ཟླ་རེའི་གསར་འགྱུར།

གསར་གནས།

གཏན་ཉིན་སློབ་གྲྭའི་རྒན་བདག་རྣམས་ལ་འགོ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཐེངས་གསུམ་པ་དབུ་འཛུགས་གནང་བ།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༥ ཉིན་བཞུགས་སྒར་གྱི་ཉེ་འཁྲིས་སུ་ཆགས་པའི་དབུས་སྣེ་ལེན་ཁང་གི་ཚོགས་ཁང་ནང་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག གཏན་ཉིན་སློབ་གྲྭའི་རྒན་བདག་རྣམས་ལ་འགོ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཐེངས་གསུམ་པ་དབུ་འཛུགས་གནང་། (more…)

ཤེས་རིག་བཀའ་བློན་མཆོག་ནིའུ་ཡོཀ་དང་ཀ་ནཀ་ཊི་ཀར་ཕྱོགས་ཕེབས་གནང་བ།

༄༅། །ཕྱི་ལོ་ ༢༠༡༥ ལོའི་གསུམ་བཅུའི་དུས་དྲན་ཐེངས་ ༥༦ ཐོག་དཔལ་ལྡན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ནིའུ་ཡོཀ་དང་ནིའུ་ཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་ས་གནས་གཞོན་ནུ་ལྷན་ཚོགས། ས་གནས་བུད་མེད་ལྷན་ཚོགས། ས་གནས་ཆུ་སྒང་ཚོགས་པ་བཅས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་གོ་སྒྲིག་གནང་བའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་ཡོད། (more…)

ཤེས་རིག་བཀའ་བློན་མཆོག་ཨ་རི་དང་ཁེ་ན་ཌར་ཕྱོགས་ཕེབས་གནང་སྟེ་ཤེས་རིག་དང་འབྲེལ་བའི་ལས་དོན་རྒྱ་ཆེ་སྤེལ་བ།

༄༅། །ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཕྱི་ཟླ་ ༣ ནང་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་བར་(Ottawa) ཕེབས་ནས་ཁེ་ན་ཌའི་སྲིད་གཞུང་གི་འབྲེལ་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་སྐབས། རྒྱ་བལ་འབྲུག་གསུམ་ནང་གི་བོད་ཕྲུག་ཚོའི་ཤེས་ཡོན་ཐོག་ཁེ་ན་ཌའི་སྲིད་གཞུང་ནས་རོགས་རམ་ཐོབ་ཐབས་གནང་འདུག (more…)

གཞི་རིམ་འོག་མ་དང་བར་མའི་ཨང་རྩིས་སློབ་དེབ་གཏན་འབེབས་དང་བསྐྱར་ཞིབ།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༡ ནས་ ༡༤ བར་ཉིན་བཞིའི་རིང་འདི་ག་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་གིས་གོ་སྒྲིག་འོག དྲིལ་བསྒྲགས་ལྷག་པ་ཚེ་རིང་ཚོགས་ཁང་དུ་གཞི་རིམ་འོག་མ་དང་བར་མའི་ཨང་རྩིས་…

ཤེས་རིག་བཀའ་བློན་མཆོག་ཨ་རི་དང་ཁེ་ན་ཌར་གཞུང་འབྲེལ་ཕྱོགས་ཕེབས་གནང་།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༢༢ ཉིན་འདི་ག་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དྷ་ས་ནས་ལྡི་ལི་བརྒྱུད་ཨ་རི་དང་ཁེ་ན་ཌའི་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་། (more…)

ཤེས་རིག་གི་དྲྭ་ཚིགས་གཞན།