ཟླ་རེའི་གསར་འགྱུར།

གསར་གནས།

བཀའ་བློན་མཆོག་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་གཟིགས་ཞིབ་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༧ རེས་གཟའ་ཕུར་བུ་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཐོག་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་དྷ་ཤོད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་གཟིགས་ཞིབ་ཏུ་ཕེབས་གནང་བ་དང་། སྐབས་དེར་ཤེས་རིག་ལས་ཁུངས་ཀྱི་ཤེས་ལྷན་ཚན་པས་སློབ་ཕྲུག་རྣམས་ལ་བྱིས་སྒྲུང་དང་འབྲེལ་བའི་འགུལ་བརྙན་ཞིག་དབུ་འབྱེད་གནང་།…

གཞི་རིམ་བར་མའི་སློབ་དགེ་རྣམས་ལ་ཀམ་པུ་ཊར་ཤེས་ཡོན་དང་འབྲེལ་བའི་ཟབ་སྦྱོང་མཇུག་སྒྲིལ་བ།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས ༢ ནས་ ༥ བར་ཉིན་གྲངས་བཞིའི་རིང་དྷ་ས་དབུས་སྣེ་ལེན་ཁང་གི་འཛིན་སྐྱོང་སྦྱོང་བརྡར་དང་བདེ་དོན་ཚོགས་པའི་ཚོགས་ཁང་དུ་གཞི་རིམ་བར་མའི་སློབ་དགེ་རྣམས་ལ་ཀམ་པུ་ཊར་ཤེས་ཡོན་དང་འབྲེལ་བའི་ཟབ་སྦྱོང་མཇུག་སྒྲིལ། (more…)

འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་སློབ་འཇུག་རྒྱུས་སྟོན་ཐེངས་བཅུ་གསུམ་པ་ཚོགས་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༣ རེས་གཟའ་ཕུར་བུའི་ཉིན་འདི་ག་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པས་གོ་སྒྲིག་འོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་ཉིན་གཅིག་རིང་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་སློབ་འཇུག་རྒྱུས་སྟོན་ཟབ་སྦྱོང་ཐེངས་བཅུ་གསུམ་པ་སྐོང་ཚོགས་གནང་། (more…)

གཞི་རིམ་བར་མའི་སློབ་དགེ་རྣམས་ལ་ཀམ་པུ་ཊར་ཤེས་ཡོན་དང་འབྲེལ་བའི་ཟབ་སྦྱོང་དབུ་འཛུགས་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས ༢ ཉིན་འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དྷ་ས་དབུས་སྣེ་ལེན་ཁང་གི་འཛིན་སྐྱོང་སྦྱོང་བརྡར་དང་བདེ་དོན་ཚོགས་པའི་ཚོགས་ཁང་དུ་གཞི་རིམ་བར་མའི་སློབ་དགེ་རྣམས་ལ་ཀམ་པུ་ཊར་ཤེས་ཡོན་དང་འབྲེལ་བའི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་། (more…)

ཤེས་རིག་བརྡ་ཆད་ཚན་པས་དྲ་ཚིགས་དང་བརྡ་ཆད་དེབ་ཕྲེང་ ༡༡ དབུ་འབྱེད་གནང་།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཙམ་ལ་འདི་ག་ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་ལས་འཆར་ཚན་པའི་དྲ་ཚིགས་གསར་པ་དང་། བརྡ་ཆད་དེབ་ཕྲེང་…

ཤེས་རིག་གི་དྲྭ་ཚིགས་གཞན།