ཁ་ཤོག་གི་རི་མོའི་འགྲེལ་བཤད།
རི་དྭགས་ཆོས་འཁོར་གྱི་རི་མོ་ནི་བྲིས་འབུར་གང་དུའང་ཁྱབ་ཆེ་བ་ཞིག་སྟེ། ཁྱད་པར་དུ་ཆོས་གྲྭ་མི་ཉུང་བ་ཞིག་གི་གཙུག་ལག་ཁང་གི་རྩེར་འབུར་བཟོའི་ལམ་ནས་བཞེངས་པ་མང་དུ་མཐོང་རྒྱུ་ཡོད། འོ་ན་དེའི་མཚོན་དོན་དང་བྱུང་བའི་ལོ་རྒྱུས་ཇི་ལྟར་ཡིན་ཞེ་ན། དེ་ཡང་མཉམ་མེད་སྟོན་པ་ཤཱཀྱ་ཐུབ་པ་མཆོག་མངོན་པར་རྫོགས་པར་སངས་རྒྱས་པའི་རྗེས་སུ་དབེན་པའི་ཚལ་དུ་ཐུགས་མཉམ་བཞག་གི་ངང་དུ་བཞུགས་པའི་སྐབས་ཤིག ལྷ་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་མ་སྟོང་དང་ལྡན་པ། བརྒྱ་བྱིན་གྱིས་ཀྱང་དུང་དཀར་གཡས་སུ་འཁྱིལ་བ་ཞིག་སྟོན་པའི་སྤྱན་སྔར་ཕུལ་ཏེ་དམ་པའི་ཆོས་གསུང་བར་བསྐུལ་བར་བརྟེན། ཁོང་གིས་ཆོས་འཁོར་ལན་གསུམ་དུ་བསྐོར་བར་ཞལ་གྱིས་བཞེས། དེའི་ཚེ་ནགས་ནས་རི་དྭགས་རུ་རུ་གཉིས་ཀྱང་ཐོན་ནས་ཆོས་འཁོར་ལ་མིག་མི་འཛུམ་པར་ལྟ་ཞིང་འདུག་པ་བྱུང་བས། དེ་དཔེ་ལ་སྦྱར་ན་རྩིབས་སྟོང་གི་འཁོར་ལོ་དེ་གཞན་གྱིས་བསྐོར་མི་དགོས་པར་གཡུལ་གྱི་ཕྱོགས་སུ་བཏང་ན་རང་བཞིན་གྱིས་འཁོར་ཏེ་བགྲོད་ནུས་པ་དང། གང་ལ་བགྲོད་པའི་ས་ཕྱོགས་དེ་དག་མངའ་འོག་ཏུ་འཇུག་ཐུབ་པའི་བྱེད་ནུས་ཁྱད་པར་ཅན་ཡོད་སྐད། རི་དྭགས་ཕོ་མོ་གཉིས་ནི་རི་དྭགས་ཀྲིཥྞས་ར་ལ་བཤད་པ་ཡིན་ཏེ། དེ་མཐོང་བས་རྒྱུད་ལ་མི་འཚེ་བའི་སྙིང་རྗེ་དང་བྱང་སེམས་ཀྱི་སེམས་སྐྱེ་སླ་བར་འགྱུར་སྐད། དོན་ལ་སྦྱར་ན་ནི་སྟོན་པ་སངས་རྒྱས་དང་དེས་གསུངས་པའི་ཆོས། རི་དྭགས་གཉིས་ནི་ཚངས་པ་དང་བརྒྱ་བྱིན་གྱིས་མཚོན་པའི་གདུལ་བྱའི་རིགས་མཐའ་དག་སྟེ། རྣ་བ་ཡར་བཏེགས་པས་ཐོས་པ་དང་། མིག་མི་འཛུམ་པར་ལྟ་བས་བསམ་པ། རྐང་ལག་ས་ལ་ཉལ་བས་སྒོམ་པའི་ཚུལ་བསྟན། མདོར་ན་ནང་པའི་གཙུག་ལག་ཁང་གི་སྟེང་ལ་གཟུགས་བརྙན་དེ་འགོད་པ་ནི་དཀོན་མཆོག་རྗེས་སུ་དྲན་པ་དང་ལུང་རྟོགས་བསྟན་པས་འཇིག་རྟེན་དགེ་ལེགས་སུ་བྱེད་པའི་བཀྲ་ཤིས་ཀྱི་རྟེན་འབྲེལ་མཚོན་པ་ཡིན་ནོ། །(《བོད་ཀྱི་རི་མོ་སྤྱིའི་རྣམ་གཞག་བློ་གསལ་འཇུག་སྒོ་》ཞེས་པ་ལས་བཏུས་ཏེ་བཀོད།)
ཁ་ཤོག་ཇུས་འགོད་པ། ཚེ་བརྟན།
དགོས་དམིགས་དང་གསལ་འདེབས།
- དུས་དེབ་འདིའི་དམིགས་ཡུལ་ནི། བོད་མིའི་སྤྱི་ཚོགས་སྤྱི་དང་སྒོས་སུ་སློབ་གྲྭ་ཁག་གི་དགེ་རྒན་ཚོའི་ཤེས་ཡོན་དང་རིག་གཞུང་གི་གནས་ཚད་གོང་དུ་སྤེལ་རྒྱུ་དེ་ཡིན།
- དུས་དེབ་འདི་ཉུང་མཐར་ལོ་རེར་ཐེངས་རེ་འདོན་རྒྱུ།
