སྔོན་འགྲོ་དང་འཛིན་རིམ་དང་པོའི་བོད་ཡིག་སློབ་དེབ་ལ་བསྐྱར་ཞིབ་གནང་བ།༢༠༢༢-༠༥-༢༣༄༅། །ཤེས་རིག་ལས༌ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༡༦ ནས་ ༡༨ བར་ཉིན་གསུམ་གྱི་རིང་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་བོད་ཡིག་སློབ་དེབ་བསྐྱར་ཞིབ་ཀྱི་ཚོགས་འདུ་དེ་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་དུ་ཚོགས་ཡོད།
ཤེས་རིག་ལས་ཁུངས་ནས་རྡོར་གླིང་དང་ཀ་སྦུག་སཾ་བྷོ་ཊ་གཏན་སློབ་ཀྱི་འཛིན་རིམ་བཅུ་གཉིས་སློབ་ཕྲུག་རྣམས་ལ་མཐོ་སློབ་སློབ་འཇུག་གི་རྒྱུས་སྟོན་ཟབ་སྦྱོང་གནང་བཞིན་པ།༢༠༢༢-༠༥-༢༠༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༥ ཚེས་ ༡༩ ནས་ ༢༡ བར་རྒྱ་གར་བྱང་ཤར་རྡོར་གླིང་དང་ཀ་སྦུག་སཾ་བྷོ་ཊ་གཏན་སློབ་ཀྱི་འཛིན་རིམ་བཅུ་གཉིས་སློབ་ཐོན་པ་རྣམས་ལ་མཐོ་སློབ་ཁག་ཏུ་སློབ་འཇུག་བྱེད་སྟངས་དང་འབྲེལ་བའི་རྒྱུས་སྟོན་ཟབ་སྦྱོང་གནང་བཞིན་ཡོད་པ།
ཤེས་རིག་བརྡ་ཆད་ཚན་པས་ནུབ་བངྒཱལ་ཁུལ་གྱི་བོད་མིའི་འདུ་སྡོད་གཞིས་ཆགས་དང་། སློབ་གྲྭ། མཐོ་སློབ། དགོན་སྡེ་གྲྭ་ཚང་བཅས་སུ་ཐ་སྙད་གོ་རྟོགས་རྒྱ་ཆེ་སྤེལ་བ།༢༠༢༢-༠༥-༡༨༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༩ ནས་ ༡༦ བར་ཉིན་གྲངས་བརྒྱད་ཀྱི་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བརྡ་ཆད་ཚན་པས་རྒྱ་གར་ནུབ་བངྒཱལ་མངའ་སྡེའི་ཁུལ་གྱི་བོད་མིའི་འདུས་སྡོད་གཞིས་ཆགས་ཁག་གི་མང་ཚོགས་དང་དེ་བཞིན་སློབ་སྒར་ཁག་ཅིག་ལ་ཐ་སྙད་གོ་རྟོགས་ཀྱི་ལས་རིམ་རྒྱ་ཆེ་ཞིག་སྤེལ་ཡོད།
འཛིན་རིམ་དགུ་པའི་རྩིས་རིག་སློབ་དེབ་ཀྱི་བསྐྱར་ཞིབ་དང་གཏན་འབེབས་ཚོགས་འདུ།༢༠༢༢-༠༥-༡༣༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༠༢ ནས་ ༠༦ བར་ཉིན་ལྔའི་རིང་ཤེས་རིག་ལས༌ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག་གཞི་རིམ་གོང་མའི་བསླབ་གཞིའི་རྩ་འཛིན་ལྟར་རྩོམ་སྒྱུར་ཞུས་པའི་གཞི་རིམ་གོང་མའི་འཛིན་རིམ་དགུ་པའི་རྩིས་རིག་སློབ་དེབ་གཏན་འབེབས་ཚོགས་འདུ་ཚོགས་ཡོད།
དགེ་རྒན་ཆེད་ལས་ཡར་རྒྱས་ལས་གཞིའི་འབྲེལ་མཐུད་པ་རྣམས་ཀྱི་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ་བ།༢༠༢༢-༠༥-༠༧༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༤ ཉིན་དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་འགོ་འཛུགས་ཞུས་པའི་གཏན་ཉིན་སློབ་གྲྭ་ཁག་གི་དགེ་རྒན་ཆེད་ལས་ཡར་རྒྱས་ལས་གཞིའི་འབྲེལ་མཐུད་པ་རྣམས་ཀྱི་ཟབ་སྦྱོང་དེ་བཞིན་ཟླ་ ༥ ཚེས་ ༦…