ཟླ་རེའི་གསར་འགྱུར།

མ་སུ་རི་བོད་ཁྱིམ་དགེ་རྒན་ཁག་གཅིག་གིས་ཤེས་ཡོན་ཉམས་གསོག་གནང་བ།

༄༅། །ཕྱི་ལོ་༢༠༡༢ ཟླ་ ༦ ཚེས་ ༢༥ ནས་ ༣༠ བར་འདི་ག་ཤེས་རིག་ལས་ཁུངས་ཀྱིས་མ་སུ་རི་བོད་ཁྱིམ་སློབ་གྲྭའི་སྔོན་འགྲོའི་དགེ་རྒན་དང་གཞི་རིམ་འོག་མའི་དགེ་རྒན་བཞི། ར་ཇ་པུར་བོད་ཁྱིམ་ནས་དགེ་རྒན་གཉིས་བཅས་ལ་ཉིན་ལྔའི་རིང་དཔེ་སྟོན་སློབ་གྲྭའི་སློབ་ཁྲིད་གནང་སྟངས་དང་། སློབ་ཕྲུག་དང་དགེ་རྒན་བཅས་ལ་གོ་བསྡུར་གྱི་ཉིན་རེའི་བྱེད་སྒོ་རྣམ་གཞག་གནས་སྟངས་རྒྱུས་ལོན་ཞིབ་ཚགས་གནང་བ་དང་། ཕྱི་ཚེས་ ༢༦ ཉིན་བཀའ་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་བྱེད་སྒོ་ལམ་སྟོན་དང་། དེ་བཞིན་ཤེས་རིག་དྲུང་འཕར་དང་སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན། ཤེས་ཡོན་འགན་འཛིན་བཅས་ནས་ཤེས་ཡོན་སྲིད་བྱུས་སྐོར་ལ་གོ་བསྡུར་སྦྱང་བཤད་གནང་། ཤེས་ཡོན་སྲིད་བྱུས་ཉམས་གསོག་དེ་ཕྱི་ལོ་ ༢༠༡༠ ལོར་སྔོན་འགྲོའི་དགེ་རྒན་དང་གཞི་རིམ་འོག་མའི་དགེ་རྒན་ ༡༢ ལ་གོ་སྐབས་ཐོབ་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ལོའི་སློབ་དུས་ནས་བཟུང་མ་སུ་བོད་ཁྱིམ་ཁྱབ་ཁོངས་སློབ་གྲྭ་ཁག་ནང་ཤེས་ཡོན་སྲིད་བྱུས་སྔོན་འགྲོའི་འཛིན་གྲྭ་ནས་ལག་བསྟར་གནང་འགོ་བཙུགས་ཏེ། ད་ཐེངས་ལས་འཆར་དེ་ཐེངས་གསུམ་པ་དེ་ཡིན་པ་དང་ཐེངས་བཞི་པ་དེ་ཕྱི་ཟླ་ ༨ ནང་སྤེལ་གཏན་འཁེལ་འདུག
 

སྔོན་མ།
མཐོ་སློབ་ཁག་ཏུ་རྩིས་དང་ཚན་རིག་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་ཁག་གཅིག་ལ་ཟབ་སྦྱོང་དབུ་འཛུགས་གནང་བ།
ཕྱི་མ།
རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་ཁག་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས།