(དེབ་གོང་མའི་འཕྲོས།) བཀྲ་ཤིས་དོན་འགྲུབ་ཀྱིས་བསྒྱུར།
གཞི་རིམ་འོག་མའི་ཁོར་ཡུག་ཚན་རིག (འཛིན་གྲྭ་གསུམ་པ་དང༌། བཞི་པ། ལྔ་པ)
ཁོར་ཡུག་ཐོག་གོ་རྟོགས།(Enviromental Sensitivity)
A* རིགས་འདེད་ཀྱི་ནུས་པ་ལྡན་ཞིང༌། རང་སྟོབས་ཀྱི་བསམ་གཞིགས་བྱེད་པ། བདེན་པ་དང་མཛེས་དཔྱོད་ཀྱི་ལྟ་བ་གང་ལེགས་ཡོད་པ། དེ་དག་ལ་ཚོར་བ་རྣོ་ཞིང་ལྟ་ཞིབ་བྱེད་སྤྲོ་བ།
A རང་སྟོབས་ཀྱི་སྒོ་ནས་བསམ་གཞིགས་གང་འཚམས་བྱེད་ཐུབ་པ། དགེ་རྒན་གྱི་ལམ་སྟོན་ཏོག་ཙམ་གནང་ཚེ་ལྟ་ཞིབ་ཀྱང་གང་ལེགས་བྱེད་ནུས་པ།
B རིགས་འདེད་དང་ལྟ་ཞིབ་བྱས་པ་ལ་བརྟེན་ནས་དྲི་བ་སྟབས་བདེ་ཁག་ལ་ལན་འདེབས་པའི་འབད་རྩོལ་བྱེད་པ།
C ལྟ་ཞིབ་དང་རིགས་འདེད་བྱ་རྒྱུར་དཀའ་ངལ་ཆེ་བ། དྲི་བ་སྟབས་བདེའི་རིགས་ལ་ལན་འདེབས་པའི་འབད་རྩོལ་བྱེད་པ།
D དྲི་བ་སྟབས་བདེ་ཁག་ལའང་ལན་འདེབས་བྱེད་དཀའ་བ།
བྱེད་སྒོ་དང་ལས་འཆར།(Activity/project)
A* གསར་གཏོད་ལ་ཤིན་ཏུ་སྤྲོ་བ། བརྡ་འཕྲིན་བསྡུ་རུབ་བྱེད་ནུས་པ་མ་ཟད། བསྡུ་རུབ་བྱས་པའི་བརྡ་འཕྲིན་རྣམས་ལས་ཀའི་ཁྲོད་སྤྱོད་ཐུབ་པ། གང་བསྐུལ་བའི་ལས་བྱ་རང་སྟོབས་ཀྱིས་བྱེད་ནུས་པ།
A དུས་སྐབས་ཕལ་ཆེ་བར་གང་བསྐུལ་བའི་ལས་བྱ་རྣམས་རང་སྟོབས་ཀྱིས་ཁམས་གཙང་ངང་ལེགས་འགྲུབ་ཐུབ་པ།
B རང་རྐྱ་འཕེར་བའི་སྒོ་ནས་ལས་དོན་བྱེད་ནུས་ཀྱང༌། སྐབས་འགར་ལག་བསྟར་སྐབས་གཞན་གྱི་རོགས་རམ་ལ་བརྟེན་དགོས་པ།
C རང་རྐྱ་འཕེར་བའི་ལས་དོན་བྱེད་དཀའ་བ། འགྲེལ་བརྗོད་དང་འགྲེམས་སྟོན་བྱེད་པའི་ནུས་པ་ཡར་རྒྱས་གཏོང་དགོས་པ།
D ལས་དོན་ཁམས་གཙང་མེད་པ། ཡིག་ཆས་དག་གཙང་ཉར་ཚགས་མི་ཐུབ་པ། ལས་ཀའི་ཐོག་རང་རྐྱ་མི་འཕེར་བ།
ཚོགས་པའི་བགྲོ་གླེང༌།(Group discussion)
A* གཞན་གྱི་ལྟ་ཚུལ་ལ་ཉན་འཇོག་བྱེད་པའི་ཁར། དེར་རང་གི་ལྟ་བས་ཁ་སྣོན་རྒྱག་པ། སྤྲོ་སྣང་ལྡན་པའི་ལྟ་ཞིབ་བྱེད་པ། བསམ་བློ་གཏོང་སྟངས་སྒྲིག་གཞི་ལྡན་པ།
