས་རྐང་ལག་བརྙང་བྱ་བརྙངས། །བརྙོག་བྱ་ཆུ་བརྙོགས་བ་རའི་ཉའོ། །
བསྙེན་སྒྲུབ་བསྙེན་བཀུར་རྩོད་པའི་བསྙོན། །བསྙོན་ཅན་བསྙོན་ཏོལ་བསྙོན་དོར་ཅན། །བསྙེན་རྫོགས་དྲེགས་བསྙེམས་ཁྲོ་གཉེར་བསྙེར། །ཟས་བསྙོད་བསྙེན་སྲིང་ཉེ་རིང་མིང༌། །དགེ་བསྙེན་བསྙེན་གནས་བཤད་པའི་བསྙད། །ལྷུང་བཟེད་བསྙིགས་པ་ཉུང་ངུར་བསྙུངས། །བསྙབ་བྱ་ཕར་བསྙབས་ཆར་བསྙིལ་བྱ། །བསྙམ་བྱའི་ཁོད་བསྙམས་རི་བསྙོར་བྱ། །བསྙུང་གཞིས་བསྙུན་པ་བཀྲུས་པའི་བསྙུལ། ། བསྙེག་བྱ་རྗེས་བསྙེགས་འཇིགས་པའི་བསྙེངས། །འཕྲེད་བསྙལ་བརྗེད་བསྙེལ་བ་སའི་ཉའོ། །
ཏ༽ ཏིང་ཤགས་ཏིང་ལོ་ཏེབ་བེ་སྣོད། །ཛྭ་ཏི་ཏང་ཀུན་ཏིག་ཏ་ཏིལ། །གཙུག་ཏོར་ཐོར་ཏོ་སྤྱི་ཏོར་ཏོག ། མུ་ཏིག་མེ་ཏོག་ཏམ་བུ་ལ། །ལོ་ཏོག་རྩི་ཏོག་ཟ་མ་ཏོག །ཏིང་འཛིན་དཀོན་མཆོག་ཏ་ལ་ལ། །ཁ་ཏོན་ཞལ་ཏ་ནན་ཏར་བཟང༌། །ཡང་ཏིག་ཏལ་རྒྱུགས་ཏེ་སེའི་གངས། །ཅང་ཏེའུ་ཏག་ཏིག་ཏིང་ཏོང་སྒྲ། །ཡོན་ཏན་ཞབས་ཏོག་གོའུ་ཏ་མ། །ནན་ཏུར་ལིང་ཏོག་ཆོས་པོ་ཏི། །ཏོག་ཙེ་དབྱུག་ཏོ་ཤང་ཤང་ཏེའུ། །འོན་ཏང་ཏི་ཚ་ཏ་ལའི་ཤིང༌། །ཏ་ཟིག་ཡུལ་ན་ཏེ་ཏེ་བརྡུང༌། །ཏེ་བོར་ཏ་མིང་ཏའི་སི་ཏུ། །ཏི་ཤྲི་ཏ་དབེན་ཏ་ཧུང་དང༌།། ཏྭ་ར་ཎ་དང་ཏེའུ་ཤང་ཁྲི། །ཏུག་རིང་ཏུག་ཆོམ་ཏིག་ཏིག་མེད། །མཆོད་ཏིང་སླེ་ཏྲེས་ཏ་རྐྱང་ངོ༌། །
གཏང་རག་གཏམ་སྨྲ་བརྡུང་གཏག་གཏོང༌། །གཏན་པ་མེད་པའི་སྦྱིན་གཏོང་གཏང༌། །བུ་ལོན་གཏའ་མ་གཏེད་པ་གཏའ། །སྒོ་གཏན་གཏིང་ཟབ་གཏུམ་མོའི་མེ། །གཏུམ་པོའི་ཞབས་གཏུགས་མུན་པ་གཏིབས། །བཅོལ་གཏམས་གྲངས་གཏམས་གང་བའི་གཏམས། །ཐུམ་བུར་གཏུམ་གཏུམས་གྲིས་གཏུབ་གཏུབས། །ཁྲག་གཏར་ཆུ་གཏིགས་སེ་གོལ་གཏོགས། །མགོ་གཏུམས་མཐའ་གཏུགས་བྱེད་གཏད་ཆེ། ། ལག་ཏུ་གཏད་གཏོང་བློ་གཏད་གཏོད། །དམིགས་པ་གཏད་གཏོད་འབེམ་ལ་གཏོད། །ལྷ་ཆེན་གཏོགས་འདོད་གཞན་ལ་གཏོད། །ཆུ་གཏོར་སྤོས་གཏུལ་གདམས་པའི་གཏམས། །གཏི་མུག་གཏི་ཐུག་དུས་གཏན་དུ། །བསམ་གཏན་གཏན་ཚིགས་གཏན་ལ་འབེབས། །གཏུན་བུ་གཏུན་ཤིང་གཏོར་མ་གཏོང༌།། ངན་གཏད་བྱེད་གཏེ་མཚང་ནས་གཏོལ། །གཏེར་མཛོད་གཏོས་ཆེ་ཁོངས་སུ་གཏོགས། །གཏོལ་མེད་གཏོར་བུ་སྣམ་སྦྱར་ཤུབས། །དུས་གཏུགས་ལ་སོགས་གས་འཕུལ་ཏའོ། །
བཏང་སྙོམས་སྤྱིར་བཏང་རུང་བའི་བཏུབ། །ཁྲག་བཏོན་བློས་བཏང་སྔགས་བཏུ་བཏུས། །སྤུ་བཏོགས་དགྲ་བཏུལ་སྲོལ་ལམ་བཏོད། །མིང་ཕན་སྒྲོ་བཏགས་ཁ་བཏགས་བཏགས། །རྟོག་བཏགས་ཐགས་བཏགས་ཐག་པས་བཏགས། །ཡར་བཏེག་ཞབས་བཏུད་ཕྱེ་མར་བཏགས། །བཟའ་བཏུང་གདན་བཏིང་བྱེས་སུ་བཏེག །གསལ་གསོལ་ས་བོན་ཕྱག་རྒྱས་བཏབ། །བཏང་བཟུང་རི་བོ་བས་འཕུལ་ཏའོ། །
རྟག་ཏུ་མི་རྟོག་རྟག་མི་རྟག །རྟབ་རྟབ་རིངས་པའི་བྱ་མ་རྟའི། །རྐང་པའི་རྟིང་པར་རྟུག་དྲི་ཁ། ། མཛོ་ལྟོལ་རྟའི་རྟེའུ་རྟོད་པས་རྟོད། །རྟ་ཐུལ་རྟ་དབྱངས་རྟོག་གེ་བ། །ཕྱག་རྟགས་རྟེན་གསུམ་རྟེན་འབྲེལ་རྟེན། །རྗེས་འབྲང་ཡིད་རྟོན་བྱ་ཁུག་རྟ། །རྟུལ་ཕོད་དལ་རྟེན་གནས་སུ་རྟོལ། །རྨོངས་རྟུལ་ཐོག་རྟིབ་སྨན་རུ་རྟ། །མཆོད་རྟེན་སྔ་རྟིང་ལུས་རྟས་བྱེད། །འཇིག་རྟེན་ལྷ་རྟེན་སྒོའི་རྟ་བབས། །རྣམ་རྟོག་ལུང་རྟོགས་རྟོག་དཔྱོད་ཅན། །རྟགས་གསལ་བློས་རྟོགས་རར་བཏགས་ཏའོ། །
ལྟེ་བ་ལྟོ་བ་གཉའ་བའི་ལྟག །ཇ་ལྟིར་ལྟང་ཙེ་མདའ་ཡི་ལྟོང༌། །འགྲང་ལྟོགས་ལྟོ་ཡིས་ལྟིར་གྱིས་བཀང༌། །ས་བདག་ལྟོ་འཕྱེ་ལྟོས་འགྲོ་སྦྲུལ། །ལྟེང་རྒྱས་འོད་སྲུངས་ལྟ་བ་མཐོ། །རྫིང་བུའི་ལྟེང་ཀ་ལྟེམ་མེར་གང༌། །གོས་སོགས་ལྟབ་བྱེད་ལྟོབས་དང་ལྟེབ། །མངལ་ཆགས་ལྟར་ལྟར་མཚན་ལྟས་བཟང༌། །སྐུ་ལྟེམ་ལྟེམ་རྐྱང་ལྟ་ཅི་སྨོས། །ཉེས་ལྟུང་ལྟར་སྣང་འོག་ཏུ་ལྟུང༌། །རེ་ལྟོས་ལྟ་ཞོག་དེ་ལྟ་བུ། །ལྟ་བྱེད་ལྟོས་དང་ལྟོངས་ཡངས་པོ། །ད་ལྟ་དེ་ལྟར་ལྟད་མོ་ལྟ། །ལྟག་ཆོད་ལ་མགོ་ལྡན་པའི་ཏའོ། །
སྟོན་པའི་བཞུགས་སྟངས་བཀུར་སྟི་སྟོབ། །མུ་སྟེགས་བྱད་སྟེམས་སྐྱོན་མི་སྟོ། །དགྲ་སྟ་སྟ་རེ་སྟེའུ་སྟོང་ཕྲག །སྟག་གཟིག་སྟོབས་ཆེན་ཤིང་སྟག་པ། །མདོས་ཀྱི་ཡ་སྟག་སྟེགས་བུའི་སྟེང༌། །འཕྱར་གཡེང་གཞོགས་སྟེགས་མེ་སྟག་འཕྲོ། །སྟེས་དབང་སྟབས་འགྲིགས་སྟོན་མོ་སྟེར། །སྟངས་སྟབས་དཔྱི་མགོའི་སྟ་ཟུར་སྟོན། །གྲབས་གཤོམ་སྟ་གོན་འཐུག་པའི་སྟུག །སྟོན་དུས་སྟོད་ལ་སྟུ་མ་སྟེན། །དངུལ་རྡོའི་སྟིང་ཟིལ་འཕྲེང་སྟར་བྱེད། །རྣོ་སྟུག་སྟོང་ཉིད་གྲོགས་ཀྱི་སྟོངས། །བོར་སྟོར་ལམ་སྟོན་ཤ་སྟག་མཛད། །སྟན་འདིང་ཐུང་ངུར་སྟུང་བྱེད་སྟུངས། །རྩ་སྟོངས་ལྷ་སོགས་སྟིམ་བྱེད་སྟིམས། །སྟར་བུ་སོ་སྟོ་སོ་ཟིང་བ། །མི་གཙང་སྟོར་ཁུང་གང་སྟོང་ཅན། །ལེགས་ཉེས་སྟངས་འཛིན་ཤིང་སྟར་ཁ། །བླ་མ་སྟེན་བྱེད་སར་བཏགས་ཏའོ། །
བརྟག་དཔྱད་ལེགས་བརྟགས་མི་འགྱུར་བརྟན། །སྡུད་པའི་བརྟུལ་བ་བརྟག་གཉིས་རྒྱུད། །བརྟུལ་ཞུགས་སྦུབས་བརྟོལ་བརྟུན་པ་བརྩོན། །གློ་བུར་བརྟད་པ་རྒྱས་པའི་བརྟས། །བརྟེན་པ་ལ་བརྟེན་ཡིད་བརྟན་མེད། །ཡོངས་འདུ་ས་བརྟོལ་སྤྱི་བརྟོལ་ཅན། །ཐག་པས་བརྟོད་བྱ་བྲེད་པའི་བརྟབས། །གནས་བརྟན་ཀུན་བརྟགས་བ་རའི་ཏའོ། །
བལྟོས་བྱ་བལྟོས་ཆོས་བལྟ་རུང་བལྟས། །བལྟ་བྱ་སྐུ་བལྟམས་གོས་སོགས་བལྟབ། །གང་བའི་བལྟམས་སོགས་བ་ལའི་ཏའོ། །
བསྟི་སྟང་བསྟི་གནས་གྲལ་བསྟར་བྱ། །ཐུབ་བསྟན་དང་བསྟུན་བསྟོང་འོས་བསྟེན། །སྣ་བསྟད་གཟེངས་བསྟོད་མངོན་པར་བསྟོད། །བསྟུང་བྱ་ཐག་བསྟུངས་འགྲོ་ཆས་བསྟད། །ཆོས་བསྟན་སླར་བསྟུད་བྱིན་ལེན་བསྟབས། །འཕྱ་བའི་བསྟིང་ཚིག་བསྟིམ་བྱ་བསྟིམས། །བསྟིར་མེད་ངལ་བ་བ་སའི་ཏའོ། །
ཐ༽ ཐུན་མོང་ཐུ་བོ་ཐ་གྲུ་ཆེ། །ཐོར་ཅོག་ཐོར་ཚུགས་རུས་ཐུ་མི། །ཐ་ན་ཐ་མ་ཐུད་གདར་ཐོངས། །རིང་ཐུང་གྱེན་ཐུར་ཐ་མལ་པ། །སྐྱོང་ཐར་ཚོད་ཐིངས་ངག་ཐོར་བུ། །ཐེམ་སྐས་བཙའ་ཐན་ཐ་མི་དད། །མོ་ཐིགས་བྱས་ཐུས་འབུམ་དག་ཐེར། །ལྷམ་སྒྲའི་ཐྲིག་ཐྲིག་ཐ་རྐྱང་ངོ༌། །
མཐོ་རིས་མཐའ་དག་མཐུན་མི་མཐུན། །མཐིང་ཁ་མཐོན་ག་མཐོན་མཐིང་མདོག །མཐོ་ཡོར་མཐོན་པོ་མིག་གིས་མཐོང༌། །རྟ་མཐུར་མཐོ་གང་མཐར་ཆགས་མཐུད། །ནུས་མཐུ་མཐར་ཐུག་བྱ་མཐིང་རིལ། །ལག་མཐིལ་མཐེ་བོང་མཐེའུ་ཆུང་མཐའ། །རྒྱ་མཐོངས་དཔངས་མཐོ་མཐང་གོས་མཐུག །མཐོ་འཚམ་མཐོལ་བཤགས་མཐའ་འཁོབ་ཡུལ། །མཐའ་ཀླས་ལ་སོགས་མས་འཕུལ་ཐའོ། །
