ཟླ་རེའི་གསར་འགྱུར།

ཤེས་རིག་དྲུང་ཆེས་སློབ་ཁག་ལ་གཟིགས་སྐོར་གནང་བ།

༄༅། །ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཐེངས་གཉིས་པ་ཕྱི་ཟླ་ ༡༠ ཚེས་ ༡ སྔ་དྲོ་སེ་ལ་ཀུའི་བོད་ཁྱིམ་དུ་དབུ་འབྱེད་གནང་བ་དང། སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ་དང་། ལག་ཤེས་སློབ་གཉེར་ཁང་དུ་གཟིགས་ཞིབ་གནང་གྲུབ་རྗེས། ཕྱི་ཚེས་ ༢ ཉིན་བདེ་སྐྱིད་གླིང་ཉིན་སློབ་དང། ཕྱི་ཚེས་ ༣ ཉིན་ཧ་པར་པུར་གཏན་སློབ། ཕྱི་ཚེས་ ༤ ཉིན་སྤོན་ཊ་གཏན་སློབ་དང་པུར་ཝ་ལ་ཉིན་སློབ་བཅས་ཀྱི་སློབ་མའི་ཤེས་ཡོན་དང། འཛིན་ཁང། སློབ་འཁྲིད་ཀྱི་གནས་སྟངས། སྡེ་ཚན་ཁག་ཚང་མར་གཟིགས་ཞིབ་དང་འབྲེལ་དགེ་ལས་སློབ་ཕྲུག་རྣམས་ལ་ཤེས་ཡོན་ལམ་སྟོན་སྐོར་གསུང་བཤད་གནང་ཡོད།
དེ་བཞིན་འདི་ག་ཤེས་རིག་ལས་ཁུངས་ནས་སེ་ལ་ཀུའི་བོད་ཁྱིམ་དུ་གོ་སྒྲིག་ཞུ་བཞིན་པའི་རིགས་ལམ་འདུ་འཛོམས་ཐེངས་གཉིས་པའི་ཆ་ཤས། ཕྱི་ཚེས་ ༤ དང་ ༥ བཅས་ཉིན་གཉིས་རིང་སྤོན་ཊ་གཏན་སློབ་ཏུ་ལས་འཆར་སྤེལ་བཞིན་པ་ཁག་ལ་གཟིགས་ཞིབ་དང་ལམ་སྟོན་གསུང་བཤད་གནང་ཡོད་པ་བཅས།།
 

སྔོན་མ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་གཉིས་པ།
ཕྱི་མ།
འགུལ་བསྐྱོད་ཚན་རིག་འགྲེམས་སྟོན།