A གཞན་གྱི་ལྟ་ཚུལ་ལ་ཉན་འཇོག་བྱེད་ནའང༌། དེར་ལན་འདེབས་བྱ་བར་ཐེ་ཚོམ་བྱེད་པ།
B གཞན་གྱི་རྟིང་བསྐུལ་བྱུང་ཚེ་ཉན་འཇོག་བྱེད་ནའང་རང་གི་ལྟ་ཚུལ་མི་བརྗོད་པ། ལན་འདེབས་པར་ཐེ་ཚོམ་བྱེད་པ། སྐབས་འཕྲལ་དགེ་རྒན་གྱི་ལམ་སྟོན་བྱེད་དགོས་པ།
C དགེ་རྒན་གྱི་སློབ་སྟོན་གོ་རྟོགས་ཡོང་བར་དཀའ་ངལ་ལྡན་པ། དྲི་བར་ལན་འདེབས་སྐབས་གཞན་གྱི་འཁྲིད་སྟོན་ལ་བརྟེན་དགོས་པ།
D དགེ་རྒན་གྱི་སློབ་སྟོན་ལ་དོ་སྣང་དང་ལག་ལེན་བྱ་རྒྱུར་དཀའ་ངལ་ལྡན་པ། བྱེད་སྒོ་ཕལ་ཆེ་བ་ཉུང་བསྡུས་བཏང་ནས་སྤེལ་དགོས་པ།
འབྲི་སྦྱོང་ལས་བྱ།(Written work)
A*
A ལས་བྱ་རྣམས་རང་སྟོབས་ཀྱིས་འབྲི་ཐུབ་ཅིང༌། ཁམས་གཙང་ཞིང་ཡང་དག་པ།
B ལས་བྱ་རྣམས་རང་རྐྱ་འཕེར་བའི་སྒོ་ནས་འབྲི་ཐུབ་ཀྱང༌། མཚམས་མཚམས་ནོར་སྐྱོན་ཤོར་བ།
C དགེ་རྒན་གྱི་ལམ་སྟོན་གནང་ཚེ་ལས་བྱ་སྟབས་བདེའི་རིགས་འབྲི་ཐུབ་པ།
D དགེ་རྒན་གྱི་ལམ་སྟོན་དང་ཁ་མ་བྲལ་པར་རང་ངོས་ནས་ལས་བྱ་འབྲི་མི་ཐུབ་པ།
གཞི་རིམ་འོག་མའི་ཚན་རིག (འཛིན་གྲྭ་གསུམ་པ་དང༌། བཞི་པ། ལྔ་པ།)
གོ་དོན།(Concept)
A* ཨང་རྩིས་ཀྱི་གོ་དོན་རྒྱུས་ལོན་དང༌། ཡིད་འཛིན། དྲན་གསོ། གོ་བ། རིགས་འདེད་བཅས་གང་ལེགས་བྱེད་ནུས་པ། ཡི་གེའི་རྩིས་བརྗོད་ཀྱི་གོ་དོན་གལ་ཆེན་ཁག་ཤེས་རྟོགས་ཐུབ་པ། འབྲེལ་ཡོད་ཀྱི་ཤེས་བྱ་དང་རྩིས་ཐབས་ལག་ལེན་ཁྲོད་སྤྱོད་ཐུབ་པ། རྩིས་དང་འབྲེལ་བའི་ཡི་གེ་དང༌། རྩིས་གཞི། རི་མོ། རེའུ་མིག་སོགས་ཤར་མར་ཀློག་ཐུབ་པ།
A ཨང་རྩིས་ཀྱི་གོ་དོན་རྒྱུས་ལོན་དང༌། ཡིད་འཛིན། དྲན་གསོ། གོ་བ། རིགས་འདེད་བཅས་གང་ལེགས་བྱེད་ནུས་པ། ཡི་གེའི་རྩིས་བརྗོད་ཀྱི་གོ་དོན་ཁག་བདེ་བླག་ངང་རྟོགས་ཐུབ་པ། འབྲེལ་ཡོད་ཀྱི་ཤེས་བྱ་དང་རྩིས་ཐབས་ལག་ལེན་ཁྲོད་སྤྱོད་ཐུབ་པ། རྩིས་དང་འབྲེལ་བའི་ཡི་གེ་དང༌། རྩིས་གཞི། རི་མོ། རེའུ་མིག་སོགས་ཤར་མར་ཀློག་ཐུབ་པ།