- དུས་དེབ་འདིའི་ནང་ཤེས་ཡོན་དང༌། བོད་ཀྱི་སྐད་ཡིག་རིག་གཞུང༌། ཡ་རབས་བཟང་སྤྱོད། སློབ་གྲྭའི་སློབ་ཚན་དང་འབྲེལ་ཡོད་ཁག སློབ་ཁྲིད་ཐབས་ལམ། ཚན་རིག་དང་ཨང་རྩིས། སྤྱི་ཚོགས་རིག་གནས་སོགས་དེང་དུས་ཤེས་བྱ་ཁག་བཅས་གཙོ་བོར་བཟུང་ནས་དགོད་རྒྱུ།
- རྒྱ་ཆེའི་མཁས་པ་ཁག་དང༌། རྩོམ་པ་པོ། དགེ་རྒན། ཀློག་པ་པོ་བཅས་ནས་གོང་གསལ་ནང་དོན་ཅན་གྱི་རྩོམ་ཡིག་དང༌། ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་གནང་བར་དགའ་བསུ་ཞུ།
- རྩོམ་ཡིག་གང་ཞིག་དུས་དེབ་ཐོག་བཀོད་རྗེས་ལེགས་གཟོའི་རྩོམ་ཡོན་འོས་འཚམས་ཤིག་འདི་གའི་གཏན་འབེབས་གཞིར་བཟུང་འབུལ་རྒྱུ་ཡིན།
- རྩོམ་སྒྲིག་པའམ་རྩོམ་པ་པོའི་མིང་འཁོད་རྩོམ་ཡིག་རྣམས་འདི་ག་ཤེས་རིག་ལས་ཁུངས་ཀྱི་ལྟ་བ་ཡིན་པས་མ་ཁྱབ།
- རྩོམ་ཡིག་གང་ཞིག་དུས་དེབ་ཐོག་འགོད་མིན་གྱི་དབང་ཚད་ནི། དུས་དེབ་ཀྱི་རྩོམ་སྒྲིག་པར་ཡོད།
- འདི་གར་བསྐུར་འབྱོར་བྱུང་བའི་རྩོམ་ཡིག་རྣམས་དུས་དེབ་ཐོག་བཀོད་མིན་ལ་མ་ལྟོས་པར། རྩོམ་ཡིག་ཕྱིར་སློག་བྱ་རྒྱུ་མིན་ན། དོ་བདག་སོ་སོས་མ་ཕྱི་ཉར་ཚགས་གནང་རོགས་ཞུ།
དེབ་ཀྱི་དཀར་ཆག
མི་རིགས་རང་གི་སྐད་དང་ཡི་གེ་གལ་ཆེ་ཚུལ་ལས་འཕྲོས་པའི་སྙིང་གཏམ།(བསེ་ཚང་བློ་བཟང་དཔལ་ལྡན)
སྟོན་པས་གསུངས་པའི་ཆེད་དུ་བརྗོད་པའི་ཚོམས་ཞེས་བྱ་བ་བཞུགས་སོ།།
བསླབ་བྱ་མུ་ཐི་ལ་དང་ལེགས་བཤད་འཕྲུལ་གྱི་དྲྭ་བའི་སྦྲགས་འགྲེལ་མི་ཚེའི་ལམ་བུ།(ཆབ་བྲག་ལྷ་མོ་སྐྱབས།)
ཤེས་ཡོན་ཉམས་ཆག་གི་རྒྱུ་རྐྱེན་དང་དེ་ལས་ལྡོག་ཐབས་ཀྱི་བསམ་ཚུལ།(བསྟན་པ་བཀྲ་ཤིས)
བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པའི་སྲིད་ཇུས་ལ་ཤུགས་སྣོན་བྱེད་དགོས་པའི་སྐོར་གྱི་དྲན་ཚུལ་ཐོར་བུ།(སྡེ་རོང་ཚེ་རིང་དོན་གྲུབ།)
བོད་ཀྱི་རྩོམ་རིག་ལ་ཉེ་བར་མཁོ་བའི་སྡེབ་སྦྱོར་གྱི་སྐོར་རགས་ཙམ་གླེང་བ།(མུ་འགོད)(བེ་རི་འཇིགས་མེད་དབང་རྒྱལ།)
བོད་ཀྱི་སྲོལ་རྒྱུན་ལོ་གསར་དར་ཚུལ་སྐོར་རགས་ཙམ་གླེང་བ།(བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག)
ལེ་ཐོ་ལྟ་སྟངས་རྒྱས་པ་ཀུན་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ།།(དེབ་གོང་མའི་འཕྲོ)(ཨེ་པ་བསོད་ནམས་རིན་ཆེན།)
ནོ་བྷེལ་གཟེངས་རྟགས་དང༌། ནོ་བྷེལ་ཐེབས་རྩ་སོགས་ཀྱི་ངོ་སྤྲོད་མདོར་བསྡུས།(མུ་འགོད)(བྱམས་པ་ཟླ་གྲགས།)
རྩོམ་སྒྲིག་པ། དགེ་འདུན་དོན།