ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་སྦེལ་ཇམ་ཁུལ་གྱི་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་སློབ་གྲྭ་ཁག་གཉིས་ལ་འཚམས་གཟིགས་ལེགས་གྲུབ་བྱུང་བ།༢༠༢༢-༡༠-༡༢བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༠༩ ཉིན་གྱི་ཞོགས་པ་པེ་རི་སི་ཁུལ་གྱི་གཟའ་མཇུག་སློབ་གྲྭར་འཚམས་གཟིགས་ལེགས་གྲུབ་ཀྱིས་ཉིན་རྒྱབ་ཆུ་ཚོད་ ༣ ཐོག་སྦར་སིལ་དུ་ཕེབས་འབྱོར་སྐབས་སྦེལ་ཇམ་ཆོས་རིག་འཛིན་སྐྱོང་ཁང་གིས་སྣེ་ལེན་གཟབ་རྒྱས་ཞུས་པ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཕ་རཱན་སི་ཨེ་ཨི་ཊི་རོགས་ཚོགས་དབུས་བརྙེས་ནས་མི་ལོ་ཧྲིལ་པོ་ ༤༠ འཁོར་བའི་དུས་ཆེན་མཛད་སྒོར་གསུང་བཤད་གནང་བ།༢༠༢༢-༡༠-༡༡༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཕ་རཱན་སི་ཨེ་ཨི་ཊི་ (AET) རོགས་ཚོགས་ལས་ཁུངས་སུ་ཆེད་ཕེབས་ཀྱིས་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་མཇལ་འཕྲད་གནང་སྟེ་བཀའ་དྲིན་རྗེས་དྲན་གྱི་མཇལ་དར་དང་ཕྱག་རྟགས་གནང་ཡོད།
ཤེས་རིག་བཀའ་བློན་མཆོག་ཕ་རཱན་སི་དང་སྦེལ་ཇམ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་བ།༢༠༢༢-༡༠-༠༥ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༠༥ ནས་ ༡༢ བར་ཕ་རཱན་སི་དང་སྦེལ་ཇམ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད་པ་མ་ཟད་ཚེས་ ༠༨ ཉིན་ཕ་རཱན་སི་ཨེ་ཨི་ཊི་རོགས་ཚོགས་དབུས་བརྙེས་ནས་མི་ལོ་ཧྲིལ་པོ་…
སྔོན་འགྲོ་དང་འཛིན་རིམ་དང་པོའི་བོད་ཡིག་སློབ་དེབ་གཏན་འབེབས་གནང་བ།༢༠༢༢-༡༠-༠༣བོད་མིའི་སྒྲིག་འཛུགས་ཤེས་རིག་ལས༌ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༢༨ ནས་ཟླ་ ༡༠ ཚེས་ ༡ བར་ཉིན་གྲངས་བཞིའི་རིང་སྔོན་འགྲོ་དང་གཞི་རིམ་འོག་མའི་འཛིན་རིམ་དང་པོའི་བོད་ཡིག་སློབ་དེབ་གཏན་འབེབས་ཀྱི་ཚོགས་འདུ་དེ་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་དུ་ཚོགས་ཡོད།
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་དཔེ་དེབ་ཁྲོམ་འདུས་གཉིས་པ་གོ་སྒྲིག་གནང་བ།༢༠༢༢-༠༩-༢༦༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༢༤ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་སྦེལ་ཀོབ་སཾ་བྷོ་ཊ་གཞི་རིམ་གོང་མའི་སློབ་གྲྭར་དཔེ་དེབ་ཁྲོམ་འདུས་གཉིས་པ་གོ་སྒྲིག་གནང་ཡོད་པ་དང་། དེ་ཡང་སྦེལ་ཀོབ་སཾ་བྷོ་ཊའི་སློབ་གྲྭའི་ཚོགས་ཁང་དུ་སློབ་གྲྭའི་དགེ་སློབ་དང་མི་མང་བཅས་ལ་ངོ་སྤྲོད་གསུང་བཤད་གནང་བ།