B ཡི་གེའི་ཐོག་ཡོད་པའི་རྩིས་བརྗོད་ཀྱི་གོ་དོན་ཁག་ཤེས་རྟོགས་དང་དྲན་གསོ་ཐུབ་པ། འབྲེལ་ཡོད་ཀྱི་ཤེས་བྱ་དང་རྩིས་ཐབས་ལག་ལེན་ཁྲོད་སྤྱོད་ཐུབ་པ། རྩིས་དང་འབྲེལ་བའི་ཡི་གེ་དང༌། རྩིས་གཞི། རི་མོ། རེའུ་མིག་སོགས་མྱུར་པོར་ཤར་ཀློག་ཐུབ་པ།
C ཨང་རྩིས་ཀྱི་གོ་དོན་རྒྱུས་ལོན་དང༌། ཡིད་འཛིན། དྲན་གསོ། གོ་བ། རིགས་འདེད་བཅས་བྱེད་ནུས་པ། དགེ་རྒན་གྱི་རོགས་སྐྱོར་འོག་ཡི་གེའི་ཐོག་ཡོད་པའི་རྩིས་བརྗོད་ཀྱི་གོ་དོན་གལ་ཆེན་ཁག་ཤེས་རྟོགས་ཐུབ་པ། འབྲེལ་ཡོད་ཀྱི་ཤེས་བྱ་དང་རྩིས་ཐབས་ལག་ལེན་བྱ་ཐུབ་པ། རྩིས་དང་འབྲེལ་བའི་ཡི་གེ་དང༌། རྩིས་གཞི། རི་མོ། རེའུ་མིག་སོགས་དལ་པོའི་སྒོ་ནས་ཀློག་ཀྱང་ཐུབ་པ།
D རྩིས་ཀྱི་གོ་དོན་ཤེས་རྟོགས་ཡོང་བར་རྒྱུན་བསྟུད་ངང་རོགས་སྐྱོར་བྱ་དགོས་པ། རྩིས་བརྗོད་གོ་དོན་ཀློག་རྒྱུ་དང༌། གོ་བ་ལེན་རྒྱུར་དཀའ་ངལ་ཆེན་པོ་ཡོད་པ།
བྱེད་སྒོ་དང་ལས་འཆར།(Activity/project)
A* མ་བསྐུལ་དང་བླངས་ངང་རྩིས་རིག་དང་འབྲེལ་བའི་བྱེད་སྒོ་ཡོངས་རྫོགས་ནང་འཛུལ་ཞུགས་བྱེད་པ་དང༌། ཚོད་ལྟ་ལ་དགའ་བ། འགྲེལ་བརྗོད་དང་འགྲེམས་སྟོན་བྱ་རྒྱུར་ལྷན་སྐྱེས་སུ་སྤྲོ་སྣང་ལྡན་པ། གསར་གཏོད་ཀྱི་ནུས་པ་ལྡན་པ། ཚོད་ལྟ་བྱས་རྗེས་གྲུབ་དོན་འཚོལ་ཞིབ་དང་རིགས་འདེད། མཐའ་སྡོམ་རྒྱག་པ་སོགས་ལ་དགའ་བ། སློབ་དེབ་མ་ཡིན་པའི་ཨང་རྩིས་དང་འབྲེལ་བའི་ལས་རིགས་ལ་རྟག་ཏུ་སྤྲོ་སྣང་ཆེན་པོས་འཇུག་པ།
A སྤྲོ་སྣང་ལྡན་པའི་ངང་བྱེད་སྒོ་ཕལ་ཆེ་བའི་ནང་འཛུལ་ཞུགས་བྱེད་ཅིང༌། འགྲེལ་བརྗོད་དང་འགྲེམས་སྟོན་བྱ་རྒྱུར་གསར་གཏོད་ཀྱི་ནུས་པ་ལྡན་པ། འཚོལ་ཞིབ་དང་གསར་གཏོད་རང་བཞིན་གྱི་ཚོད་ལྟ་བྱེད་པ། ཨང་རྩིས་དང་འབྲེལ་ཡོད་ཀྱི་དེབ་རིགས་ཀློག་རྒྱུར་སྤྲོ་སྣང་ལྡན་པ།
B བྱེད་སྒོ་ཁ་ཤས་ཀྱི་ནང་འཛུལ་ཞུགས་བྱེད་ཅིང་ཚོད་ལྟ་བྱེད་པའི་འཇོན་ཐང་ལྡན་པ། འགྲེལ་བརྗོད་དང་འགྲེམས་སྟོན་བྱ་རྒྱུར་གསར་གཏོད་ཀྱི་ནུས་པ་གང་འཚམས་ལྡན་པ། འཚོལ་ཞིབ་དང་གསར་གཏོད་རང་བཞིན་གྱི་ཚོད་ལྟ་བྱེད་པ། གང་བསྐུར་བའི་ལས་བྱའི་རིགས་སྐབས་འགར་ལེགས་འགྲུབ་མི་ཐུབ་པ།