འཐབ་རྩོད་ཨ་འཐས་གོས་འཐེབ་པ། །སྤུ་འཐོག་གྲིས་འཐུབ་དར་གྱིས་འཐུམ། །ཆུ་འཐུང་རྩམ་འཐག་སྣམ་བུ་འཐག །འཐོན་ཁར་མགོ་འཐོམས་གྲོགས་ལ་འཐམས། །སྨོད་ཚིག་འཐིང་སླད་འཐེན་པ་འཐད། །ཁ་འཐོར་ཆུ་འཐོར་དུ་བ་འཐུལ། །བློ་འཐུམས་ཆུ་འཐིགས་སྤྲིན་མུན་འཐིབས། །ཞ་འཐེང་ཚུར་འཐེན་མེ་ཏོག་འཐུ། །སྲ་འཐས་འཐེམས་ནན་མི་འཐན་པོ། །ཟས་ལ་འཐུ་འཐུས་འས་འཕུལ་ཐའོ། །
ད༽ དོས་གཡག་དྲུས་པོ་སྒུར་བའི་དུད། །དྲ་རྒྱུའི་གོས་དྲས་ཚེམ་དྲུབ་དྲུབས། །དུད་འགྲོ་ཁ་དྲག་མེ་དྲོད་དྲོ། །དྲེས་མས་ཁུར་དྲགས་དྲེའུ་རྔོག་སྟན། །ཁེངས་དྲེགས་དྲུང་ཕྱུང་དྲེག་ནད་དྲག །དྲང་དོན་གཡུང་དྲུང་དྲང་སྲོང་དྲུག །དྲག་ཤུལ་ཐལ་དྲགས་བཀའ་དྲིན་དྲན། །མོན་དྲེ་སྨིན་དྲུག་སྤྱན་དྲངས་དྲོངས། །ཟན་དྲོན་ལྗགས་དྲིལ་ཁྲིམས་ལྕམ་དྲལ། །སྔ་དྲོ་ཕྱི་དྲོ་དྲི་དྲིས་ལན། །དྲེད་པོ་དོམ་དྲེད་རྟ་དྲེལ་དེད། །དྲིལ་བུའི་དྲེག་ནག་དྲ་དྲ་ཕྱེད། །བསྐུ་མཉེ་དྲིལ་ཕྱིས་ཆུ་དྲོན་མོ། །དྲུ་བུའི་དྲ་ཕད་གཅིག་ཏུ་དྲིལ། །ཀླུ་མཚོ་མ་དྲོས་ས་ལ་དྲུད། །དྲིལ་བསྒྲགས་ཡ་རབས་དྲ་མའི་དྲུང༌། །གཞན་དྲིང་མི་འཇོག་ཟས་དྲངས་དྲོངས། །དྲོ་བཞེས་དྲོག་ཆེ་ཀ་དྲུའི་བུ། །དྭ་ཕྲུག་དྭངས་གསལ་སྤར་ཁ་དྭ། །རི་དྭགས་ཡི་དྭགས་ཡུལ་དྭགས་པོ། །སེམས་དྲང་དྲི་ཞིམ་ད་རྐྱང་ངོ༌། །
གདོང་པར་གདུགས་ཕུབ་ཉི་མའི་གདུགས། །གདམས་ངག་གསལ་གསོལ་ས་བོན་གདབ། །གདིང་བ་གདན་གདིང་མིང་ཕན་གདགས། །ཁ་གདངས་མཚོན་གདེངས་གདངས་སྙན་གདོན། །སྙུན་གདངས་ཐུད་གདར་ཉ་གར་གདེག །ཁྱབ་གདལ་སོས་གདལ་གདོད་མའི་དུས། །གདིངས་ཅན་གདུལ་བྱ་དམ་ལ་གདགས། །གཡག་གདང་ཕུར་གདང་སྐས་ཀྱི་གདང༌། །ད་གདོད་གདེང་ཐོབ་གདོན་མི་ཟ། །གདགས་པའི་བསྟན་བཅོས་གདུང་མར་གདགས། །གདོད་ནས་གདགས་གཞི་གདུང་བས་གདུངས། །གདུ་བུ་གདུབ་ཀོར་ཞེ་སའི་གདའ། །ནད་གདོན་གདུག་པ་གདོལ་པའི་རིགས། །མངགས་གདམས་གདོས་པ་གྲུའི་དར་ཆེན། །གཉེར་གདམས་བཅོལ་གདམས་ནོར་ལ་གདུ། །ཐུག་པ་གདུ་གདུས་གདམ་ང་བྱེད། །གདུང་བརྒྱུད་གདུགས་ཚོད་གས་འཕུལ་དའོ། །
བདུད་རྩི་གྲངས་བདུན་མདུན་དུ་བདར། །ཕྱི་བདར་གོ་བདུར་བདེན་པ་བདུར། །ཕྱག་བདར་བྱི་དོར་ལས་ཀྱི་མིང༌། །བདུག་པ་བདུག་སྤོས་ཕྱེ་མར་བདར། །བདེ་ལེགས་བདེ་གཤེགས་སིམ་པའི་བདེ། །སྐྱེལ་གླའི་སྐྱེལ་བདར་བདོག་པ་ནོར། །གཞུ་བདུངས་ཟས་བདའ་ཡོད་པའི་བདོག །བདག་པོས་ཕྱུགས་བདས་བདའ་དེད་བྱེད། །བདག་གཞན་བདུད་དཔུང་དར་བའི་བདོ། །རྫོང་བདའ་བདེན་གཉིས་བས་འཕུལ་དའོ། །
མདང་དགོང་མདོས་རྒྱབ་མེ་མདག་གཤོས། །ངོ་དགའི་མདོང་གསོལ་ཁའི་མདན་པ། །ཕུ་མདའི་མདོ་སྦུག་གསུམ་མདོའི་མདུན། །སྒྲོ་མདོངས་མདོག་ལེགས་ཚོན་མདངས་བཀྲ། །མདོ་སྔགས་མདོར་བསྡུས་ར་མདའ་སྦྲན། །མདུད་པ་མདོང་མོ་མདའ་མདུང་མདེའུ། །གྲོས་ཀྱི་མདུན་མ་དཔྲལ་བའི་མདོངས། །མིག་མདོངས་ལ་སོགས་མས་འཕུལ་དའོ། །
འདས་པོ་ནང་འདོམ་བར་འདུམ་འདུམས། །འདོད་ཆགས་འདུ་ཤེས་འདུ་འཛི་འདོད། །ལུས་འདར་ཕྱིར་འདེང་འགྲོ་བའི་འདོང༌། །དགེ་འདུན་འདུས་ནས་འདུལ་བ་འདོན། །མྱ་ངན་འདའ་འདས་འདུན་པས་འདུད། །རི་འདབས་འདོལ་སར་འདག་གུ་འདག །ཁྲུས་རྫས་འདག་ཆལ་ཡི་གེ་འདལ། །འདོ་བའི་རྟ་འདྲོག་འདུར་འདུར་རྒྱུག །བུན་འདེད་སྐྱོན་འདོར་ཆུང་འདྲིས་འདམ། །གསོལ་འདེབས་སྔགས་འདྲེན་དྲི་མ་འདག །སླུ་འདྲིད་རྦབ་འདྲིལ་དགྲ་ཚོན་འདུལ། །གདན་འདིང་མིང་འདོགས་ཐག་པས་འདོགས། །འདབ་ཆགས་འདམ་ཟན་འདི་རུ་འདུག །སར་འདྲུད་ལྷ་འདྲེ་ཞབས་འདྲེད་འདྲད། །ཆུས་འདུར་འདུལ་སྦྱོང་གྱེན་དུ་འདེགས། །འདུ་བྱེད་འདུས་བྱས་དལ་བའི་འདལ། །འདོ་མེད་བྱ་འདབ་འདོམ་གང་འདོགས། །འདྲེག་མཁན་སྤུ་འདྲེག་སྤྱན་འདྲེན་འདྲོངས། །འདྲེན་པས་ཆོས་འདོམས་སྐྱོ་མ་འདལ། །ལྗགས་འདྲིལ་རྗེས་འདེད་གོ་འདུན་ཚོགས། །ཁྲིམས་འདྲལ་གཏམ་འདྲི་ཡི་གེ་འདྲི། །འདྲེས་པའི་འདྲེན་མ་རུལ་བའི་འདྲུལ། །འདབ་མའི་ཁུར་འདྲགས་ཁུང་བུ་འདྲུ། །ལག་འདོན་ཆིག་འདྲིལ་འདུ་བ་འདྲ། །འཁོར་འདབ་འདོམས་སྲག་འས་འཕུལ་དའོ། །
རྡོ་རྗེ་རྡུལ་ཕྲན་རྡེའུ་རྡོག་གཅིག །རལ་རྡོལ་རྡོག་རྡོས་རྡུང་བྱེད་རྡུངས། །གྲོང་རྡལ་ཐོག་རྡིབ་མགོ་རྡོག་རྡོག །ཐབས་རྡུགས་རྡར་རྡོ་ཁ་གྲི་རྡོར། །ལག་རྡུམ་དབྱུག་པས་རྡེག་བྱེད་རྡེགས། །ཐལ་མོ་ས་ལ་རྡེབ་བྱེད་རྡོབས། །ས་རྡོ་རྡལ་བྱེད་དབུ་བ་རྡོས། །རྡབ་འཆལ་རྡེག་འཚོག་ལུས་རྡོས་ཆེ། །རོལ་མོ་ཕེག་རྡོབ་ཆ་ལང་རྡེབ། །རྡོལ་ཆོས་རྡིག་སྒྲ་རར་བཏགས་དའོ། །
ལྡེར་བཟོའི་ལྡེམ་སྐུ་ཕྲ་ལྡེམ་ལྡེམ། །མཁའ་ལྡིང་འབྲུག་ལྡིར་ལྡབ་ལྡིབ་སྐད། །རྟ་ལ་ཆུ་ལྡུད་ལྡར་ལྡུར་ལྡུད། །ལྡེ་གུ་ལྡབ་ལྡོབ་སྣོད་ནང་ལྡུགས། །ལན་ལྡོན་སེང་ལྡེང་བསྐྱར་ལྡབ་བྱེད། །ལྡོག་པ་ཐ་དད་ཕྱིར་མི་ལྡོག །ཤེས་སླའི་ལྡོབས་སྐྱེན་སོའི་ལྡད་བྱེད། །མིག་ལྡོངས་ཡར་ལྡང་ངད་ལྡང་ལྡན། །ལྡིང་ཁང་གྱང་ལྡེབས་ལྡོང་རོས་བྱུགས། །འཇུག་ལྡོག་མགོ་ལྡོག་ཁའི་ལྡན་པ། །ན་མཉམ་ནེའུ་ལྡངས་འཁོབས་པའི་ལྡངས། །རོ་སྙོམས་ལྡོམ་བུ་ལྷག་མ་ལྡས། །འགྲོ་ལྡོག་ལྡ་ལྡི་མིང་གི་ལྡེ། །རེ་ལྡེ་ལྡེ་མིག་གོས་གྱོན་ལྡང༌། །ཁྲི་སྲོང་ལྡེའུ་བཙན་སོ་འགུལ་ལྡེག །དྲང་མིན་ལྡེམ་པོ་ལྡེམ་དགོངས་ཅན། །ལྟོ་ལྡིར་མེ་ལྡེ་ལྡང་ཚད་དང༌། །ལྡུམ་རའི་སྔོ་ལྡུམ་ལར་བཏགས་དའོ། །
སྡོམ་པ་བསྲུང་སྡོམ་སྲོག་སྡོ་སྡོས། །བྲེད་པའི་སྡར་མ་སའི་སྡིངས་སྡེར། །བདེ་སྡུག་དབྱེན་འཁྲུག་སྡུམ་བྱེད་སྡུམས། །མཛེས་སྡུག་སྡུག་བསྔལ་སྡིག་ཏོ་ཅན། །ཞེ་སྡང་སྡིག་གྲོགས་སྡོད་བྱེད་སྡོངས། །ཤིང་སྡོང་ལག་པས་སྡོམ་བྱེད་སྡོམས། །བཀའ་སྡོད་གཅིག་ཏུ་སྡོམ་བྱེད་སྡོམས། །སྡེ་ཚན་མཉམ་དུ་སྡེབ་བྱེད་སྡེབས། །སྡང་མིག་སྡིགས་མཛུབ་སྡིག་བྱེད་སྡིགས། །སྡེར་མའི་ཐུག་སྡོར་ཁྲལ་སྡུད་སྡུས། །ཡུལ་སྡེའི་སྡེ་པ་སྡོད་སར་སྡོད། །སྡོང་བུ་མཆོད་སྡོང་སྡེ་སྣོད་གསུམ། །སྡེར་མོ་སྡུར་བྱེད་སྡོམ་སྡིག་འབུ། །སྡེབ་སྦྱོར་ལ་སོགས་སར་བཏགས་དའོ། །
བརྡ་སྤྲོད་བྲོ་རྔ་བརྡུང་བྱ་བརྡུངས། །བརྡེག་འཆོས་དབྱུག་པ་བརྡེག་བྱ་བརྡེགས། །བབ་ཅོལ་བླ་བརྡོལ་སར་བརྡབ་བརྡབས། །ཐང་མར་བརྡལ་བྱ་ཁ་གྲི་བརྡར། །གཡབ་པའི་བརྡུལ་སོགས་བ་རའི་དའོ།།
བལྡག་པ་བལྡག་དང་མུར་བལྡད་བྱ། །བལྡབ་བྱ་བལྡབས་ནས་བལྡེག་ཅིང་འགུལ། །བས་འཕུལ་ལ་མགོ་ལྡན་པའི་དའོ། །
བསྡོམ་བྱ་གཅིག་བསྡོམས་ལག་བསྡམ་བསྡམས། །བསྡུམ་བྱ་དབྱེན་བསྡུམས་གྲོགས་བསྡོང་བསྡོངས། །བསྡེབ་བྱ་མཉམ་བསྡེབས་སྲོག་བསྡོ་བསྡོས། །བསྡོག་བྱ་མཇུག་བསྡོགས་གྲབས་ཀྱི་བསྡོགས། །གཞན་ལ་བསྡིག་བསྡིགས་བསྡུ་བྱ་བསྡུས། །ཉེར་བསྡོགས་བསྡད་ནས་གྲོས་བསྡུར་བྱ། ། ལྷམ་གྱི་བསྡོགས་པ་བ་སའི་དའོ། །
