ཟླ་རེའི་གསར་འགྱུར།

གསར་གནས།

རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་དེ་སྔ་ལས་ཡར་རྒྱས་བྱུང་བ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༤ རེས་གཟའ་མིག་དམར་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དབུ་བཞུགས་ཐོག ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་དང།

རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་སྔ་ལོ་ལས་ལྷག་འཕར་བ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༦ རེས་གཟའ་ཕུར་བུའི་ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་རྣམ་གཉིས་ཀྱིས་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་བརྒྱུད་འདི་ལོའི་བོད་པའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་སྐོར་གསར་འགོད་གསལ་བསྒྲགས་སྤེལ་ཡོད།

༄༅། །གཞི་རིམ་སློབ་མའི་རྩོམ་འབྲི་དང་དཔེ་ཀློག་བྱ་འགུལ་ལེགས་གྲུབ་བྱུང་བ།

རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་གདལ་སོང་བའི་དབང་གིས་རང་རེའི་སློབ་གྲྭ་ཁག་སྒོ་བརྒྱབ་སྟེ་སློབ་མ་རྣམས་རང་ཁྱིམ་དུ་གནས་སྡོད་བྱེད་རིང་། དུས་ཚོད་ཆུད་ཟོས་སུ་མི་འགྲོ་བ་དང་། ཉིན་རེའི་བྱེད་སྒོར་སྟངས་འཛིན་ཡོད་པ། སྐད་ཡིག་བཀོལ་སྤྱོད་དང་ཡར་རྒྱས་ལ་སྨན་པ།

ཐེམ་སྤང་བཀའ་རྒྱ་བསྡམས་པའི་སྐབས་སུ་འགྲུལ་བསྐྱོད་མི་ཐུབ་པའི་མཐོ་སློབ་སློབ་ཕྲུག་ལ་རོགས་སྐྱོར་ཞུས།

༄༅། །ཏོག་དབྱིབས་གཉན་རིམས་ ༡༩ ཛ་དྲག་ངལ་སེལ་ལས་གཞིའི་འོག ཐེམ་སྤང་བཀའ་རྒྱ་བསྡམས་པའི་དུས་སྐབས་སུ་མཐོ་སློབ་ཁག་ནས་འགྲུལ་བསྐྱོད་མི་ཐུབ་པའི་སློབ་མ་གྲངས་ ༡༦༡ ལ་ཁྱོན་བསྡོམས་སྒོར་བརྒྱད་འབུམ་ལྔ་སྟོང་(༨༠༥༠༠༠)མཐུན་རྐྱེན་སྦྱོར་སྤྲོད་ཞུས་ཤིང་། རོགས་སྐྱོར་བགོད་འགྲེམས་ཞུས་པའི་ཐོ་གཞུང་གཤམ་གསལ་ལྟར་ཡིན།

ཉམ་ཐག་ཨང་ཐོབ་ཅན་གྱི་སློབ་ཕྲུག་རྣམས་ལ་ངལ་སེལ་རོགས་དངུལ་བགོ་འགྲེམས་ཞུས།

༄༅། །ཏོག་དབྱིབས་གཉན་རིམས་ཛ་དྲག་ངལ་སེལ་ལས་གཞིའི་འོག ཤེས་རིག་ཁྱབ་ཁོངས་རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་བོད་རིགས་ཉམ་ཐག་ཨང་ཐོབ་ཅན་མཐོ་སློབ་སློབ་ཕྲུག་གྲངས་ ༤༢ ལ་ཧིན་སྒོར་ ༥༠༠༠།༠༠ རེ་དང་། གཞི་རིམ་སློབ་ཕྲུག་གྲངས་ ༡༧༨ ལ་ཧིན་སྒོར་ ༢༠༠༠།༠༠…

ཤེས་རིག་གི་དྲྭ་ཚིགས་གཞན།