C བྱེད་སྒོ་ཉུང་ཤས་ཤིག་ནང་འཛུལ་ཞུགས་བྱེད་ཅིང༌། ཚོད་ལྟ་བྱེད་པའི་འཇོན་ཐང་ཞན་པ། འགྲེལ་བརྗོད་དང་འགྲེམས་སྟོན་གང་འཚམས་ངང་བྱ་ཐུབ་ནའང༌། གསར་གཏོད་ཀྱི་ནུས་པ་དེ་ཙམ་མི་ལྡན་ཞིང༌། ཨང་རྩིས་དང་འབྲེལ་བའི་དེབ་རིགས་ཀློག་པ་ཧ་ལམ་མཐོང་མི་ཐུབ་པ།
D ཨང་རྩིས་ཀྱི་བྱེད་སྒོའི་ནང་འཛུལ་ཞུགས་བྱ་རྒྱུ་དང་ཚོད་ལྟ་བྱ་བར་བློ་སྟོབས་སྤེལ་དགོས། འགྲེལ་བརྗོད་དང་འགྲེམས་སྟོན་བྱེད་སྐབས་གསར་གཏོད་དང་མ་ལག་ལྡན་པ་ཞིག་འབྱུང་མི་ཐུབ་པ། སློབ་ཚན་མ་ཡིན་པའི་ཨང་རྩིས་དང་འབྲེལ་ཡོད་ཀྱི་བཀླག་བྱའི་རིགས་ལ་དགའ་སྣང་མེད་པ།
ཚན་རིག་གི་ནུས་རྩལ།(Scientific Skills)
A* དུས་རྒྱུན་བྱ་དངོས་ལྟ་ཞིབ་དང་འདྲི་བརྩད། མ་ལག་ལྡན་པའི་ཚོད་ལྟ་བཅས་ལ་ཧ་ཅང་དགའ་བ། ཐིག་རིས་ཚད་ལྡན་འབྲི་ཐུབ་པ། གཟབ་ནན་དང་མ་ལག་ལྡན་པའི་ངང་བརྡ་འཕྲིན་ཡང་དག་བསྡུ་རུབ་བྱེད་པ། འབྲེལ་ཡོད་དཔྱད་གཞི་ལ་དབྱེ་ཞིབ་དང༌། བཀོད་འབྲི། བརྡ་འཕྲིན་བཀོལ་སྤྱོད་བཅས་བྱེད་ནུས་པ།
A བྱ་དངོས་ལྟ་ཞིབ་ལ་དགའ་བ། འཆར་གཞི་ལྡན་པའི་ངང་ལས་དོན་བྱེད་པ། ཐིག་རིས་ཁམས་གཙང་འབྲི་བ། གཟབ་ནན་དང་མ་ལག་ལྡན་པའི་ངང་བརྡ་འཕྲིན་ཡང་དག་ཟིན་ཐོ་འགོད་ནུས་པ། འབྲེལ་ཡོད་དཔྱད་གཞིའི་རིགས་ལ་དབྱེ་ཞིབ་དང༌། བཀོད་འབྲི། བཀོལ་སྤྱོད་བཅས་བྱེད་ནུས་པ།
B སྐབས་འགར་ཚན་རིག་གི་གོ་དོན་སྐོར་འདྲི་བརྩད་བྱེད་པ། དུས་རྒྱུན་མ་ལག་ལྡན་པའི་སྒོ་ནས་ཚོད་ལྟ་བྱེད་ནུས་པ། ཐིག་རིས་ཚད་ལྡན་འབྲི་ཐུབ་པ། བརྡ་འཕྲིན་ཟིན་ཐོ་འགོད་ནུས་པ། འབད་རྩོལ་ཤུགས་ཆེན་བྱས་ཚེ་བརྡ་འཕྲིན་རྣམས་བཀོད་འབྲི་དང༌། བཀོལ་སྤྱོད་བྱེད་ནུས་པ།
C འདྲི་བརྩད་བྱ་རྒྱུ་ཧ་ཅང་དཀོན་པ། གཞན་གྱི་རྟིང་བསྐུལ་བྱུང་ཚེ་ཚོད་ལྟའི་བྱེད་སྒོར་ཞུགས་པ། ལས་བྱ་བྱེད་སྐབས་འཆར་གཞི་མི་ལྡན་པ། ཐིག་རིས་ཁམས་གཙང་མེད་པ། བརྡ་འཕྲིན་བཀོད་འབྲི་དང༌། བཀོལ་སྤྱོད་བྱེད་མི་ནུས་པ།
