བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་བཞི་ནས་འགྲེམས་སྟོན་ཁག་ལྔ་ནཱེཧ་རུ་རྒྱལ་ཡོངས་ཚན་རྩིས་དང་ཁོར་ཡུག་གི་འགྲེམས་སྟོན་ཐེངས་ ༤༨ པའི་སྟེང་མཉམ་ཞུགས་གནང་གཏན་འཁེལ་བ།༢༠༢༢-༠༢-༠༨༄༅། །སློབ་ཕྲུག་གི་རིག་རྩལ་གོང་འཕེལ་དུ་འགྲོ་བར་སྡིངས་ཆ་བསྐྲུན་སླད་རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་གིས་ལོ་ལྟར་ནཱེཧ་རུ་རྒྱལ་ཡོངས་ཚན་རྩིས་དང་ཁོར་ཡུག་གི་འགྲེམས་སྟོན་གོ་སྒྲིག་གནང་གི་ཡོད་པ་བཞིན་བོད་མིའི་སློབ་གྲྭ་ཁག་ཅིག་ཀྱང་ཚུད་འདུག
རིགས་ལམ་བརྒྱུད་ནས་ཚན་རིག་འཁྲིད་ཐབས་ཀྱི་ལག་དེབ་གཏན་འབེབས་ཚོགས་འདུ།༢༠༢༢-༠༡-༠༥༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༧ ནས་ ༣༠ བར་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཉིན་གྲངས་བཞིའི་རིང་གངས་སྐྱིད་ཤེས་རིག་ཚོགས་ཁང་དུ་རིགས་ལམ་བརྒྱུད་ནས་ཚན་རིག་འཁྲིད་ཐབས་ཀྱི་ལག་དེབ་གཏན་འབེབས་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད།
ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་ཉི་ཤུ་རྩ་དགུ་པ་ལེགས་གྲུབ་ཟིན་པ།༢༠༢༢-༠༡-༠༤ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༧ ནས་ ༣༡ བར་ཉིན་གྲངས་ལྔའི་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་ཚན་པའི་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཚོགས་ཁང་དུ་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་ཉི་ཤུ་རྩ་དགུ་པ་དེ་བསྐྱངས་པ།
བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་བོད་སྒྱུར་བྱིས་སྒྲུང་གསར་པ་བཅུ་པར་སྐྲུན་གནང་བ།༢༠༢༢-༠༡-༠༡༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ པའི་ནང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བོད་སྒྱུར་བྱིས་སྒྲུང་བཅུ་པར་སྐྲུན་ཞུས་ནས། ད་ལྟའི་ཆར་རྒྱ་བལ་གཉིས་ནང་ཡོད་པའི་བོད་པའི་སློབ་གྲྭ་ཁག་གི་དཔེ་མཛོད་དང་། འཛིན་ཁང་དང་ཉལ་ཁང་དཔེ་མཛོད་བཅས་ལ་བགོ་འགྲེམས་ཞུས་པ།
སམ་བྷོ་ཊ་བོད་སློབ་ཚོགས་པའི་སློབ་གྲྭ་ཁག་གི་ཆེད་དགེ་ལས་འདེམས་སྒྲུག་གི་གྲུབ་འབྲས་གསལ་བསྒྲགས།༢༠༢༡-༡༢-༣༠བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༡ ལོའི་ ཟླ་བ་ ༡༡ པའི་ཚེས་ ༣ ཉིན་སམ་བྷོ་ཊ་བོད་སློབ་ཚོགས་པའི་སློབ་གྲྭ་ཁག་གི་ཆེད་དགེ་ལས་ས་མིག་གསལ་བསྒྲགས་བསྐྱངས་དོན་བཞིན་འདེམས་སྒྲུག་ཟིན་པའི་མཚན་ཐོ་གཤམ་འོག་ཏུ་མཉམ་སྦྱར་ཞུས་ཡོད།