དགེ་སློབ་རྩོམ་འབྲི་ཐེངས་དགུ་པའི་གསལ་བསྒྲགས། དགེ་སློབ་རྩོམ་འབྲི་ཐེངས་དགུ་པའི་གསལ་བསྒྲགས། ༄༅། །འདི་ག་ཤེས་རིག་ཤེས་ཡོན་ལྷན་ཚོགས་ནས་ལོ་ལྟར་དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་དང་། ཤེས་ཡོན་དང་ཉམས་མྱོང་བརྗེ་རེས་ཆེད་ལོ་གཅིག་རིང་དགེ་སློབ་རྩོམ་འབྲིའི་ལས་རིམ་ཐེངས་གཉིས་སྤེལ་གྱི་ཡོད་པ་ལྟར་ད་ཐེངས་དགེ་སློབ་གང་མང་མཉམ་ཞུགས་གནང་རོགས། ལྷོ་ཁུལ་སློབ་གྲྭ་ཁག་བདུན་གྱི་རིགས་ལམ་འདུ་འཛོམས་མཇུག་བསྡུས་པ། ལྷོ་ཁུལ་སློབ་གྲྭ་ཁག་བདུན་གྱི་རིགས་ལམ་འདུ་འཛོམས་མཇུག་བསྡུས་པ། ༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་བཀྲ་ཤིས་ལྷུན་པོའི་གདན་ས་གཉིས་མཉམ་འབྲེལ་ཐོག་གོ་སྒྲིག་ཞུས་པའི་ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༢༨ ནས་ཟླ་ ༩ ཚེས་ ༤ བར་ཉིན་གྲངས་བརྒྱད་རིང་གི་ལྷོ་ཁུལ་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་མཇུག་བསྡུས་པ། ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གི་དགེ་རྒན་ཉིན་མོར་གསུང་འཕྲིན། ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གི་དགེ་རྒན་ཉིན་མོར་གསུང་འཕྲིན། ༄༅། །ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༩ ཚེས་ ༥ ཉིན་ལོ་ལྟར་རྒྱ་གར་གྱི་སྲིད་འཛིན་དམ་པ་ཌོག་ཊར་རཱ་དྷཱ་ཀྲྀཥྞན་ (Dr. Radhakrishnan) མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་དགེ་རྒན་གྱི་ཉིན་མོར་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གི་གསུང་འཕྲིན་བཀའ་སློབ།

ཟླ་རེའི་གསར་འགྱུར།

གསར་གནས།

ཤེས་ཡོན་མཁས་པའི་སློབ་སྟོན་གྱི་ལྷན་ཚོགས་ཐེངས་དང་པོའི་ཐོག་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༥ དང་ ༦ བཅས་ཉིན་གྲངས་གཉིས་རིང་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཤེས་ཡོན་མཁས་པའི་སློབ་སྟོན་གྱི་ལྷན་ཚོགས་ཐེངས་དང་པོ་བསྐྱངས་པ་དང། ལྷན་ཚོགས་དེའི་ཐོག་ཤེས་རིག་བཀའ་བློན་དང་སྲིད་སྐྱོང་གཅིག་ལྕོགས་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན། (more…)

གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཞིག་འགོ་འཛུགས་གནང་བ།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༣ ཉིན་དྷ་སྟེང་བོད་ཁྱིམ་ཞི་བདེ་ཚོགས་ཁང་དུ་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པས་གོ་སྒྲིག་འོག་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཞིག་འགོ་འཛུགས་གནང་ཡོད། (more…)

སྲིད་སྐྱོང་སློབ་ཡོན་ཐོག་མ་དེ་བསྟན་འཛིན་ཆོས་སྐྱིད་ལགས་ལ་ཐོབ་པའི་གསར་འགོད་གསལ་བསྒྲགས།

༄༅། །ཉེ་ལམ་རྒྱ་གར་རྒྱལ་ཡོངས་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་སྐབས་སྒྱུ་རྩལ་རིག་ཚན་ཁོངས་ནས་རྩེ་ཕུད་སོན་པ་མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ཆོས་སྐྱིད་ལ་བརྒྱ་ཆ་ ༩༥་༤ ཐོབ་ཡོད་པར་བརྟེན། ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༣༠ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་དང་སྟོབས་རྒྱལ་ལགས། སློབ་ཡོན་ཚན་པའི་འགན་འཛིན་འཆི་མེད་ཚེ་དབྱངས་ལགས། བུ་མོ་བསྟན་འཛིན་ཆོས་སྐྱིད་ལགས་བཅས་དབུ་བཞུགས་ཐོག (more…)

བུ་མོ་བསྟན་འཛིན་ཆོས་སྐྱིད་ལགས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་རྩེ་ཕུད་སོན་པ།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༧ ཉིན་རྒྱ་གར་རྒྱལ་ཡོངས་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོའི་ AISSCEགྲུབ་འབྲས་གསལ་བསྒྲགས་གནང་བའི་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་སློབ་གྲྭ་ཁག་གི་སྒྱུ་རྩལ་སྡེ་ཚན་ཁོངས་ནས་རྩེ་ཕུད་སོན་པ་མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ཆོས་སྐྱིད་ལགས་ཡིན་ཞིང་། (more…)

རྒྱ་གར་རྒྱལ་ཡོངས་འབྲིང་རིམ་སློབ་གྲྭ་ཁག་གི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་བྱས་པ།

༄༅། །ཕྱི་ལོ་༢༠༡༣ ཟླ་༥ ཚེས་༢༧ ཉིན་རྒྱ་གར་རྒྱལ་ཡོངས་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོའི་ (AISSCE) གྲུབ་འབྲས་གསལ་བསྒྲགས་གནང་ཡོད། འདི་ལོའི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་གྲྭ་ཁག་༡༦ ནས་སློབ་ཕྲུག་གྲངས་༡༦༦༢ ཡོད་པའི་ཁོངས་ནས་སློབ་ཕྲུག་གྲངས་༡༦༡༦ དངོས་སུ་འཛུལ་ཞུགས་བྱས་ཡོད་པ་དང། དེའི་ཁོངས་ནས་སློབ་ཕྲུག་གྲངས་ ༡༤༡༡ ཡིག་རྒྱུགས་འཕྲོད་ཡོད། བསྐྱར་དུ་ཡིག་རྒྱུགས་གཏོང་དགོས་པའི་སློབ་མ་གྲངས་༡༥༨ དང། རྒྱུགས་མ་འཕྲོད་པའི་སློབ་མ་གྲངས་༤༧། དེ་བཞིན་སློབ་ཕྲུག་གྲངས་༤༦ ཡིག་རྒྱུགས་ནང་འཛུལ་ཞུགས་བྱས་མེད། འདི་ལོའི་བོད་སློབ་ཁག་གི་འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་འཕྲོད་པའི་བརྒྱ་ཆ་༨༧་༣༡…

||      གསལ་བསྒྲགས།

Menu