D ཚོད་ལྟའི་རིགས་ལ་སྤྲོ་སྣང་མེད་པ། ཚན་རིག་དང་འབྲེལ་ཡོད་ཀྱི་ཟིན་ཐོ་འགོད་རྒྱུ་དང༌། ཐིག་རིས་འབྲི་རྒྱུར་དགའ་སྣང་མེད་པ། ལས་བྱ་ཁམས་གཙང་དང་གྲ་འགྲིགས་པོ་མེད་པ། སྤྱིར་ཡོངས་ནས་བཤད་ན་ཚན་རིག་ཐོག་སྤྲོ་སྣང་མེད་པ།
གཞི་རིམ་འོག་མའི་ཀམ་པུ་ཊར་སློབ་སྦྱོང༌། (འཛིན་གྲྭ་གསུམ་པ་དང༌། བཞི་པ། ལྔ་པ)
ལག་རྩལ།(Skill)
A* རི་མོ་དང༌། ཡིག་འཇུག ལས་རྩོལ་བཅས་ཀྱི་ལག་རྩལ་ཐོག་ཡིད་ཆེས་བརྟན་པོ་ཡོད་པ།
A ལས་རྩོལ་དང་ཡིག་འཇུག་གི་ལག་རྩལ་བྱང་ཆུབ་ཡོད་པ།
B ལས་རྩོལ་སྐབས་སུ་མིག་དང་ལག་པ་མཉམ་འབྲེལ་བྱེད་པའི་ནུས་རྩལ་བྱང་ཆུབ་ཡོད་པ།
C འཛིན་གྲྭའི་ནང་བསླབས་ཟིན་པའི་སློབ་ཚན་ཁག་གི་ནང་དོན་ཀམ་པུ་ཊར་(Computer) སྤྱད་དེ་ཤེས་རྟོགས་ཡར་རྒྱས་གཏོང་བ། ཀམ་པུ་ཊར་དེ་ལག་ཆ་ཞིག་ཏུ་བཀོལ་སྤྱོད་བྱེད་པ།
D ཀམ་པུ་ཊར་དང་འབྲེལ་བའི་ལས་བྱ་སྒྲུབ་སྐབས་རོགས་རམ་ལ་མ་བརྟེན་པར་སྒྲུབ་མི་ཐུབ་པ།
ནུས་རྩལ།(Aptitude)
A* ཁ་དོག་མི་འདྲ་བ་རྣམས་འདེམས་སྟངས་དང་བེད་སྤྱོད་གཏོང་སྟངས། རི་མོ་གསར་སྐྲུན་བྱེད་སྟངས་བྱང་ཆུབ་པ། ལས་བྱ་འགྲེམས་སྟོན་བྱེད་སྐབས་སྣ་འདུས་བརྒྱུད་ལམ་(Multi media)གྱི་བྱེད་ནུས་མི་འདྲ་བ་ངོས་འཛིན་བྱེད་ཐུབ་པ།
A ཀམ་པུ་ཊར་གྱི་ལག་ཆ་སྤྱད་དེ་བཟོ་དབྱིབས་དང་ཐིག་རིས་གསར་སྐྲུན་བྱེད་པའི་དམིགས་བསལ་ནུས་རྩལ་ལྡན་པ།
B ཀམ་པུ་ཊར་གྱི་ལས་ཀ་སྤྱི་དང་སྤར་བྱི་(Mouse)འཇུ་སྟངས་འཇོན་པོ་ཡོད་པ།
C དགེ་རྒན་གྱི་རོགས་རམ་འོག་ཡི་གེ་དང་རི་མོ་སྡེབ་སྦྱོར་བྱེད་ནུས་པ།
D མཐེབ་གཞུང་སྟེང་གི་ཡི་གེ་འཚོལ་བར་དུས་ཡུན་རིང་པོ་འགོར་བ།
གཞི་རིམ་འོག་མའི་རྩེད་མོ། (འཛིན་གྲྭ་དང་པོ་དང༌། གཉིས་པ། གསུམ་པ་དང༌། བཞི་པ།)
དགའ་ཞེན།(Enthusiasm)
A* རྩེད་མོའི་ཐོག་རང་བཞིན་གྱི་སྤྲོ་སྣང་དང་ཀུན་སློང་ཤུགས་ཆེར་ལྡན་པ།
A དུས་སྐབས་ཕལ་ཆེ་བར་རྩེད་མོ་རྩེ་སྐབས་དགའ་སྣང་ཆེན་པོ་བྱེད་པ།
B རྩེད་མོ་རྩེ་རྒྱུར་དགའ་ནའང༌། རང་ཉིད་མོས་པའི་རྩེད་མོའི་རིགས་མ་གཏོགས་མི་རྩེ་བ།