ན༽ གནོད་སྦྱིན་མདོག་གནག་གནས་ངན་ལེན། །གནག་ཕྱུགས་གནོད་བྱེད་ཞེ་ནས་གནོང༌། །ཞི་གནས་གནས་འགྱུར་གནས་ལུགས་རྟོགས། །གནངས་ཉིན་ཟིལ་གནོན་རྐང་པས་གནོན། །གནས་སྐབས་གནད་འགག་གཞུའི་གནམ་རུ། །གནས་བརྟན་ཉེ་གནས་གནམ་སྟོང་དུས། །གནང་སྦྱིན་གནུབས་རིགས་གནའ་བོའི་སྲོལ། །གྲིབ་གནོན་གནད་གཅོད་ནམ་མཁའི་གནམ། །གནས་ཁང་ཕན་གནོད་གས་འཕུལ་ནའོ། །
མནལ་གཟིམས་མནའ་མ་འོག་ཏུ་མནན། །ཟས་མནོག་མནོག་ཆུང་མནབ་རྩལ་ཟས། །མནོལ་རི་མནའ་སྐྱལ་བསམ་མནོ་མནོས། །གོས་མནབས་མནར་སེམས་མནར་མེད་མནར། །དྲི་ངའི་དྲི་མནམ་མནངས་ཆེའི་ནོར། །དབང་མནོས་ཉལ་མནོལ་མས་འཕུལ་ནའོ། །
རྣ་བའི་རྣམ་ཤེས་རྣོན་པོ་རྣམས། །རྣམ་རྟོག་རྣམ་གྲངས་རྣམ་པ་མང༌། །ཡང་དག་རྣལ་མའི་རྣལ་འབྱོར་པ། །ན་བུན་ཁུག་རྣ་ཞིང་རྣང་མ། །རྣག་ཁྲག་རྣམ་ཐར་རྣམ་དཔྱོད་རྣོ། །བསྒོ་བ་རྣར་གཟོན་རར་བཏགས་ནའོ། །
སྣར་མ་སྣྲོན་སྣྲུབས་སྣའི་སྣབས་ལུད། །སྣག་ཚ་སྣུར་བྱེད་སྣྲེལ་ཞི་འཕྲེད། །སྣལ་མ་སྣམ་བུའི་སྣམ་པའི་རྒྱུ། །ཛཱ་ཏིའི་སྣ་མ་ཡུག་སྣམ་བཙག །སྣག་དབོན་ཏིལ་སྣུམ་སྐུད་པའི་སྣེ། །སྣམ་སྦྱར་སྣམ་ཕྲན་སྣ་ཚོགས་སྣོར། །དྲི་དང་ཕྱག་ཏུ་སྣོམ་བྱེད་སྣོམས། །སྣོན་མ་སྣོན་བྱེད་སྔོ་སྨན་སྣེའུ། །གནད་དུ་ནུ་མ་མཚོན་སྣུན་བྱེད། །སྣོད་བཅུད་སེར་སྣའི་སྲོལ་སྣུབ་སྣུབས། །གཙོ་བོའི་སྣ་བོ་སྣེ་མོ་བ། །བར་མཐོང་ལྟར་སྣང་ཡོད་པའི་སྣང༌། །ལུས་སྣད་སྣང་གསལ་སྣ་ག་མང༌། །ན་རོའི་སྣ་རུ་རིའི་སྣ་བ། །རྒྱབ་ཀྱི་སྣམ་ལོགས་སར་བཏགས་ནའོ། །
བརྣབ་སེམས་སྦས་བརྣོགས་འགགས་པའི་བརྣངས། །འཐེན་པའི་བརྣུར་དང་ངེས་བཟུང་བརྣན།། བློར་བརྣག་བརྣག་དཀའ་བ་རའི་ནའོ། །
བསྣུབ་བྱའི་སྲོལ་བསྣུབས་ཚོན་བསྣུར་བྱ། །དྲི་དང་ཕྱག་ཏུ་བསྣམ་བྱ་བསྣམས། །གནད་དུ་ནུ་མ་མཚོན་བསྣུན་བྱ། །ཕན་ཚུན་བསྣོལ་མར་གོང་འོག་བསྣོར། །སྤགས་བསྣོས་སྔ་བསྣུར་འཇུག་བསྣར་བྱ།། ནེམ་བསྣེམས་འབོར་བསྣན་བ་སའི་ནའོ། །
པ༽ པར་མའི་པོ་ཏི་པཎྜི་ཏ། །པགས་བྱེའུ་པར་པར་པུར་གྱིས་འཕུར། །པང་པར་པིར་གྱིས་པ་ཏྲ་བྲིས། །མདའ་ཡབ་པུ་ཤུ་བྱ་པུ་ཤུད། །པུར་ཁང་པི་ཝང་པར་ཏང་གདན། །པུས་བཙུགས་པྲ་ཕབ་གཟའ་པ་སངས། །གཅིག་པུའི་པར་པུ་པོ་ཟོས་ཀྱང༌། །པོག་པོར་ག་པུར་པི་པི་ལིང༌། །པང་ལེབ་བུམ་པའི་མགུལ་ཆིངས་པྲོག །སྲོག་ཆགས་པས་པ་པོ་ཏ་ལ། །པས་ལས་པདྨ་པ་ལ་ཤ། །པུཎྜ་རི་ཀ་པ་སྣམ་ཡུལ། ། པུ་ཤེལ་ཙེ་དང་པྲི་ཡང་ཀུ། །ཟེ་པྲོག་པྲོག་ཞུ་འོག་པག་རྒྱན། །པ་ཤི་འབྲས་ཀྱི་ཅུང་པེང་ཟོ། །པགས་པ་སྟག་གི་པགས་པ་ཞེས། །གཞི་དང་མ་འབྲེལ་བ་དང་ནི། །དྲུག་སྒྲ་ཡོད་སོགས་པ་རྐྱང་ངོ༌། །
དཔག་ཚད་རྗེས་དཔག་དཔག་བྱ་དཔོག །དམག་དཔུང་རྐང་ཐང་དཔུང་བུ་ཆུང༌། །དར་དཔྱངས་དཔངས་མཐོ་དཔག་བསམ་ཤིང༌། །དཔེ་ཆ་དཔེ་བྱད་ཕངས་པའི་དཔེན། །ལག་དཔུང་སེམས་དཔའ་རྗེ་སློབ་དཔོན། །དཔལ་ལྡན་དཔང་ལོ་ཡི་གེ་དཔོད། །དཔྲལ་བ་དཔྱི་མགོ་ཐུར་དུ་དཔྱོངས། །དཔྱ་ཁྲལ་དཔྱིད་དུས་རྟོག་རྣམ་དཔྱོད། །གསོ་དཔྱད་དཔྱིས་ཕྱིན་དཔྱས་མི་འདོགས། །དཔེར་ན་དཔའ་བོས་དཔྱང་ཐག་དཔྱངས། །དཔང་པོས་བརྟག་དཔྱད་བློས་དཔྱད་དཔྱོད། །ཤིང་ང་དཔུང་བཅད་དས་འཕུལ་པའོ། །
སྟག་ལྤགས་ཤུན་ལྤགས་ཞེས་དྲུག་སྒྲ། །མེད་པ་ལ་ཡི་མགོ་ཅན་ནོ། །
སྤྲང་པོའི་སྤར་མོར་སྤ་དབྱུག་སྤམ། །སྤང་བྱ་སྤོང་བྱེད་སྤངས་སྤོངས་ཤིག །སྤགས་ལ་ཞོ་སྤྲིས་སྤགས་ནས་ཟ། །སྤ་བཀོང་སྤེལ་མར་ནས་སྤུང་སྤུངས། །སྤྲུ་མ་སྤ་མ་སྤེན་མ་ཤིང༌། །སྤོང་སར་བྱ་སྤུར་གཞན་དུ་སྤགས། །སྤོང་ཐག་སྤང་བ་སྤོང་བ་པ། །རྒྱུ་སྤུན་མུན་སྤྲུལ་སྤོབས་པ་ཆེ། །སྤང་རིའི་སྤོ་མཐོར་གནས་སྤོ་སྤོས། །སྤང་སྤོས་སྤྲ་བ་ཚོན་སྤང་མ། །ཤིང་སྤེ་སྤེལ་སྤེའུ་གཟའ་སྤེན་པ། །སྤར་ཁ་སྤོ་པོའི་སྐྲའི་སྤ་ལོ། །ནོར་སྤེལ་གནས་མེ་གྲངས་སྤར་སྤོར། །རྒྱན་གྱི་སྤེན་ཏོག་ཟས་ཀྱི་སྤོད། །འཕྲད་པའི་སྤྲད་སྤྲོད་སྤྲོད་དགོས་སྤྲད། །འཐབ་མོ་སྤྲད་སྤྲོད་ཕ་སྤད་སྤུན། །བརྡ་ཆས་སྤྲད་སྤྲོད་སྤྲོས་བྲལ་སྤྲུལ། །སྤོས་སྤྲིན་སྤྲོ་སྤྲོས་རིན་ཅེན་སྤུག །སྤྲ་སྤྲེའུ་རྒྱན་གྱིས་སྤ་སྤུད་སྤྲས། །མགོ་སྤུ་སྤྲུག་སྤྲུགས་འཕྲིན་སྤྲིང་སྤྲིངས། །སྤྲ་ཆལ་སྤྲ་ལག་མྱང་རྩི་སྤྲས། །རྡལ་སྤྲུགས་སྤྲོ་ཐུང་ཐུགས་སྤྲོར་སྤྱོན། །སྤྲ་ཚིལ་གཅེས་སྤྲས་ཚོང་ཁེ་སྤོགས། །ལྟ་སྤྱོད་སྤྱིའུ་ཚུགས་སྤྱི་བླུགས་སྤུབ། །སྤྱང་གྲུང་སྤྱི་གཙུག་སྟོང་སྤྱི་ཕུད། །གཤེ་བའི་སྤྱོ་སྤྱོས་མཐར་སྤྱུག་སྤྱུགས། །སྤྱང་ཀི་ཆུར་སྤྱིངས་དགེ་མི་སྤྱོམས། །དངོས་སྤྱད་སྣོད་སྤྱད་རྡུལ་གྱི་སྤབས། །སྒྲུབ་ཁང་སྤྱིལ་པོ་འབྱར་བྱེད་སྤྱིན། །དཀའ་བ་སྤྱད་སྤྱོད་ལོངས་སྤྱད་སྤྱོད། །སྤྱི་བྱིངས་མུ་སྟེགས་སྤྱོད་པ་བ། །ཆོས་སྤྱོད་སྤྱན་གཟིགས་ས་མགོའི་པའོ། །
ཕ༽ ཕང་པར་ཕུན་ཚོགས་ཕུན་ཚུགས་ཤིང༌། །ཕུད་ཕུལ་དབུལ་ཕོངས་ཁུར་ལུང་ཕོག །གོ་ཕེར་དོན་ཕིགས་རྒྱ་དཀར་ཕིབས། །སྤུ་ཕྲུག་ཕྲུགས་སྡེབ་གཡན་པ་ཕྲུགས། །སྨིན་ཕྲག་གྲིས་ཕུག་ཉིན་ཞག་ཕྲུགས། །མི་ཕམ་ཚིག་ཕྲད་ཕན་ཚུན་ཕྲད། །ཕྲིན་ལས་ཕྲེང་བ་འོད་ཕྲོམ་ཕྲོམ། །ཞབས་ཕྱིའི་ཕྲག་པས་ཞིང་ཕྲུ་སློག །ཕྲ་མ་ཕྲག་དོག་ཁ་ཕྲལ་ཕྲི། །ཕྲིགས་ཚུད་ཕྲན་ཚེགས་སེམས་ནོར་ཕྲོགས། །མངལ་གྱི་ཕྲུ་མ་རྡུལ་ཕྲན་ཕྲ། །དམག་སྒར་ཕྲུ་མ་བརྒྱ་ཕྲག་ཕྱེད། །ཕོངས་རྐུབ་ཕྱང་ཕྲུལ་ཕྱང་ངེ་བ། །ཕྱུག་པོའི་ཕྱིར་དུ་ཕྱོགས་བཅུར་ཕྱིན། །ཕྱེམ་རེད་ཕྱམ་ཤིང་དབྱེ་བ་ཕྱེད། །ཕྱིང་པའི་ཞབས་ཕྱགས་ས་ཕྱོད་ཆེ། །ཕྲ་མེན་སྒོ་ཕྱེ་ཕྱག་གིས་ཕྱར། །ཕྱར་གཡེང་ཕྱུགས་ཀྱི་གྲོད་པའི་ཕྱལ། །ཕྱག་འཚལ་སྔ་ཕྱི་ཕྱིན་ཅི་ལོག །ཕྱག་དར་གད་རོ་ཕྱག་བདར་ལས། །དབང་ཕྱུག་ཕུལ་ཕྱིན་ཕྱར་བ་བཏིང༌། །ཕྱིན་ཆད་ཕན་ཕྱིར་བཀའི་ཕྱིང་སང༌། །ཕྱི་ས་ཕྱིར་ཕྱུང་ཉིན་མཚན་ཕྱད། །ཡི་གེའི་ཕྱི་མོ་ཕྱག་ཚང་པ། །ཕྱེ་མའི་ཕུར་མ་ཕྱེ་མ་ལེབ། །ཕྱྭ་མཁན་ཕྱྭ་གཡང་མོ་ཕྱྭ་འདེབས། །ནམ་ཕྱེད་ཕྱེན་གཏོང་ཕྱམ་ཙེ་གྱོན། །ཕྱི་བདར་གྱིས་ཕྱིས་ཕྱགས་མས་ཕྱགས། །རྒྱགས་ཕྱེའི་ཕྱུར་བ་ཕྱེ་ཕུལ་གང༌། །ཕྲུག་གུ་ཕྱིར་ལོགས་གོས་ཕུད་ཕྱོར། །ཕྱགས་ལྷམ་ཕྲུ་སྣོད་ཕ་རྐྱང་ངོ༌། །
