བོད་པའི་སློབ་གྲྭ་ཁག་གི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་ཡར་རྒྱས་ཕྱིན་པ། བོད་པའི་སློབ་གྲྭ་ཁག་གི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་ཡར་རྒྱས་ཕྱིན་པ། ༄༅། །རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་ཕྱི་ལོ ༢༠༢༤ ཟླ་ ༥ ཚེས་ ༡༣ ཉིན་འཛིན་རིམ་བཅུ་གཉིས་དང་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས་བྱས་ཡོད་པ་དང་། བོད་པའི་སློབ་གྲྭ་ཁག་གི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་ཡར་རྒྱས་ཕྱིན་ཡོད། ཚན་རིག་སློབ་ཕྲུག་རྣམས་ཀྱི་ཆེད་ཉམས་གསོག་སྦྱོང་བརྡར། ཚན་རིག་སློབ་ཕྲུག་རྣམས་ཀྱི་ཆེད་ཉམས་གསོག་སྦྱོང་བརྡར། ༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་  ༢༠༢༤ ལོར་ཚན་རིག་སྡེ་ཚན་ནས་འཛིན་རིམ་བཅུ་གཉིས་ཐོན་པའི་བོད་པའི་སློབ་ཕྲུག་རྣམས་ལ་ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༡༤ ནས་ཟླ་ ༧ ཚེས་ ༡༤ བར་ཟླ་བ་གཅིག་རིང་ཉམས་གསོག་སྦྱོང་བརྡར་གྱི་གོ་སྐབས་འབུལ་རྒྱུ་ཡིན། གཞི་རིམ་འོག་མའི་དགེ་རྒན་གྱི་བོད་ཡིག་ཟབ་སྦྱོང་མཇུག་སྒྲིལ་བ། གཞི་རིམ་འོག་མའི་དགེ་རྒན་གྱི་བོད་ཡིག་ཟབ་སྦྱོང་མཇུག་སྒྲིལ་བ། ༄༅། །ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༡ ནས་ ༡༢ བར་ཉིན་གྲངས་བཅུ་གཉིས་རིང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གོ་སྒྲིག་ཞུས་པའི་གཞི་རིམ་འོག་མའི་དགེ་རྒན་གྱི་བོད་ཡིག་ཟབ་སྦྱོང་དེ་བཞིན་ཕྱི་ཟླ་ ༥ ཚེས་ ༡༢ ཉིན་རྒྱབ་ལེགས་པར་མཇུག་བསྒྲིལ་ཡོད།

ཟླ་རེའི་གསར་འགྱུར།

གསར་གནས།

མཐོ་སློབ་སློབ་ཡོན་འཆར་གཞི་གསར་པ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༠ རེས་གཟའ་མིག་དམར་ཉིན། འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཐོག་བཀའ་ཤག་ཡང་སྟེང་ཚོགས་ཁང་དུ་། སྔ་དྲོའི་ཆུ་ཚོད་ ༡༢།༡༥ ཐོག་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་སྟོབས་རྒྱལ་ལགས་དང། ཟུང་དྲུང་འཆི་མེད་ཚེ་དབྱངས་ལགས། དྲུང་གཞོན་སྐལ་བཟང་རིན་ཆེན་ལགས་བཅས་ནས་གསར་འགོད་པ་གྲངས་ ༡༥ ཙམ་འདུ་འཛོམས་བྱུང་ཡོད་པ་རྣམས་ལ་ཤེས་རིག་ལས་ཁུངས་ནས་རང་རེའི་རྒྱ་ཆེའི་བོད་ཕྲུག་རྣམས་ཀྱི་ཤེས་ཡོན་སློབ་གསོའི་ཆེད་ལོ་རྗེས་མ་ནས་བཟུང་ལེགས་གསོལ་བྱ་དགའ་དང་མཐོ་སློབ་ཀྱི་སློབ་ཡོན་བཅས་ཀྱི་འཆར་གཞི་གསར་པ་ཁག་གཅིག་གསར་འགོད་གསལ་བསྒྲགས་གནང་། (more…)