C གཞན་གྱིས་བསྐུལ་ན་མ་གཏོགས་རྩེད་མོ་མི་རྩེ་བ།
D རྩེད་མོ་རྩ་རྒྱུར་དགའ་སྣང་མི་བྱེད་པ།
སྒྲིག་ལམ།(Discipline)
A* འཛིན་གྲྭའི་སྒྲིག་ལམ་ཡོངས་རྫོགས་རང་འགུལ་གྱིས་བརྩི་སྲུང་བྱེད་ཅིང༌། རྩེད་མོ་རྩེ་སྐབས་རྩེད་མོ་སོ་སོའི་སྒྲིག་ཁྲིམས་ཚང་མར་སྲུང་བརྩི་བྱེད་པ།
A དུས་སྐབས་ཕལ་ཆེ་བར་འཛིན་གྲྭའི་སྒྲིག་ལམ་ཡོངས་རྫོགས་བརྩི་སྲུང་བྱེད་ཅིང༌། རྩེད་མོ་རྩེ་སྐབས་རྩེད་མོའི་སྒྲིག་ཁྲིམས་སྲུང་བརྩི་བྱེད་པ།
B གཞན་གྱི་རྟིང་སྐུལ་བྱུང་ཚེ་འཛིན་གྲྭའི་སྒྲིག་ལམ་བརྩི་སྲུང་བྱེད་ཅིང༌། རང་ལ་ཁེ་ཕན་ཡོད་ཚེ་རྩེད་མོའི་སྒྲིག་ཁྲིམས་ལ་སྲུང་བརྩི་བྱེད་པ།
C འཇིགས་སྣང་དང་ཉེས་ཆད་མི་ཕོག་ཆེད་རྩེད་མོའི་སྒྲིག་ལམ་བརྩི་སྲུང་བྱེད་པ། གཞན་གྱི་རྟིང་སྐུལ་བྱུང་ཚེ་མི་དགའ་བཞིན་དུ་རྩེད་མོའི་སྒྲིག་ཁྲིམས་བརྩི་སྲུང་བྱེད་པ།
D སྒྲིག་ལམ་བརྩི་སྲུང་ཧ་ཅང་ཞན་པ།
ཚོ་ཁག་གི་སྤྱི་སེམས།(Team spirit)
A རང་གི་ཚོ་ཁག་ལ་སྤྱི་སེམས་ལྡན་ཞིང༌། རྩེད་མོ་རྩེ་སྐབས་རྒྱལ་ཁ་འཐོབ་པར་བྱེད་པའི་ཀུན་སློང་ཤུགས་ཆེར་ལྡན་པ།
A དུས་སྐབས་ཕལ་ཆེ་བར་རང་གི་ཚོ་ཁག་ལ་སྤྱི་སེམས་ལྡན་ཞིང༌། རྩེད་མོ་རྩེ་སྐབས་རྒྱལ་ཁ་འཐོབ་པར་བྱེད་པའི་ཀུན་སློང་ཤུགས་ཆེར་ལྡན་པ།
B རྩེད་མོ་རྩེ་སྐབས་རང་ངོས་ནས་ནུས་ཤུགས་ཡོད་ཚད་འདོན་ནའང༌། ཚོ་ཁག་ལ་མཉམ་འབྲེལ་ཞན་པ།
C རང་གི་ཚོ་ཁག་གི་མི་དང་སྐབས་རེར་མཐུན་ཞིང་སྐབས་རེར་མི་མཐུན་པ།
D ཚོ་ཁག་ནང་སྡོད་ཐབས་གཏན་ནས་མེད་པ།
ཁྱད་ནུས།(ནུས་ཤུགས། བཟོད་ཤུགས། མགྱོགས་ཚད་བཅས་)(Talent)
A ལུས་རྩལ་ཧ་ཅང་ལེགས་ཤིང༌། རྟག་པར་ལུས་པོའི་ནུས་རྩལ་ཡར་རྒྱས་གཏོང་བ།
A དུས་རྒྱུན་ལུས་རྩལ་ལེགས་ཤིང༌། སྐབས་འགར་ལུས་པོའི་ནུས་རྩལ་ཡར་རྒྱས་གཏོང་བ།
B ལུས་རྩལ་ཧ་ཅང་ལེགས་ཀྱང༌། རྩེད་འགྲན་སྐབས་ནུས་པ་སྐབས་སྐབས་ལ་མ་གཏོགས་འདོན་སྤེལ་མི་ཐུབ་པ།
C ལུས་ཀྱི་ནུས་རྩལ་སྤྱིར་བཏང་ཙམ་ཡིན་པ།