འཕོང་སྐྱེན་འཕང་བྱའི་མདའ་འཕེན་འཕངས། །གོ་འཕེར་དོན་འཕིགས་འཕོ་བ་ཐེབ། །ནམ་འཕང་ཁྲི་འཕང་གོ་འཕང་འཕྲོག །གོང་འཕེལ་མཐོར་འཕགས་གནས་འཕོ་འཕོས། །རྡོ་འཕོག་བྱ་འཕུར་འཕར་རྡོ་འཕིར། །འཕོངས་ཀྱི་འཕག་འཕག་མགོ་ཐུམ་འཕུར། །འཕྱོན་མའི་འཕང་ལོ་འཕལ་ཀ་འགྲིག །སྐྲ་འཕྱིངས་ཁ་འཕྲལ་རྟས་འཕྲ་རྒྱབ། །འཆི་འཕྲས་སེམས་འཕྲེང་འོད་འཕྲོ་འཕྲོས། །འཕྲེད་ལམ་འཕྲང་དོག་སྒྱུ་རྣམ་འཕྲུལ། །འཕྲལ་དུ་དགྲ་འཕམ་མིག་སོགས་འཕྲིག །གྲོགས་འཕྲད་འཕྲིན་འཕྲོད་ལམ་འཕྱུག་འཕྱུགས། །ལྟོ་འཕྱེ་སྙིང་འཕྱོ་དུས་འཕྱི་འཕྱིས། །རྐང་མེད་འཕྱེ་བོ་དར་འཕན་འཕྱར། །འཕྱི་བ་དུང་འཕྱུར་འཕར་བས་བསད། །འཕྱར་ཀས་འཕྱ་འཕྱས་རྒྱ་ཡན་འཕྱན། །རྡུལ་འཕྱུར་འཕྱག་འཕྱིད་སྒོ་འཕར་ཕྱེ། །ལྟོ་འཕྱིང་ལས་འཕུངས་འས་འཕུལ་ཕའོ། །
བ༽ བླ་མའི་བྱིན་རླབས་བླ་རེ་བྲེས། །བླུན་པོ་འདམ་བྱིངས་བློ་བློང་བློང༌། །བཙོ་བླག་ཆུ་བླུགས་ལག་གི་བླ། །བླ་བོ་བླ་མེད་སྟེང་གི་བླ། །བླ་གབ་བདེ་བླག་རུང་བཟོད་བླ། །བླང་དོར་བློས་བླངས་བླ་ཐབས་བསྣན། །བློ་བྲིད་བླ་བྲང་བླ་དྭགས་མིང༌། །བློན་པོ་བློ་གྲོས་བློན་འདེབས་གྲོས། །བླ་སྲོག་བླུ་བླུས་གོས་ཀྱིས་བྱིབས། །བྱང་བུ་བརྒྱ་བྱིན་རྣ་བ་བླགས། །བྱང་དུ་བྱ་དགའི་ལས་ལ་བྱང༌། །སྐྲ་བྲེགས་རབ་བྱུང་བླ་གོས་བྱིན། །ལྷས་བྱིན་གཟི་བྱིན་བྱུག་རིས་གྲལ། །བྱེས་ནས་བྱོན་བྱུང་བྱུག་པ་བྱས། །བྲན་གཡོག་བྱན་མོ་བྱིང་རྒོད་བྲལ། །ཡོ་བྱད་ཆ་བྱད་བྱད་བཞིན་གདོང༌། །བྱུ་རུ་བྱི་དོར་ནང་བྱན་ཚུད། །སྤྱི་བྱིངས་བྱེ་བྲག་གྲངས་བྱེ་བ། །བྱ་བྱིའུ་ད་བྱིད་བྱོལ་སོང་ངོ༌། །བྱུར་ཆེ་སྤུ་བྱི་བྲ་ཕྱེ་བྱོ། །འཕྱོན་པའི་བྱི་བོ་བྲོས་བྱོལ་བྱེར། །བྱད་ཁ་བྱབས་ནས་བྲོབ་དང་བྲབས། །བྱམས་པ་བྱིན་ཆགས་བྱི་ལའི་བྲུན། །བྱིས་པས་བྱ་རའི་བྱ་བ་བྱོས། །རི་བྱི་བྱི་བཞིན་བྲ་ཉེ་སྐར། །བྱག་མཁན་གོས་བྱེར་སྣོན་ཁ་བྱེ། །བྱུས་ལེགས་བྱེ་མ་བྲེ་བྱུར་བྱུར། །ཆུས་བྲན་ཆུ་བྲུག་བཏང་མི་བྲ། །བྲ་བ་བྱི་བ་སྡེར་མོས་བྲད། །ལས་བྲེལ་ངུ་སྐྱུག་དགོད་གཅིན་བྲོ། །བྲོ་འཁྲབ་རི་བྲགས་བྲགས་སུ་བྲུབས། །བྱིན་པའི་བྲོ་ནད་རྐང་པའི་བོལ། །སྨན་བླ་བྱིལ་མོར་བ་བླ་བྱུགས། །བྱ་ན་རོ་བྲོ་བྲོ་བ་ཆེ། །བྲང་འགྲོའི་བྲང་ཁོག་སྣུམ་བྱིལ་བྱིལ། །ལྟོགས་པའི་བྲུ་ཚ་རྟའི་བྲེས་ར། །བྲུལ་གཏོར་སར་བྲུལ་འཇིགས་པའི་བྲེད། །བློ་བྲོད་ས་བྲུས་ཚོང་མགོ་བྲིན། །སྟོབས་བྲི་ཟས་བྲིམས་མནའ་བྲོ་བོར། །བྲག་ལ་བྲམ་ཟེས་ལྷ་བྲི་བྲིས། །ལྟོ་གོས་བྲང་བྲེང་བྲེ་མོའི་གཏམ། །སོས་བླད་ཆུ་བླུད་བ་རྐྱང་ངོ༌། །
དབང་པོ་དབང་ཕྱུག་དབང་ཐང་ཆེ། །རྫིང་དབོལ་ཆུ་དབོ་སྐར་མ་དབོ། །དབྱར་ཆུའི་དབའ་རླབས་དབུ་བ་ཅན། །དབུལ་པོའི་ཁའི་དབུགས་ཞེ་སའི་དབལ། །དབལ་ནི་ཤ་ཉམས་རྩེ་དྲོད་ཏོག །ཕུལ་དབུལ་དབང་ལྡན་སྲུབ་དབར་དོག །དཀྱིལ་མིང་དབུང་དབུས་དབུ་མའི་ལུགས། །དབེན་པར་དབྱངས་ཅན་དཔྲལ་དབྱེས་ཆེ། །དབྱིག་གཉེན་གདུགས་དབུབ་དབོན་པོའི་དབུ། །སྨ་དབབ་ཚོན་དབུར་གཏན་ལ་དབབ། །དབང་བསྐུར་བྱིན་དབབ་ལུང་ནོར་དབོག །སྣ་དབུག་དབུགས་དབྱུང་སོ་སོར་དབྱེ། །དབྱིག་པ་དབྱུག་པ་དབྱུ་གུ་ཤིང༌། །ཆུ་ཚོད་དབྱུ་གུ་གྲི་དབྱུག་དབྱུགས། །དབྱིབས་ལེགས་ནོར་བུ་དབང་སྔོན་དབྱིག །ཆོས་དབྱིངས་དབྱེར་མེད་ཕྲ་མའི་དབྱེན། །ཚོན་དབྱི་གྲིས་དབྲད་བཙོག་པའི་དབྲེ། །ནོར་དབྲོག་ཁ་དབྲི་དབྱི་ལྤགས་དབྲལ། །སྐྱོན་གྱིས་དབགས་དང་དབྱིག་མོར་དབྱིག །ཕྱིར་དབྱུང་སུན་དབྱུང་གནས་དབྱུང་བྱ། །ཞ་ཉེའི་དབྱར་འདབ་དས་འཕུལ་བའོ། །
འབུད་དུང་རྗེ་འབངས་འདྲ་འབག་འབེན། །སྐྲ་འབལ་ཐོག་འབུབ་གཏན་ཆར་འབེབ། །ལས་འབུངས་འབད་མེད་འབིགས་བྱེད་འབུལ། །མེ་འབར་སྣ་འབུག་འབེལ་གཏམ་འབུམ། །འབྲུབ་ཁུང་འབྲུག་སྐད་འབྲས་འབྲུ་འབྲིང༌། །འབྲོག་པའི་འབྲང་སར་འབྲི་གཡག་འབྲོང༌། །འབྲེང་ཐག་འབྲས་བུ་རྗེས་འབྲང་འབྲངས། །ཆུ་འབྲུབ་སར་འབྲུལ་འབགས་བཙོག་འབྲེལ། །འབྲལ་མེད་ཁ་འབྲི་ཐུན་འབྲབ་བྱེད། །ཁ་འབྱར་འབྱོར་པ་འབོར་ཆེ་འབབ། །རབ་འབྱམས་འབྱམས་ཀླས་འབམ་འབྲུམ་འབྱང༌། །འབྲོམ་སྟོན་འབྱོན་དུས་ལས་ཀ་འབྱོན། །འབར་འབུར་ལྕེས་འབྱོག་ཡི་གེ་འབྱོངས། །འབྱུང་བཞི་ཚོན་འབྱུག་ལྟོ་ཚེ་འབྱིད། །མཚང་འབྲུའི་ཚིག་འབྱིན་འབྲོས་འབྱོལ་འབྱེར། །ཁ་སྒོ་འབྱེ་འབྱེད་འདྲད་པའི་འབྱིད། ། འདམ་འབྱིང་ཆུ་འབྱོ་བཤལ་བའི་འབྱངས། །མིང་འབོད་ཁ་འབུས་འས་འཕུལ་བའོ། །
རྦབ་སྒྲིལ་ཁ་རྦད་ཆུའི་རྦ་རླབས། །ཁྱི་རྦད་རྦོད་གཏོང་སྐྱ་རྦབ་ནད། །རྦུད་རྡེག་མ་རྒྱག་རྦོད་མ་སྐྱེལ། །རྦད་མགོ་རྦད་ཆོད་རར་བཏགས་བའོ། །
ལྦུ་བ་ལྦ་བ་ལར་བཏགས་བའོ། །
སྦུག་ཏུ་ནོར་སྦ་སྦས་སྦོས་སྦེད། །སྦུད་པ་སྦོམ་པོས་མེ་སྦར་སྦོར། །སྐར་མ་བྱ་སྦོ་སྟོབས་ཀྱི་སྦུངས། །སྦང་མས་སྦགས་པ་འདྲེས་པར་སྦོར། །སྦུ་ལ་སྦལ་སྦྲུལ་སྦུར་པ་སྦྲེ། །སྦྲ་གུར་ཉིས་སྦྲེལ་སྦུབས་སུ་ཚུད། །སྦྲུམ་མར་སྦོ་སྦྱར་འདོམས་སྦ་བ། །གཙང་སྦྲའི་སྦྱོར་དངོས་ཟས་སྦྲུ་སྦྲུས། །དམ་སྦྲིང་སྦྲང་མ་སྦྲང་རྩིས་སྦོས། །ལྟོགས་སྦྲེབས་འཁྱག་སྦྲེས་ཕྱག་སྦལ་བཙོན། །ལུས་སྦྲིད་སྦྲིད་པ་ཆུ་སྦྲེང་སྦྲེངས། །སྦྱང་བྱ་སྦྱོང་བྱེད་སྦྱངས་སྦྱོངས་ཤིག །ཆུ་ལ་སྦང་སྦོང་སྦངས་སྦོངས་ཤིག །སྦ་འཁར་ཉིས་སྦྲག་སྦྲགས་སྦྲོག་སྦྲོགས། །གནོད་སྦྱིན་ནོར་སྦྱིན་གྲང་བའི་སྦྲེབ། །རྟ་སྦངས་སྦུན་པ་རྩྭ་སྦུར་མ། །སྦོད་དོ་སྦྲེ་ལོག་སྦེ་ག་རྒྱབ། །ཁྱེམ་གྱི་སྦྱག་མ་གཅིག་ཏུ་སྦོམས། །སྦུག་ཆལ་ཤེད་སྦྱག་གྲོགས་སྦྲན་སྦྲོན། །སྦྱིན་རྫས་གསེར་སྦྲམ་ས་ལེ་སྦྲམ། །དགེ་སྦྱོང་གསོ་སྦྱོང་སར་བཏགས་བའོ། །
མ༽ མྱ་ངན་མྱང་འདས་མྱུ་གུ་སྐྱེ། །མྱོང་འདོན་ཡོད་མེད་བདེན་པའི་མད། །རུལ་མྱགས་མྱག་མྱོགས་རོ་མྱགས་འདམ། །མྱུར་དུ་མྱ་ངམ་ཐང་མྱུལ་ཏེ། །མྱང་མྱང་མྱུག་མྱུག་ཆང་གིས་མྱོས། །རོ་སྡུག་མྱང་མྱོང་མ་རྐྱང་ངོ༌། །
དམྱལ་བ་གནས་དམའ་ཉེས་དམིགས་ཆེ། །དམུ་རྒོད་དམུ་ཆུ་འདྲེ་སྲིན་དམུ། །གཙང་དམེ་འཛུམ་དམུལ་དམིགས་པ་གཏོད། །དམོད་བཙུགས་དམངས་རིགས་དམོད་པ་འདོར། །ལོང་ཁྲིད་དམིགས་བུ་དམིག་གུ་འབིག །དམག་མི་དམུས་ལོང་བློ་དམུན་བླུན། །ལག་དམར་དམིགས་བསལ་མྱུག་མྱུག་དམྱུགས། །མཆོག་དམན་དམེ་བོ་རུས་གཅིག་གསོད། །ཉམས་དམས་དམུས་བྱུང་ཁ་དོག་དམར། །ཁག་ཁུར་ཁ་དམར་དས་འཕུལ་མའོ། །
རྨོ་མོ་བལ་རྨེལ་དྲི་བའི་རྨེད། །རྟ་རྨིག་སྒ་རྨེད་དྲིས་པའི་རྨས། །རྨི་ལམ་རྨི་རྨིས་གྲིས་རྨས་རྨ།། རྨོན་པས་རྨོན་དོར་རྨོ་རྨོད་རྨོས། །བློ་རྨོངས་བྱིང་རྨུགས་དབུ་རྨོག་བཙན། །རྨ་བྱ་ཁམས་རྨྱ་བྱ་རྨྱང་བྱེད། །སེར་སྣའི་སེར་རྨེ་སུན་པའི་རྨུས། །རྨད་བྱུང་ཤ་རྨེན་ངོ་མཚར་རྨད། །རྩིག་རྨང་རྨེག་མེད་རྨུགས་འཛིན་ལྷ། །རྨེ་བདུན་རྨངས་ཚེར་རྨོངས་སྤུ་འཐོག །ཁྱིས་རྨུར་རྨུག་རྨུགས་རར་བཏགས་མའོ། །