གཞི་རིམ་གོང་མའི་བསླབ་གཞིའི་རྩ་འཛིན་བཟོ་འགོད་ཚོགས་འདུ།

༄༅། །བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན། ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༡༥ ནས་༡༦ ཉིན་གཉིས་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས༌ཁུངས་ཀྱིས་གཞི་རིམ་གོང་མ་འཛིན་རིམ་དགུ་པ་དང་བཅུ་པ་གཉིས་ཀྱི་ཚན་རིག་དང་རྩིས་རིག་བསླབ་གཞིའི་རྩ་འཛིན་བཟོ་འགོད་ཀྱི་ཚོགས་འདུ་ཞིག་བཞུགས་སྒར་དྷ་ས་ (more…)

དཔེ་སྟོན་སློབ་གྲྭ་རྟོག་ཞིབ་དང་ཤེས་ཡོན་ཉམས་གསོག་ལས་འཆར།

༄༅། །ཕྱི་ལོ་ ༢༠༠༤ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་སྤྱི་མོས་གཏན་འབེབས་གནང་ནས་ཤེས་ཡོན་སྲིད་བྱུས་དོན་ཚན་ཆ་ཚང་ལག་བསྟར་གནང་ཡུལ་ཕྱི་ལོ་ ༢༠༠༥ ལོར་མེས་དབོན་དཔེ་སྟོན་སློབ་གྲྭ་གསར་འཛུགས་གནང་བ་དང༌། ཕྱི་ལོ་ ༢༠༠༦ ནས་སམ་བྷོ་ཊའི་ཁྱབ་ཁོངས་སློབ་ཁག་ཏུ་ལག་བསྟར་གནང་ནས་ལོ་ངོ་ ༧ ཙམ་འགྲོ་བཞིན་པ་བཅས་ལ་བརྟེན་ནས། བོད་ཁྱིམ་གཉིས་དང་སྒེར་སློབ་ཁག་གི་སློབ་སྤྱི་དང་དགེ་ཆེ་རྣམ་པས་དཔེ་སྟོན་སློབ་གྲྭ་དང་སམ་བྷོ་ཊའི་སློབ་ཁག་ལ་གཟིགས་ཞིབ་དང་ལག་བསྟར་གྱི་བརྒྱུད་རིམ་ཉམས་གསོག་གིས་ལེགས་སྤེལ་ཉེས་འགོག་ཐད་ཤེས་ཡོན་བརྗེ་ (more…)

སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་སློབ་མའི་ཟབ་སྦྱོང་མཇུག་བསྡོམས་ཞུས་པ།

༄༅། །འདི་ག་ཤེས་རིག་ལས་ཁུངས་ནས་ཕྱི་ཟླ་ ༡༠ ཚེས་ ༢༨ ནས་ཕྱི་ཟླ་ ༡༡ ཚེས ༤ བར་ཉིན་བརྒྱད་རིང་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་སློབ་མ་རྣམས་ལ་ཉམས་ཞིབ་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད། ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོར་ཝཱཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གསོ་རིག་སྡེ་ཚན་གྱི་རིག་སྡེ་འགན་འཛིན་སློབ་དཔོན་བློ་བཟང་བསྟན་འཛིན་མཆོག་དང་ཟབ་སྦྱོང་སློབ་འཁྲིད་གནང་མཁན་ཝཱཎ་མཐོ་སློབ་སློབ་དཔོན་དང་ཉམས་ཞིབ་པ་སོགས་ཕེབས་གནང་ཡོད། (more…)

སློབ་གྲྭ་ཁག་གི་ཚན་རིག་དགེ་རྒན་རྣམས་ལ་གསར་གཏོད་སློབ་ཁྲིད་ཐབས་ལམ་དང་འབྲེལ་བའི་ཟབ་སྦྱོང།

༄༅། །དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༡ ནས་༦ བར་ཉིན་དྲུག་རིང་སློབ་གྲྭ་ཁག་གི་ཚན་རིག་དགེ་རྒན་རྣམས་ལ་གསར་གཏོད་སློབ་ཁྲིད་ཐབས་ལམ་དང་འབྲེལ་བའི་ཟབ་སྦྱོང་ཞིག་ས་རཱ་བོད་ཀྱི་མཐོ་སློབ་ཏུ་གོ་སྒྲིག་ཞུས་ཡོད་པ་རེད། (more…)

||      གསལ་བསྒྲགས།

Menu