D ལུས་རྩལ་ཡར་རྒྱས་གཏོང་རྒྱུ་ཧ་ཅང་དལ་བ།
གཞི་རིམ་འོག་མའི་བཟོ་རིག་པ། (འཛིན་གྲྭ་དང་པོ་དང༌། གཉིས་པ། གསུམ་པ་དང༌། བཞི་པ།)
དགའ་སྣང༌།(Interest)
A* རི་མོ་འབྲི་རྒྱུ་དང༌། ཚོན་མདོག་གཏོང་རྒྱུར་དགའ་སྣང་དང་སྤྲོ་སྣང་ཆེན་པོ་ལྡན་ཞིང༌། སྒྱུ་རྩལ་གྱི་རིན་ཐང་ངོས་འཛིན་ཐུབ་པ།
A དུས་སྐབས་ཕལ་ཆེ་བར་རི་མོ་འབྲི་རྒྱུ་དང༌། ཚོན་མདོག་གཏོང་རྒྱུར་དགའ་སྣང་དང་སྤྲོ་སྣང་ཆེན་པོ་ལྡན་ཞིང༌། སྒྱུ་རྩལ་གྱི་རིན་ཐང་ངོས་འཛིན་ཐུབ་པ།
B རི་མོ་འབྲི་རྒྱུ་དང༌། ཚོན་མདོག་གཏོང་རྒྱུར་དགའ་ཞིང༌། སྐབས་འགར་འཆར་སྣང་ཕུན་སུམ་ཚོགས་པ་འབྱུང་བ།
C དགེ་རྒན་གྱི་ལམ་སྟོན་གནང་ན། ད་གཟོད་རང་ཉིད་ཀྱི་འཆར་སྣང་བེད་སྤྱོད་བྱེད་ནུས་པ།
D མཐོང་ཟིན་པའི་ཅ་དངོས་བསྐྱར་བཟོ་བྱ་རྒྱུར་དགའ་བ། རྟག་པར་དགེ་རྒན་གྱིས་སློབ་སྟོན་ལ་བརྟེན་དགོས་པ།
གསར་གཏོད་ཀྱི་ནུས་པ།(Creativity)
A* ལས་བྱའི་སྐབས་རི་མོ་འབྲི་རྒྱུ་དང་གསར་གཏོད་ཐོག་ལྷན་སྐྱེས་ཀྱི་ནུས་པ་ལྡན་པ། རང་ཉིད་ཀྱི་ལས་བྱའི་ཐོག་སེམས་ཚོར་ཤུགས་ཆེར་སྟོན་པ།
A ལས་བྱའི་སྐབས་རི་མོ་འབྲི་རྒྱུ་དང་གསར་གཏོད་ཐོག་ལྷན་སྐྱེས་ཀྱི་ནུས་པ་ལྡན་པ། མཚམས་མཚམས་ལ་རང་ཉིད་ཀྱི་ལས་བྱའི་ཐོག་སེམས་ཚོར་སྟོན་པ།
B བཟོ་སྐྲུན་གྱི་ལས་ཀ་འཇོན་པོ་ཡོད་པ། རང་ཉིད་ཀྱི་ལས་བྱའི་ཐོག་སེམས་ཚོར་དང་བརྩེ་དུང་ཡོད་པ།
C གཞན་གྱི་ཤུགས་རྐྱེན་གཏོང་བའམ། རྟིང་སྐུལ་བྱུང་ཚེ་གཞན་དང་ལྷན་རང་ཉིད་ཀྱི་བསམ་ཚུལ་བརྗེ་རེས་བྱེད་པ།
D གསར་གཏོད་ཀྱི་ནུས་པ་ཞན་པ། དགེ་རྒན་གྱི་སློབ་སྟོན་ལ་རྗེས་འབྲངས་ཁོ་ན་བྱེད་པ།
ནུས་རྩལ།(Skill)
A* བཟོ་སྐྲུན་དང་འབྲི་འགོད་ཀྱི་ནུས་རྩལ་ཡར་རྒྱས་འགྲོ་ཚད་མགྱོགས་ཤིང༌། ལག་ལེན་ཁྲོད་སྤྱོད་ཐུབ་པ།
A བཟོ་སྐྲུན་དང་འབྲི་འགོད་ཀྱི་ནུས་རྩལ་ཡར་རྒྱས་འགྲོ་ཚད་མགྱོགས་ཤིང༌། དུས་སྐབས་ཕལ་ཆེ་བར་ལག་ལེན་ཐུབ་པ།
B འབྲི་རྩལ་དང་བཟོ་རྩལ་ཡར་རྒྱས་འགྲོ་བཞིན་ཡོད་ནའང༌། ལག་ལེན་སྐབས་མཚམས་མཚམས་འདོན་སྤེལ་མི་ཐུབ་པ།