སྨལ་པོ་སྨིན་དྲུག་ལོའི་སྨེ་བ། །ཚེ་སྨད་སྨ་ཕབ་སྨད་རས་སྨོད། །བུ་སྨད་མིང་སྨོས་སྨྱན་ཀ་བྱེད། ། སྨན་ལྗོངས་སུག་སྨེལ་སྨན་པའི་སྨན། །སྨུག་རྩི་མདོག་སྨུག་ཕན་པའི་སྨན། །མུན་པའི་སྨག་རུམ་སྨོན་འདྲིན་གྲོགས། །རྣམ་སྨིན་སྨིག་རྒྱུ་སྨོས་ཅི་དགོས། །སྨིན་མ་སྨ་ར་ངུར་སྨྲིག་མདོག །སྨོན་ལམ་འབྲས་སྨིན་སྨེ་ཤ་ཅན། །ལུས་ཀྱི་སྨེ་བ་ཟོང་མིན་སྨར། །སྨན་བཙུན་སྨན་མོ་ལྷ་སྨེ་རྩེགས། །གཏམ་སྨྲ་སྨྲས་སྨྲོས་སྨྲེ་སྔགས་འདོན། །སྨྲེང་འདོན་གསང་ཚིག་འདོན་པའི་བརྡ། །སྨྱུང་གནས་དུས་སྨྱུར་སྨྱོན་པ་སྨྱོ། །སྨྱུག་གུའི་སྨྱིག་གུ་སྨྱག་ཤད་ཤིང༌། །སྨྱུག་མའི་སྨྱིག་མ་མགོ་སྨྱུང་སྨྱུང༌། །སྨིན་དྲུག་བུ་སོགས་ས་མགོ་མའོ། །
ཙ༽ ཙབ་ཙུབ་ཙོང་ཙོང་ཙོག་ཙོག་པུ། །ཙེ་ནེ་ཙེ་རེ་ཙམ་པ་ཀ །ཙཱུ་ཏ་ཙོང་ཁ་ཡུལ་དེ་ཙམ། །ཙཱ་རུའི་བཟའ་བ་ཙུག་ཙུག་སྒྲ། །དེ་ཙུག་སྲན་མའི་ཙ་ན་ཀ། །ཙནྡན་གོང་མོའི་ཙ་ཀོ་ར། །ནེ་ཙོ་སྲེག་པའི་ཙི་ཏི་མོ། །ཙ་རི་བ་སོགས་ཙ་རྐྱང་ངོ༌། །
གཙུག་ཏོར་སྤྱི་གཙུག་གཙུག་ལག་ཁང༌། །གཙང་ཆུ་གཙོད་རུ་དྲི་གཙང་ཁང༌། །གཙང་སྦྲ་གཙོ་བོ་ཟས་གཙང་སྲས། །སོ་གཙིགས་གཙུབ་ཤིང་གཙུབ་བསྟན་གཙུབས། །གཙག་བུས་ཁྲག་གཙགས་སྙད་གཙེར་གྱིས། །གཙེ་གཙེས་དབུས་གཙང་ཐུགས་གཙུགས་ཆེ། །མི་རིགས་མི་གཙིགས་གཙིགས་ལ་ཕབ། །རྟའི་གཙུག་ལ་སོགས་གས་འཕུལ་ཙའོ། །
བཙུན་པ་ཚོས་མཁན་བཙོ་བླག་མཁན། །ཆུ་བཙིར་སྒོག་བཙོང་བཙོང་བྱ་བཙོངས། །བཙག་དམར་བཙོད་ཀྱིས་གོས་བཙོ་བཙོས། །བཙག་བྱ་བཙན་དུག་ཚགས་ལ་བཙགས། །བཙད་པོས་མཐོ་བཙམས་གོས་བཙེམ་བཙེམས། །བཙན་རྒོད་བཙན་ཐབས་གསེར་བཙོ་མ། །འབགས་བཙོག་ལོའི་བཙའ་ལྕགས་བཙས་ཁྱེར། །བཙོན་བཙུད་བཙུན་མོར་བུ་བཙའ་བཙས། །བཙན་པོ་བཀའ་བཙན་སྤྱན་རས་བཙའ། །བཙབ་བྱ་གྲིས་བཙབས་བཙས་མ་རན། །ཤ་ཕྱུགས་བཙོ་བཙོས་ཕྱག་ནོར་བཙལ། ། རྗེ་བཙུན་སྲོང་བཙན་ནང་དུ་བཙངས། །ཤིང་སྲོལ་བཙུགས་བཙུགས་ལ་གྲུའི་བཙས། །རྡེག་བཙོག་མིག་བཙུམས་བས་འཕུལ་ཙའོ། །
རྩིག་པ་རྩིག་མཁན་ཉིས་རྩེག་བྱེད། །འཐབ་རྩོད་རྩེད་མོ་རྩེ་རྩེས་རྩེན། །སྟོབས་རྩལ་རྩིས་པས་གྲངས་རྩི་རྩིས། །རྩ་བ་རྩེ་མོ་ཚོན་རྩི་རྩིང༌། །རྩི་མར་རྩི་ཤིང་རྩི་ཐོག་རྩྭ། །སྐོམ་གྱི་རྩབ་མོ་སེར་རྩའི་གོས།། ཁ་རྩང་རྩམ་པའི་རིན་ལ་རྩེག །རུས་པའི་རྩིབ་མ་རྩིད་པ་རྩུབ། །ལྔས་རྩེན་སུམ་རྩེན་རྩེ་སྨན་དང༌། ། རྩབས་གཅོད་རྩད་གཅོད་ཚེར་མའི་རྩང༌། །སྲོག་ཆགས་རྩངས་པ་འཁོར་ལོའི་རྩིབས། །རྩེ་རྒོད་སྲོག་རྩོལ་ལུས་ཀྱི་རྩ། །ཞོ་རྩབས་གོས་རྩེང་རྩེད་དང་ཡུལ། །བཀའ་རྩོམ་རྩོམས་ཤིག་འབད་རྩོལ་མེད། །རྩ་ལག་རྩ་རླུང་རར་བཏགས་ཙའོ། །
བཀའ་སྩལ་དངོས་གྲུབ་སྩལ་དང་སྩོལ། །སྦྱིན་པ་སྩལ་བགྱི་བགྱིད་དུ་སྩལ། །སྩལ་ཏུ་གསོལ་སོགས་སར་བཏགས་ཙའོ། །
བརྩད་ཅིང་དྲིས་ནས་བརྩམ་བྱ་བརྩམས། །བརྩོན་འགྲུས་ཁང་བརྩེགས་བརྩིག་བྱ་བརྩིགས། ། སྙིང་བརྩེ་གྲངས་ཀ་བརྩི་བྱ་བརྩིས། །སོ་བརྩེ་སྟེང་དུ་བརྩེག་བྱ་བརྩེགས། །བརྩེད་བྱ་གོས་བརྩེངས་བ་རའི་ཙའོ། །
ཚ༽ ཚྭ་བུལ་འོད་ཟེར་ཚྭ་ཚྭ་འཕྲོ། །ཚ་གྲང་སྐྱེད་ཚལ་ཁང་པའི་ཚོམས། །ཚོགས་པའི་སྡེ་ཚན་ལུས་ལང་ཚོ། །ཁམ་བུའི་ཚི་གུ་རྐང་ལག་ཚིགས། །ཚོན་རྩེ་ཕྲ་ཚོམ་ཚར་དུ་དངར། །ཚངས་ར་མེས་འཚིག་ལྷ་ཚངས་པ། །ཚིགས་བཅད་ཚིག་དོན་ཡུལ་ཚོའི་དཔོན། །ཐེ་ཚོམ་ཚམ་རྔམས་ཚ་རྐྱང་ངོ༌། །
མཚུར་སྟོན་ཁ་མཚུལ་མགོའི་མཚོག་མ། །འགྲུལ་པའི་མཚེར་ཞག་ངོ་མཚར་ཆེ། །བྱ་རྟ་མཚའ་ལུ་སྐྱོན་མཚང་ཆེ། །མཚན་དཔེ་མཚོ་མཚེའུ་མིང་གི་མཚན། །མཚན་ཉིད་མཚོན་བྱ་མཚན་མས་མཚོན། ། མཚན་གཞི་མཚམས་བསྡམས་མཚམས་མེད་ལས། །ཁྱིམ་མཚེས་གྲལ་མཚེས་བུ་མཚེ་མ། །མཚལ་དམར་ས་མཚུར་དུར་མཚོད་མཚུན། །ཕྱོགས་མཚམས་རྒྱལ་མཚན་མཚན་མོའི་དུས། །མཚོན་ཆ་ཕྱག་མཚན་ཤིང་མཚེར་པ། །མཚའ་མེས་འཕར་བའོ་ཞེ་བློ་མཚེར། །རྒྱུ་མཚན་མཚར་སྡུག་མཉམ་པའི་མཚུངས། །སྔོ་སྨན་མཚེ་སོགས་མས་འཕུལ་ཚའོ། །
འཚོ་བྱེད་ལུས་འཚོ་རྒྱལ་བའི་འཚེངས། །ཏིལ་འཚིར་མེས་འཚིག་ལུས་འཚག་བཟང༌། ། གནོད་འཚེ་ཟས་འཚེད་དུ་བ་འཚུབ། །བློ་འཚབས་ཆུ་འཚག་ནང་དུ་འཚངས། །ཆོས་འཚོལ་ཕྱུགས་འཚོ་འཛོམ་པའི་འཚག །བརྡེག་འཚོག་ངལ་འཚོ་སྐྱིན་པ་འཚོབ། །གདུང་འཚོབ་འཚང་རྒྱ་གཟུགས་ལོང་འཚར། །འོད་འཚེར་ཁྲོམ་འཚོགས་འཚོག་ཆས་འཚོང༌། །ཕྱག་འཚལ་བློར་འཚམས་ཤེས་ཆོག་འཚལ། །ཟ་མ་ཟ་བའི་འཚལ་མ་འཚལ། །མིག་འཚུམ་གོས་འཚེམ་གྲངས་འཚང་འགྱུར། །དུས་འཚམས་སེམས་འཚེར་འས་འཕུལ་ཚའོ། །
ཛ༽ ཛ་རག་ཛ་ལང་ཛ་བོ་ཤིང༌། །ཛ་ཡ་ཅན་སོགས་ཛ་རྐྱང་ངོ༌། །
མཛའ་བོ་དཔའ་མཛངས་བང་མཛོད་མཛེས། །མཛོ་གཡག་མཛེ་ནད་མཛེར་པ་ཅན། །གནོད་མཛེས་མཛོད་སྤུ་མཛད་འཕྲིན་མཛོད། །མཛོལ་བུ་རི་དྭགས་འཛིན་སྤྱད་དོ། །མཛོག་མགོའི་མཛུབ་མོ་མས་འཕུལ་ཛའོ། །
འཛམ་གླིང་ཆོས་འཛོམ་འཛེག་སྐས་འཛུག །བཞིན་འཛུམ་ཆུད་འཛའ་འདུ་འཛིར་འཛེམ། ། འཁྲུགས་པའི་འཛག་འཛོག་ཟད་པའི་འཛད། །འཛབ་བཟླས་སྐད་འཛེར་བཟུར་བའི་འཛུར། །ཆུ་འཛག་སྣུམ་འཛིར་ནོར་འཛོལ་འཛིངས། །སྒོར་འཛུལ་རྡོ་འཛེང་གདོང་འཛེང་རིང༌། །འཛབས་རིང་གོས་འཛར་ལག་འཛང་འཛངས། །སྣེ་འཛོམ་གཏམ་འཛེར་ནང་དུ་འཛུད། །སྣོད་འཛེད་ལག་འཛིན་སྨན་འཛིན་པ། །ཏིང་འཛིན་སྲོལ་འཛུགས་འས་འཕུལ་ཛའོ། །
རྫུས་སྐྱེས་རྫུ་འཕྲུལ་རྫི་གསང་མེད། །རྫིང་བུའི་འདམ་རྫབ་རྫབ་རྫུབ་རྫུན། །མིག་གི་རྫི་མ་རླུང་གི་རྫི། །ཕྱུགས་རྫིའི་རྫོངས་སུ་རྫིའུ་ཚོས་བྱིན། །ཀུན་རྫོབ་ཟོག་རྫུ་རྫོང་བྱེད་རྫོངས། །རྫ་རིའི་མཁར་རྫོང་ནོར་རྫས་རྫོགས། །རྫ་མར་རྫོབ་བྱེད་རྡོས་རྫོག་བྱེད། །རྫོགས་ཆེན་རྫོགས་སངས་རར་བཏགས་ཛའོ། །
བརྫོག་བྱ་རྡོས་བརྫོགས་ཁྲོ་བོར་བརྫུས། །སྤགས་བརྫིས་ཕན་ཚུན་བརྫབ་བྱ་བརྫབས། །གོས་བརྫེས་གཞན་དུ་བརྫང་བྱ་བརྫངས། །གཞན་གྱིས་མི་བརྫི་སྲོག་ཆགས་བརྫིས། །བརྫུན་སྨྲས་ར་མགོ་ལྡན་པའི་ཛའོ། །
ཝ༽ ཝ་སྐྱེས་ཕ་ཝང་ཆུའི་ཝ་ཁ། །འགིའུ་ཝང་པི་ཝང་འཛུམ་ཝང་ཝང༌། །ཡིད་ལ་ཝ་ལེ་ཝང་ལོང་དང༌། །ཝ་ཏ་ཡུག་སོགས་ཝ་རྐྱང་ངོ༌། །
ཞ༽ ཞ་བོ་རྟར་ཞོན་ཞྭ་མོ་གྱོན། །ལྷ་རྟེན་ཞོལ་པོ་རྔ་ཞོལ་ཆེ། །ཞག་གི་ཞུན་མར་ཞོ་ཟན་ཞིམ། །ཞིབ་རྩིང་ཞེང་ཆེ་འོད་དུ་ཞུ། །སར་ཞོག་ཞར་བྱུང་དོན་ཞུ་ཞུས། །སེམས་ཞུམ་ནད་ཞི་སྲིད་ཞིའི་ཞབས། །ཞང་པོ་ཞེན་ཆེ་སྤུས་ཞན་ཞེལ། །རྗེས་ཞུགས་བརྟུལ་ཞུགས་མེ་ཡི་ཞུགས། །ཞེ་སྡང་ཁ་ཞེ་ལམ་དུ་ཞུགས། །མིག་ཞར་སྙོམས་ཞུགས་ཞ་རྐྱང་ངོ༌། །
གཞོན་ནུ་གཞུང་བཟང་ཆོས་ལ་གཞོལ། །ཀུན་གཞི་རྣམ་གཞག་ལྗོངས་ཀྱི་གཞོངས། །མཉམ་གཞག་གཞལ་བྱ་གཞལ་མེད་ཁང༌། །གཞོག་སློང་མདའ་གཞུ་མངག་གཞུག་གཡོག །གཞང་འཚོང་གཞང་འབྲུམ་ནད་གཞི་ཆེ། །གཞུང་སྒེར་གཞིས་ཀ་གཞོབ་དྲི་ཁ། །གནས་གཞི་ཤིང་གཞོང་མིའི་གཡང་གཞི། །གཞི་གྲུབ་གཞུང་ལུགས་བརྟག་གཞིག་གཞིགས། །ཡིད་གཞུངས་དགྲ་གཞོམ་བཅོས་པའི་གཞིལ། །གཞེས་ཉིན་གཞིག་པོ་བསྒྲིལ་འཇིབ་གཞིབ། །གླུ་གཞས་ཚད་གཞལ་བསྒྲིགས་འཇིབས་གཞིབས། །བློ་གཞོགས་འཇའི་གཞའ་གཞེན་བསྐུལ་འདེབས། །དྲན་པ་ཉེར་གཞག་འཇུག་པའི་གཞུག །རང་གཞན་བྱ་གཞག་ལྕག་གིས་གཞུ། །གཞར་ཡང་གཞུར་མེད་ཤ་གཞུར་བྱེད། །ནམ་གཞག་གཏན་དུ་འཚོ་ཞིང་གཞེས། །གཡུང་དྲུང་གཞའ་གསང་གས་འཕུལ་ཞའོ། །
བཞབས་བསྒོ་གསོལ་བཞིའི་ཐུགས་བཞེད་བཞིན། །བཞེངས་བཞུགས་འབྱོན་བཞུད་བཞོན་པ་རྟ། །གཡོག་བཞུན་མར་བཞུ་བཞུར་ནས་བཞེས། །ཁུར་བཞེས་དེ་བཞིན་ནང་ཁྲོལ་བཞག །བཞིན་རས་མེ་བཞི་གྲོ་བྱི་བཞིན། །གྲིས་བཞུར་སྐྲ་བཞར་བཞའ་བཞེར་རླན། །བཞོན་མ་བཞོ་བཞོས་འཇབས་པའི་བཞབས། །ཤིང་བཞོགས་སར་བཞག་བཞད་མོ་བཞད། །དཔང་པོའི་ཆེ་བཞི་འདབ་ཆགས་བཞད། །གྲངས་བཞི་གྲི་བཞུས་བས་འཕུལ་ཞའོ། །
ཟ༽ ཟྭ་ཚོད་ཟས་ཟོ་ཟད་པ་མེད། །གང་ཟག་ཟག་མེད་ཟབ་དོན་སྒོམ། །ཟང་ཟིང་ཟོལ་ཟོག་གཉིས་ཀྱི་ཟུང༌། །ཟླས་དབྱེ་ལུས་ཟུངས་དོགས་ཟོན་ཟུངས། །ཟངས་དམར་ཟུང་འབྲེལ་བྱས་ཟིན་ཟེར། །ཁྱི་ཟུག་ཟོར་འཕེན་ཆུད་ཟོས་ཟོབ། །རྩྭ་རྔའི་ཟོར་བ་ཟོ་བ་ཟོམ། །རྩྭ་རྩེའི་ཟིལ་པ་ཟིལ་གྱིས་གནོན། །ཟལ་པོའི་སྤུ་ཟགས་ཟར་མ་ཟོས། །ནང་ཟན་ཅུང་ཟད་སྨར་མིན་ཟོང༌། །འོད་ཟེར་ཟེའུ་འབྲུ་ཟུག་རྔུ་ནད། །ཟམ་ཟུམ་ཁ་ཟུམ་ཟམ་པའི་ཟུར། །ཟུར་དུ་སྔགས་ཟློ་གཞན་ལ་ཟློ། །ཟླ་བ་ཟླུམ་པོ་ཟློས་གར་སྒྱུར། །ཟླ་གྲོགས་ལོ་ཟླ་མྱ་ངན་ཟློ། །རྗེས་ཟློས་གཏམ་ཟློ་འགྲན་ཟླ་མེད། །ཟླ་གམ་ཟློག་པ་ཟ་རྐྱང་ངོ༌། །
གཟའ་སྐར་འོད་གཟེར་ནོར་བུ་གཟི། །གཅན་གཟན་གཟིག་གི་གཟུགས་བརྙན་གཟིགས། །རྔུལ་གཟན་ཕྲག་པར་གཟེད་ཅིང་གཟར། །གྲུ་གཟིངས་གཟུང་འཛིན་ཡང་གཟོས་ཆེ། །ཕྱིང་གཟར་སྲིན་གཟར་གདན་གྱི་མིང༌། །གཟན་སྟན་བཀུར་གཟོས་བརྡེག་པར་གཟས། །གཟི་བརྗིད་གཟི་འོད་དགང་གཟར་བླུགས། །ད་གཟོད་དྲིན་གཟོ་ཆུད་མི་གཟོན། །གཟུ་ལུམ་ཟུག་གཟེར་འཛེམ་པའི་གཟེམ། །མུ་སྟེགས་གཟེགས་ཟན་འཛུགས་པའི་གཟུགས། །གཟེངས་བསྟོད་གཟི་མདངས་གཟོད་མའི་དུས། །ལྕགས་གཟོང་སྨྱུག་གཟོབ་ཆུའི་གཟེགས་མ། །དྲང་པོའི་གཟུ་བོ་གཟིམ་མལ་གཟིམས། །བཟུངས་སྔགས་གཟུངས་སྤོབས་གཟུངས་གདབ་བོ། །རི་གཟར་གཟེངས་མཐོ་གཟར་བུ་སྐྱོགས། །གཟུང་མོ་བྱི་དུར་གཟེ་མའི་འབྲུ།། ཤ་གཟུག་ལ་གཟིར་སྤགས་ཀྱི་གཟན། །ཚེར་མ་གཟང་རིང་རྐང་པར་གཟན། །གྲི་གཟེར་ལྕགས་གཟེར་ས་ལ་གཟགས། །གཟབ་མཆོར་གཟབ་གཟོབ་རྩྭའི་གཟན་པ། །གདང་བུའི་གཟར་ཐག་འཇུག་པའི་གཟུད། ། བུམ་པའི་གཟུངས་ཐག་གཟུང་བར་བྱ། །བསྒོ་བ་རྣར་གཟོན་གས་འཕུལ་ཟའོ། །
བཟའ་བ་བཟང་པོ་བཟབས་ནས་བྱིན། །བཟོ་བོ་བཟའ་མི་ཆང་གིས་བཟི། །གཏུམ་པའི་མི་ཟད་བཟེ་རེ་ཅན། །བཟོ་བཟོས་ལྷུང་བཟེད་བཟེད་ཞལ་བཟེད། །ན་བཟའ་དྲི་བཟང་ལག་པས་བཟུང༌། །ལམ་བཟུར་ཟས་བཟས་བུད་མེད་བཟའ། །བཟེ་ཆུང་ཚུལ་བཟུང་ངེས་བཟུང་ཅན། །དེང་ནས་བཟུང་སྟེ་རྗེས་སུ་བཟུང༌། །བཟོད་པ་དབྱེན་བཟླུམས་གཅིག་ཏུ་བཟླུམས། །མི་བཟློག་དགྲ་བཟློག་སྔགས་བཟླ་བཟླས། །མྱ་ངན་བཟླ་སོགས་བས་འཕུལ་ཟའོ། །
འ༽ མིའུ་ཐུང་འོལ་པ་བེལ་གྱི་བེའུ། །ཞོགས་འུར་འོར་ལྷུངས་སྤེལ་གྱི་སྤེའུ། །འུད་གོག་འོར་ཆེ་སྤྲེལ་གྱི་སྤྲེའུ། །ཐེའུ་རང་ཟེའུ་འབྲུ་དྲེལ་གྱི་དྲེའུ། །རྔའི་རྔེའུ་ནེའུ་ལེ་མདེལ་གྱི་མདེའུ། །དཔལ་བེའུ་བེའུ་བུམ་འུག་པ་འོན། །རེའུ་མིག་དཔེའུ་རིས་འའི་ལེ་འུའོ། །
ཡ༽ ཡི་རང་ཡི་ཆད་ཡི་དྭགས་དང༌། །མདའ་ཡབ་རྔ་ཡབ་ཡ་རྐྱང་ངོ༌། །
གཡང་གཞི་གཡོག་གཡོགས་གཡིག་བུས་གཡིགས། །གཡེར་བག་གཡི་ལྤགས་གཡབ་གཡུག་གཡོབ། །གཡོན་མ་ལོག་གཡེམ་གཡེང་བས་གཡེངས། །གཡས་གཡོན་གཡུལ་སྤྲོད་གཡུལ་ལས་གཡོག །གཡའ་སྒོག་སྐྱི་གཡའ་ལྕགས་གཡའ་གཡུ། །གཡུང་དྲུང་ཕྱྭ་གཡང་གཡང་ཊིའི་སྣོད། །བུད་མེད་གཡེར་མོ་གཡེར་མ་སྨན། །གཡོ་སྒྱུ་ས་གཡོ་ཟས་གཡོ་གཡོས། །གྲུ་དར་རླུང་གཡོར་རླུང་གཡོ་གཡོས། །ནང་གཡུལ་གཡམ་རྒྱུག་མི་གཡོ་བ། །གཞན་ལ་ཁ་གཡར་གཡར་པོ་གཡོར། །མིག་གཡོར་ཁ་གཡལ་གཡར་ངོ་ཚ། །གནམ་གཡེར་གཡོ་རུའི་ཡུལ་གཡོར་པོ། །གཡའ་མཚམས་རྡོ་གཡམ་གཡང་ས་ཆེ། །བསིལ་གཡབས་གསེང་གཡབས་ཁ་གཡེལ་གཡེལ། །གཡུང་མོའི་འབྲི་གཡག་གཡེར་ཁའི་སྒྲ། །དབེན་པའི་སྣང་གཡེལ་གཡར་དམ་ཁྲལ། །གཡེལ་མེད་གཡུར་ཟ་གཡན་པ་དགབ། །གྲིམས་པའི་གཡེར་པོ་གས་འཕུལ་ཡའོ། །
ར༽ ར་ལུག་རྭ་ཅོ་ཁ་རླངས་རླུང༌། །མངོན་རློམ་རློམ་སེམས་བྱིན་རླབས་རློབས། །རླབས་ཆེན་དབའ་རླབས་རླན་རློན་ཆང༌། །མ་ཞུའི་རླུགས་པ་ཕོའི་རླིག་པ། །རླུབས་བཤུས་རླིད་བུ་སྦུབས་ཀྱི་རླུབས། །ཁྲག་རླངས་ཐལ་བར་རླག་བྱེད་རློག །ཧམ་པའི་རླམ་ཁྱེར་ར་རྐྱང་ངོ༌། །
བརླན་བྱ་ཆུས་བརླན་བྱིན་གྱིས་བརླབས། །བཅོམ་བརླག་བརླག་བྱ་ཐལ་བར་བརླག །རྩུབ་ཚིག་བརླང་པོ་བརྟན་པའི་བརླིང༌། །བརླ་ཤ་གདོན་གྱིས་བརླམ་བྱ་བརླམས། །སྙིང་པོ་མེད་པའི་ཡ་མ་བརླ། །བློ་བརླུག་ལ་སོགས་བས་འཕུལ་རའོ། །
ལ༽ ལག་ཉ་ལོ་ཐང་ལག་གི་བླ། །ལྭ་བ་ལ་ཤག་གོས་ཡིན་ནོ། །
ཤ༽ ཤང་ཤང་ཤུག་པའི་ཤིང་ཁར་ཤི། །ཤུལ་དུ་ཤིད་ཟན་ཤུབ་བུར་སྨྲ། །ཤམ་ཐབས་སྐ་རགས་ཤུར་བུས་བཅིངས། །ཤེད་བུ་ཤེད་བདག་ཤེད་ལས་སྐྱེས། །ཤད་སྦྱངས་ཚེག་ཤད་མིག་ཤེལ་ཤུབས། །སྐྲ་ཤད་ཤོག་རྡོ་སྣ་ཡུལ་ཤངས། །ཆ་ཤས་ཤུགས་དྲག་དྲག་ཤུལ་ཆེ། །ཟངས་ཤན་ཏིང་ཤགས་ཤབ་ཤོབ་རྫུན། །ཤག་པོ་ཤར་ཤར་ཤུགས་གླུ་ཤོད། །ཤར་ཕོ་ཤེད་ཆེས་མི་ཤིགས་པའི། །གྲུ་ཤན་ཤོ་ཚུགས་འདར་ཤིག་ཤིག །ཤན་ཞུགས་ནང་ཤོང་དབྱེ་ཤན་འབྱེད། །དོ་ཤལ་གཟིམ་ཤག་སྐད་ཤན་སྦྱར། །ཁྱོ་ཤུག་ཤེ་སྦྱོར་ཞོ་ཤས་འཚོ། ། ཆུ་ལོག་ཤྭ་འོད་ཤ་རྐྱང་ངོ༌། །
གཤེན་བོན་གཤང་དཀྲོལ་ཁ་གཤགས་འགྱེད། །གཤིས་ངན་གཡུལ་གཤོམ་སྤྱོ་བའི་གཤེ ། རབས་ཆད་མོ་གཤམ་གཤིན་རྗེ་གཤེད། །བདེ་བཤེགས་གཤིས་ལུགས་དེ་བཞིན་གཤེགས། །གཤིན་པོ་སྐྲ་གཤོར་སྨོད་པའི་གཤུང༌། །བརླན་གཤེར་བྲེར་གཤོར་འཕྲང་ལ་གཤོར། །འགབ་གཤམ་སྤང་གཤོངས་ཞིང་ས་གཤིན། །ཡང་དག་གཤའ་མ་ཡིན་ལུགས་གཤའ། །ཐོང་གཤོལ་བྱ་གཤོག་རི་དྭགས་གཤོར། །མཉམ་དུ་གཤིབ་གཤིབས་ཆུ་གཤོ་གཤོས། །ཤིང་གཤོག་གཤེག་གཤགས་ཡུར་བའི་གཤོར། ། གཤོལ་མདའ་འཛིན་རི་མཉེས་གཤིན་པ། །གཤོང་བུར་ཕྱིར་གཤེགས་གས་འཕུལ་ཤའོ། །
བཤམ་བྱའི་གཡུལ་བཤམས་རི་དྭགས་བཤར། །བཤག་བྱའི་སྡིག་བཤགས་གཤའ་ཚེའི་སྣོད། ། བཤང་བྱ་སྤུབས་བཤངས་ལམ་གྱི་བཤུལ། །མཁར་བཤིག་བྲེར་བཤར་འཕྲང་ལ་བཤར། །བཤན་པས་བཤའ་བཤས་བགོ་བཤའ་བཤས། །ངུ་བའི་བཤུམ་བཤུམས་བཤལ་བ་དྲུད། །རྒྱབ་བཤུལ་པགས་པའམ་ཡི་གེ་བཤུས། །བཤང་གཅི་ཆུས་བཤལ་མཛའ་དགེ་བཤེས། །གཏམ་བཤེར་ཆོས་བཤད་བཤུག་བྱ་བཤུགས། །ལས་བཤོལ་ཕྱ་བཤོལ་ཟླ་བཤོལ་ཐོན། །གཡོ་བའི་བཤོ་དང་གཡོས་པའི་བཤོས། །ལྷ་བཤོས་མེར་བཤུར་རྩི་རིས་བཤུད། །བཤོལ་མེད་མ་སོགས་བས་འཕུལ་ཤའོ། །
ས༽ སངས་རྒྱས་སོར་མོ་སེན་མོ་སོ། །སིལ་སྙན་སིལ་སིལ་སེ་མོ་དོ། །སོགས་པ་སོག་པོའི་སུག་པར་སོན། །སེག་ཐག་སིང་ཟེར་སྤྲོ་སིང་ངེ༌། །སེམས་བྱེད་སོམས་ཤིག་དྲན་ཨེ་སོས། །ཡོས་སུན་སད་སེར་སོ་ནམ་ལས། །སྐྱ་སེང་ཁུ་སིམ་བདེ་བའི་སིམ། །འབྲས་སོ་མདོག་སེར་མངོན་ཕུན་སུམ། །སེང་གེ་སིད་སྒྲོག་སེམས་སུན་འབྱིན། །གཉིད་ཉམས་བག་ཆགས་བློས་སད་སོད། །སེག་རྡར་སོག་ལེ་སེར་ཁ་ཅན། །བར་ཆད་སོམ་ཉི་མུན་སེལ་སོལ། །སོས་དལ་སེ་བའི་སོལ་བ་སོད། །སོ་ག་ས་སྲོས་སྲོང་མུན་སྲིབས། །སེལ་པོ་སྲོག་ཆགས་སྲེ་མོང་སྲམ། །སྲིན་བྱ་སྲེག་པ་སྲོ་མ་ཤིག །སྲུང་བ་སར་རྙིང་སྲུང་བྱེད་སྲུངས། །སུམ་བྱེད་ཁ་སུམས་སུབ་བྱེད་སྲུབས། །སྲབ་མཐུག་བུ་ཆུང་སྲི་འུའི་སྲི། །ས་སྲུང་སྲོ་ཤིག་སྲིབ་རིའི་སུལ། །སྲེ་ནག་སྲེ་ལོང་ཆུ་སྲེལ་ཆེ། །ལམ་སྲང་སྲུབ་སྲག་ཁྱི་སྲེ་བོ། །རྒྱལ་སྲིད་ཆོས་སྲིད་སྲིང་དུ་སྲིངས། །དྲང་སྲོང་སྲིད་པ་སྲུལ་པོར་བྱེད། །ཆོས་སྲུང་སྦྱིན་སྲེག་སྲེག་བླུགས་སྲེགས། །སྲུབ་ཤིང་སྲུབ་ཐག་སྲུབ་བྱེད་སྲུབས། །སྲིན་པོ་ལུས་སྲུལ་ས་སྲུང་བུ། །སྲིང་མོ་སྲུ་མོར་ཆགས་པའི་སྲེད། ། སྲོག་སྲ་དཔེ་སྲིད་སྲ་བརྐྱང་བཏིང༌། །ཡིད་སྲུབས་དྲང་སྲོང་སྲོང་བྱེད་སྲོངས། །སྐུད་པའི་སྲད་བུ་རྩྭ་སྲད་མ། །ཆུ་སྲི་སྲིན་བུ་མུག་པའི་སྲིལ། །སྲོད་བྱེད་མེར་སྲོས་འོད་སྲུང་སྲས། །བྲེ་སྲང་རྟའི་སྲབ་སྲི་ཞུ་གུས། །སློབ་དཔོན་སློབ་གཉེར་སླད་དུ་སླེབས། །སླད་མར་སླད་ནས་སྦྱོར་བའི་སློན། །གྱ་གྱུའི་སླེ་ཡོན་ཕྱུགས་བསད་སློ། །ལས་སླ་གར་སླ་སྲེ་བྱེད་སྲེས། །དགེ་སློང་སློབ་མར་བསྙེན་སྲིང་མེད། །སླ་ང་སློ་མ་སླེལ་གྱི་སླེའུ། །གོས་སློག་ཕྱི་ནང་སློག་བྱེད་སློགས། །ཀུན་སློང་སླེ་ཏྲེས་སླུ་གུ་སྣོད། །སྨོད་ཚིག་འཐིང་སླད་འཁོར་གྱི་སླས། །ཟས་དང་གྱེན་དུ་སློང་བྱེད་སློངས། །མཚན་མ་ཆད་པའི་སླེ་འདམ་ཅན། །སླར་ཡང་སློབ་བྱེད་ཆོས་སློབས་ཤིག །སླུ་མེད་སླད་རོལ་ས་རྐྱང་ངོ༌། །
གསར་བུ་འོད་གསལ་གསང་སྔགས་པ། །གསེར་དངུལ་གསར་ནས་སྙན་གསན་འབེབས། །ཁ་གསག་གསོག་འཇོག་གསད་བྱ་གསོད། །གསེག་གཤང་འཁར་གསིལ་རྟ་གསེབ་གསུམ། །ཤིང་གསོམ་གསོར་གྱིས་གསིལ་ཞིང་གསེས། །སྙིང་མེད་གསོག་གསོབ་གཅན་གཟན་གསའ། །ལུས་གསིག་གསོན་པོ་སྙན་གསོན་གསང༌། །གསལ་ཤིང་ནེའུ་གསིང་གསེག་མའི་གསེབ། །གསོ་སྦྱོང་སྐད་གསང་གསང་གཏམ་གསོང༌། །གྲོད་པའི་གསུས་པ་ཐུན་གསེང་གསུར། །དྲང་པོའི་གསོང་པོ་གསུང་རབ་གསུངས། །ཆུད་གསན་ཆུད་གསོན་སྒྲེགས་པའི་གསུད། །གསོ་རས་གསེང་གསེང་སོ་མ་གསོད། །གསུག་རྔན་གསོ་རིག་གསེག་འགྲོས་ཅན། །ཚིག་གསོལ་གསོལ་འདེབས་དྲིལ་བུ་གསིལ། །དྲི་ཆུ་གསིལ་དང་གསེག་ཀ་ལི། །ཟས་གསོལ་སྐྲ་གསིལ་ནང་གསེས་དབྱེ། །དྲིན་གསོབ་ནོར་གསོག་གསོ་དགོས་གསོས། །གསས་མོ་ལྷ་འདྲེའི་ལུས་གཡར་མ། །གསང་ཁུང་བརྡབ་གསིག་རྡོ་རྗེ་གསོར། །གསར་པའི་གསོ་མ་སྤུ་གསུད་གསེད། །གསིར་གསིར་ལུས་འདར་བྲོད་གསག་གསག །གསེང་དབར་ལ་སོགས་གས་འཕུལ་སའོ། །
བསེ་ཁྲབ་བསོད་ནམས་བསག་བྱ་བསགས། །བསབ་བྱ་དྲིན་བསབས་བསོད་སྙོམས་བསོགས།། དམིགས་བསལ་བསམ་བློ་བསམ་བྱ་བསམས། །ལྷ་བསང་བསང་གཏོར་ཞབས་ཞལ་བསིལ། །སྔོ་བསངས་འབགས་བསངས་སྐྱོན་བཀག་བསལ། །ཀྱོ་བསངས་བསེར་བུ་བསེར་མ་རླུང༌། །བསུམ་བྱ་ཁ་བསུམས་བསྲེག་བྱ་བསྲེགས། །བསུབ་བྱ་རྗེས་བསུབས་གྲང་བའི་བསིལ། །དྲི་བསུང་གིས་བསུས་བསེ་རུ་བསད། །འདོད་སྤྱོད་བསོད་ཉམས་འདྲེའི་བསེན་མོ། །མི་བསྲུན་ཆང་སོགས་བསིང་བྱ་བསིངས། ། བསྲིང་བྱ་ཚེ་བསྲིངས་ཡོ་བསྲང་བསྲངས། །སྐྱེལ་མའི་འཇིགས་བསེལ་སྦ་བསྲི་མེད། །བཟོད་བསྲན་ནོར་བསྲི་བསྲེ་བྱ་བསྲེས། །བསྐུར་བའི་བསྲིང་བསྲིངས་འཆང་བའི་བསྲེལ། །ཁམས་སྣོད་བསམ་བསེའུ་བསེ་ཡབ་སྨན། །ངལ་བསོ་བསྲོ་ཁང་མེར་བསྲོ་བསྲོས། །བསྲུབ་བྱ་ཞོ་བསྲུབས་སྒྲིབ་པ་བསྲབས།། རིང་བསྲེལ་ཀོ་བསེ་བསྲུང་བྱ་བསྲུངས། །བསམ་གཏན་བསླབ་པ་བསླབ་བྱ་བསླབས། །ཟས་དང་གྱེན་དུ་བསླང་བྱ་བསླངས། །མགོ་སྐོར་བསླུ་བསླུས་ཟས་བསོད་པ། །ཀུན་ནས་བསླང་བསླངས་རྒྱང་བསྲིང་བསྲིངས། །རྟ་བསུ་མི་བསླུ་བློ་བསྲལ་ཆེ། །བསོ་སྒྲ་སྦྱར་བསླན་བྱ་བའི་བསྲལ། །ངན་བསླད་ཕྱི་ནང་བསློག་བྱ་བསློག བསྲབས་པའི་ས་སོགས་བས་འཕུལ་སའོ། །
ཧ༽ ཧྲལ་པོ་ཧྲེང་ཧྲེང་ཧྲིལ་ཧྲིལ་དྲིལ། །ཧྭ་ཤང་ཧལ་ཁྱི་ཧོལ་རྒྱུག་ཧོར། །དཔུང་ཧྲག་རྩབ་ཧྲལ་མིག་ཧྲིག་ཧྲིག །ཧུར་སྐྱེད་སྤུ་ཧྲེང་ཧྲུམ་ཧྲུམ་གཏུབས། །གོས་ཀྱི་ཧྭ་དང་བྱེ་ཀར་ཧྭགས། །བློ་ལྷོད་ལྷང་ཚེར་ལྷུན་འགྲུབ་ལྷོ། །ལྷ་ལྷད་ལྷ་ང་ལྷས་མ་ལྷག །ལྷམ་མེ་ལྷན་ནེ་ལྷང་ངེ་ལྷགས། །ལྷོངས་ཆེ་ལྷིངས་འཇགས་ལྷུག་པར་ལྷུང༌། །ཤིང་ལྷུ་ལྷབ་ལྷུབ་ཧའི་སྡེ་ཚན། །
ཨ༽ ཨང་དང་ཨ་རུ་ཨ་ཀ་རུ། །ཨུ་དུམ་བ་ར་ཨུཏྤལ། །ཨོ་རྒྱན་ཨུ་མ་ཨནྡ་རྙིལ། །ཤིང་ཐོག་ཨ་མྲ་ཨེ་ལའི་འདབ། །ཨར་ཇག་རི་དྭགས་ཨེ་ནྱ་ཡ། །ཨརཐ་སིདྡྷི་ཨཀྵར། །དག་བྱེད་ཀུན་ལས་བཏུས་པའོ།། །།
ཞེས་བོད་ཀྱི་བརྡ་དག་ཀུན་ལས་བཏུས་པ་གང་འདོད་བཀླགས་པས་འགྲུབ་པ་ཞེས་བྱ་བ་འདི་ནི། རབ་བྱུང་བཅོ་ལྔ་པའི་ཆུ་བྱི་ལོ་ལུགས་མང་མཁྱེན་པའི་སྤྱན་མངའ་གླང་མཐོང་ཇོ་ལགས་རྡོ་རྒྱལ་ལགས་ནས། དག་ཡིག་སྔ་མ་རྣམས་སུ་བདག་གཞན་དུས་གསུམ་སྐུལ་ཚིག་སོགས་དབྱེ་འབྱེད་དཀའ་བར་མ་ཟད། དཀའ་གནས་འཁྲུལ་གཞི་ཅན་ཕལ་ཆེར་ཡང་རེས་འཇོག་ཏུ་སོང་བས། དཔེ་ཕྱོགས་རེ་བས་དགོས་དོན་མི་རྙེད་ཅིང༌། དཔེ་ཀུན་འབྱོར་དཀའ་ཞིང་འབྱོར་ཀྱང་ལྟ་རྟོག་འབད་རྩོལ་དཀའ་བས་དག་ཡིག་ཡོད་དོ་ཅོག་གི་བརྗོད་དོན་མ་ལུས་པ་གཅིག་ཏུ་བསྡུས་པ་ཀུན་གོ་གཅིག་ཆོད་གོ་བདེ་འཚོལ་སླ་འདི་ལྟ་བུ་ཞིག་བྱུང་ན་པར་སྐྲུན་བྱ་རྒྱུ་ཡིན་ཞེས་བསྐུལ་བ་ལ་བརྟེན་ནས། ཀུན་མཁྱེན་དངུལ་ཆུ་བ་ཆེན་པོ་ཡབ་སྲས་ཀྱི་ཞབས་རྡུལ་སྤྱི་བོས་རེག་པ་ཝ་གིན་དྲ་གུ་ཎས། གསུང་རབ་རིན་པོ་ཆེའི་དགོངས་དོན་འཚོལ་ཞིང་ཉམས་སུ་ལེན་པ་དང༌། འཆད་རྩོད་རྩོམ་གསུམ་ལ་མཁོ་བར་བསམ་སྟེ། བློན་ཆེན་ཐོན་མིའི་སུམ་རྟགས་གཉིས། སྐ་ཅོག་སོགས་ཀྱི་གསར་བཅད་སྒྲ་སྦྱོར་བམ་པོ་གཉིས་པ། སྙེ་ཐང་པ་གྲགས་པ་སེང་གེའི་གངྒཱ༌། རྩང་ནག་ཕུག་པ་ཐུགས་རྗེ་སེང་གེའི་བདུད་རྩིའི་ཆུ་རྒྱུན། སྟག་སྟོན་གཞོན་ནུ་དཔལ་གྱི་འོད་ཟེར་བརྒྱ་པ། བུ་སྟོན་སེང་གེ་འོད་ཀྱི་སྒྲ་དོན་རྒྱ་མཚོའི་མེ་ལོང༌། རྗེ་བྱམས་པ་གླིང་པའི་སྨྲ་རྒྱན། བསམ་སྡིངས་པ་ཀུན་བསམ་གྱི་འཁྲུལ་བ་སྤོང་བ་སོགས་ལེགས་བཤད་སྙིང་པོ་གཅེས་སོ་འཚལ་རྣམས་གཅིག་ཏུ་བསྡུས། ཞ་ལུ་ལོ་ཆེན་གྱི་ལེགས་བཤད་ཟ་མ་ཏོག་ལ་གཞི་བྱས། དེར་མི་གསལ་ཞིང་མཁས་གྲུབ་ངག་དབང་རྡོ་རྗེའི་མེ་ལོང་མར་གསལ་བ་རྣམས་མ་ལུས་པར་བསྣན། དེར་མི་གསལ་ཞིང་དཔལ་ཁང་ལོ་ཙཱའི་ངག་གི་སྒྲོན་མར་གསལ་བ་རྣམས་ཀྱིས་ཁ་བཀང༌། དེར་མི་གསལ་ཞིང་རྩིས་ཟུར་རྒྱ་མཚོའི་སྒྲོན་གསལ་དུ་གསལ་བའི་རྒྱལ་སྲིད་ཀྱི་བྱ་གཞག་ལ་མཁོ་བའི་ཕལ་སྐད་རྣམས་ཀྱི་ལེགས་ཆ་བླངས། མིང་སོ་སོའི་ཐོག་མཐར་གསལ་བྱེད་ཚིག་གྲོགས་སྦྱོར་གང་ཤེས་དང་དགོས་མེད་ཚིག་རོ་དོར་གང་ཐུབ་བྱས། སྡེབ་སྦྱོར་སྒྲིག་ཚེ་ཀ་ཙཱན་དབྱངས་གསུམ་སོགས་ལེགས་སྦྱར་བརྡ་སྤྲོད་ཀྱི་མདོ་ལ་བརྟེན་དགོས་པར་མ་ཟད། སྐད་གཉིས་ཤན་སྦྱར་ཙམ་ལའང་སྐད་དོད་བསམ་འཕེལ་ནོར་བུ། བཀའ་བློན་ཚེ་རིང་དབང་རྒྱལ་གྱིས་མཛད་པའི་སྐད་དོད། ཐོབ་རྒྱལ་ངག་དབང་སྙན་གྲགས་ཀྱིས་མཛད་པའི་མངོན་བརྗོད་གསར་བུའི་དགའ་སྟོན་སོགས་སྐད་དོད་ཅི་རིགས་ལ་བརྟེན་དགོས་གཤིས། འདིར་གཟིགས་རྟོག་དང་ཐུགས་འཛིན་བདེ་ཁྱད་ཟ་མ་ཏོག་དང་ངག་སྒྲོན་མར་གསལ་བའི་སྐད་དོད་ཐོར་བུ་བ་རྣམས་བཏང་སྙོམས་སུ་བཞག བོད་སྐད་མཆན་ཆུང་ཕལ་ཆེར་ཡིག་དཀྱུས་སུ་བཅུག་སྟེ་བསྒྲིགས་པ་འདིས་ཀྱང་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པར་གྱུར་ཅིག
མཆན། དག་ཡིག་ཀུན་བཏུས་འདི་ཉིད་ཀྱི་དཔེ་གཞི་གླང་མཐོང་རི་ཁྲོད་བསམ་འགྲུབ་དགེ་འཕེལ་དུ་བཞུགས་པའི་བོད་པར་དཔེ་རིང་ནས་ཞལ་བཤུས་ལྟར་གླང་མཐོང་པའི་ཁྱིམ་ཚང་ནས་ཕྱི་དྲིལ་སྣར་ཐང་པར་ཁང་དུ་ཕྱི་ལོ་༡༩༩༧ ལོར་རྒྱ་གར་ནང་བསྐྱར་དུ་དཔར་སྐྲུན་ཞུས་པ་ལྟར་བསྒྲིགས་པ་ཡིན། དག་ཡིག་འདི་ནི་བོད་རབ་བྱུང་བཅོ་ལྔ་པའི་ཆུ་བྱི་ལོ་སྟེ། ཕྱི་ལོ་༡༩༡༢ ལོར་མཛད་པ་ཞིག་ཡིན་ལ། དག་ཡིག་འདི་བཀྲས་ལྷུན་དཀྱིལ་གྲྭ་དཀའ་ཆེན་པདྨ་མཆོག་ནས་འགྲེལ་པ་དག་ཡིག་ཀུན་བཏུས་ཀྱི་དོགས་མཆན་མཐོང་བ་ཀུན་ཤེས་བློ་གསལ་མགུལ་རྒྱན་མཛད་པ་ཕྱི་ལོ་༢༠༠༡ ལོའི་ཟླ་༡༡ པའི་ཚེས་༡༥ ཉིན་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་དཀྱིལ་གྲྭ་དཀའ་ཆེན་པདྨའི་བརྡ་དག་ཕྱོགས་བསྒྲིགས་དཔར་སྐྲུན་མཛད་ཡོད།
རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།
༄༅། །རྗེ་བཙུན་ངག་དབང་ཡོན་ཏན་གྱི་འཁྲུངས་ཡུལ་ནི། དབུས་གཙང་རུ་བཞིར་གྲགས་པ་ལས་གཙང་གི་ས་ཆ་ཤངས་རྣམ་གླིང་རྫོང་གི་སྡེར་གཏོགས་པའི་ཤངས་ཕྱོགས་ཡུལ་དུ་རྟ་ནག་ཞི་བཟང་ཞེས་པའི་དུད་ཚང་ཞིག་ཏུ་དུས་རབས་བཅུ་དགུ་པའི་ནང་སྐུ་བལྟམས། ཡབ་ཡུམ་གྱི་མཚན་དང་རིགས་རུས་སོགས་དུས་དབང་ལས་ཞུ་རྒྱུ་མ་རྙེད་མོད། དུས་ཕྱིས་གང་དེའི་གསུང་ལས། ངའི་ཕ་འདས་སྔ་བས་དྲན་པའི་ཡུལ་དུ་མ་གྱུར་ཀྱང༌། མ་དེ་ཉིད་སྙིང་སྟོབས་ཅན་ཞིག་ཡོད་བཟོ་འདུག ངའི་བུ་སྤུན་ཚོའི་ནང་ནས་ཁོ་བོ་གྲུང་ཤ་དོད་མདོག་ཁ་ཤོས་སུ་མཐོང་ནས། འདི་གྲྭ་པ་བྱས་ན་བསྟན་པ་ལ་ཕན་ཐོགས་པ་ཞིག་ཡོང་བ་འདུག་ཅེས་མ་ཡི་དགོངས་ཚུལ་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡིན་ཚོད་སྣང་གསུངས། དགུང་ལོ་བཅུར་ཕེབས་སྐབས་ཡུམ་དང་ལྷན་དུ་བཀྲ་ཤིས་ལྷུན་པོར་བྱོན་ནས་ཆོས་ཞུགས་མཛད། ཞལ་ལས་དེ་ཚེ་མ་ཡིས་ཁོ་བོར་སློབ་གཉེར་བྱས་ནས་གཏན་བདེ་བསྒྲུབ་དགོས་སྐོར་གྱི་ཞལ་ཏ་མང་པོ་གནང་བྱུང་ཞིང༌། སླར་ལོ་ཤས་རྗེས་ཨ་མ་ང་ཐུག་པར་སླེབས་བྱུང་བས་བསླབ་བྱ་མང་པོ་བྱས་པ་འདི་དག་ཡིད་ལ་ཟུངས་ཤིག་དང་ཟེར་བར་ཁས་ལེན་བགྱིས་པ་ཡིན། དེ་ནས་བཟུང་ཨ་མ་དང་སླར་གཏན་ནས་འཕྲད་མ་བྱུང༌། བཀྲས་ལྷུན་དགོན་དུ་གསན་བསམ་ལ་ནར་མར་བརྩོན་པར་མཛད་པ་དང༌། དགུང་ལོ་ཉེར་བདུན་ཡས་མས་སུ་ཕེབས་སྐབས་ཐོས་དོན་སྒྲུབ་པར་རྩེ་གཅིག་ཏུ་གཞོལ་རྒྱུའི་ཐུགས་འདུན་འགོག་མེད་ཏུ་འཁྲུངས་ནས་ཆོས་གྲོགས་གཞན་གཉིས་དང་ལྷན་དུ་དགོན་པ་ནས་གསང་སྟབས་ཀྱིས་བཞད་དངུལ་ཆུ་ཕྱོགས་སུ་བྱོན། དངུལ་ཆུ་རི་ཁྲོད་དུ་འབྱོར་བས་མཁས་གྲུབ་ཆེན་པོ་དབྱངས་ཅན་གྲུབ་པའི་རྡོ་རྗེའི་ཞབས་དྲུང་ག་ལ་བ་དེར་བྱོན་ནས་ཊམ་དཀར་ཕྱག་རྟེན་དུ་ཕུལ་ཏེ་རྗེས་འཛིན་གྱི་གསོལ་བ་བཏབ་པས་ཞལ་སྔ་ནས་རེ་ཞིག་སུམ་རྟགས་སྦྱང་ནས་འདིར་སྡོད། རིམ་བཞིན་ལས་འབྲེལ་ལྡན་པའི་བླ་མའི་དྲུང་དུ་བརྫང་པར་བྱའོ་གསུངས། ཉིན་ཞིག་བླ་མ་རིན་པོ་ཆེ་དབྱངས་ཅན་གྲུབ་པའི་རྡོ་རྗེས་སྟོད་སྐྱིད་གྲོང་ན་གྲུབ་དབང་བློ་བཟང་བཟོད་པ་བྱ་བ་སྐྱེས་བུ་ཞིག་ཡོད་པ་ཁོང་གི་སར་སོང་ལ། ངའི་འཕྲིན་ཡིག་འདི་འཕྲོད་པར་བགྱིས་ཏེ་རྗེས་འཛིན་གསོལ་བ་ཐོབ། བཀྲས་ལྷུན་དུ་དགོན་གཞུང་དགེ་རྒན་དང་བཅས་པར་དགོངས་འཁྲོལ་ཡོང་ཐབས་བྱ་དགོས། ངས་ཀྱང་འདི་ནས་དགོངས་སེལ་ཞུས་ཆོག སྙིང་རུས་བསྐྱེད་ལ་སྒྲུབ་པར་འབུངས་དང༌། དེ་རྣམས་སྒྲུབ་པ་ལམ་ལྷོང་ཡོང་བའི་རྒྱུ་ཡིན་ཞེས་སོགས་འདི་ཕྱིའི་བླང་དོར་གྱི་བཀའ་སློབ་དང་བཅས་གཏོང་བར་མཛད། སྐྱིད་གྲོང་དུ་ཕེབས་ཏེ་གྲུབ་དབང་བློ་བཟང་བཟོད་པའི་ཞབས་ལ་གཏུགས་ཏེ་ལོ་མང་རིང་སྒྲུབ་པ་ལ་བརྩོན། ནམ་ཞིག་བླ་མ་རིན་པོ་ཆེ་མཛད་པ་མཐའ་མའི་ཚུལ་བསྟན་ཅིང་ཡུམ་ཀྱང་མི་རིང་བར་ཞིང་བརྗེས། དེ་རྗེས་སྐྱིད་གྲོང་བསམ་གཏན་གླིང་དགོན་པར་སྒྲིག་ཞུགས་མཛད། ནམ་ཞིག་དགོན་པའི་ལས་དོན་གྱི་ཆེད་ལྷ་སར་བཞུགས་རིང་གླང་མཐོང་ལྕམ་བདེ་ལྡན་བུ་ཁྲིད་རྗེ་འདིའི་མཛད་སྤྱོད་ཀྱིས་ཡིད་དབང་འཕྲོག་སྟེ་མཆོད་པའི་གནས་སུ་གྱུར། དེ་རྗེས་འབི་ལུང་རི་ཁྲོད་རང་དུ་སྒྲུབ་པ་ལ་བརྩོན་ནས་བཞུགས་པས་མཚན་ལའང་འབི་ལུང་བླ་མ་ངག་དབང་ཡོན་ཏན་ཞེས་གྲགས། མེ་ཕག་ཕྱི་ལོ་༡༩༤༧ ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་དགོངས་པ་ཆོས་དབྱིངས་སུ་ཐིམ་པའོ། །