C ནུས་རྩལ་ཡར་རྒྱས་འགྲོ་རྒྱུ་ཧ་ཅང་དལ་བ།
D ནུས་རྩལ་རྩ་ནས་ཡར་རྒྱས་མི་འགྲོ་བ།
གཞི་རིམ་འོག་མའི་ཟློས་གར། (འཛིན་གྲྭ་དང་པོ་དང༌། གཉིས་པ། གསུམ་པ་དང༌། བཞི་པ།)
དགའ་སྣང༌།(Interest)
A* དགེ་རྒན་གྱིས་སློབ་སྟོན་གནང་སྐབས་སློབ་འདོད་དང་སྦྱོང་འདོད་ཤུགས་ཆེར་ཡོད་པ།
A དུས་སྐབས་ཕལ་ཆེ་བར་དགེ་རྒན་གྱིས་སློབ་སྟོན་གནང་སྐབས་སློབ་འདོད་དང་སྦྱོང་འདོད་ཤུགས་ཆེར་ཡོད་པ།
B ཟློས་གར་སློབ་སྦྱོང་སྐབས་ལམ་སྟོན་དང་རོགས་སྐྱོར་ཏོག་ཙམ་དགོས་པ།
C སྐབས་འགར་ཟློས་གར་སྦྱོང་འདོད་བྱེད་ཅིང་སྐབས་འགར་མི་བྱེད་པ།
D ཟློས་གར་སློབ་སྦྱོང་ཐོག་དགའ་སྣང་མི་བྱེད་པ།
འགྱུར་ཁུགས།(Thythm)
A* སྒྲའི་འགྱུར་ཁུགས་ལ་ཚོར་སྣང་ཤུགས་ཆེར་ཡོད་ཅིང༌། འགྱུར་ཁུགས་གཞིར་བཟུང་ལུས་སྒུལ་སྟངས་ཤེས་པ།
A སྒྲའི་འགྱུར་ཁུགས་ལ་ཚོར་སྣང་ཤུགས་ཆེར་ཡོད་ཅིང༌། འགྱུར་ཁུགས་གཞིར་བཟུང་ལུས་སྒུལ་སྐབས་མཚམས་མཚམས་ནོར་སྐྱོན་ཤོར་བ།
B འགྱུར་ཁུགས་གཞིར་བཟུང་ལུས་ཀྱི་སྟངས་སྟབས་སྒྱུར་སྐབས་མཚམས་མཚམས་ནོར་སྐྱོན་ཤོར་བ།
C མཚམས་མཚམས་འགྱུར་ཁུགས་གཞིར་བཟུང་སྟངས་སྟབས་སྒྱུར་རྒྱུ་མཚམས་ཆད་འགྲོ་བ།
D འགྱུར་ཁུགས་ཐོག་ཚོར་སྣང་གང་ཡང་མེད་པ།
སྙན་ཆ།(Melody)
A* སྒྲའི་གདངས་ཐོག་ཚོར་བ་ཧ་ཅང་རྣོ་བ།
A སྒྲ་གདངས་ཐོག་ཚོར་བ་རྣོ་ནའང༌། མཚམས་མཚམས་འགྱུར་ཁུགས་བརླག་འགྲོ་བ།
B མཚམས་མཚམས་འགྱུར་ཁུགས་བརླག་འགྲོ་ནའང་ཕྱིར་མཐུད་ཐུབ་པ།
C དུས་ཡུན་གྱི་ཚོར་སྣང་ཡོད་ནའང༌། སྒྲ་གདངས་མཐོན་པོའི་སྐབས་སུ་འགྱུར་ཁུགས་བརླག་འགྲོ་བ།
D རོལ་དབྱངས་ཐད་ཚོར་བ་ཧ་ཅང་ཞན་པ།
གཞི་རིམ་འོག་མའི་མི་གཤིས་འཕེལ་རྒྱས་སྐོར།
གུས་ལུགས།(Courteousness)
A* དུས་རྒྱུན་སྐད་ཆ་བཤད་སྐབས་དགོངས་དག་དང༌། ཐུགས་རྗེ་ཆེ། ལགས་སོགས་ཞེ་ས་བརྗོད་པ། དགེ་རྒན་དང་རྒན་རབས་ལ་གུས་ལུགས་མཚོན་ཆེད་ཡར་ལངས་པ། སྐད་ཆ་བཤད་སྐབས་ཞི་ཞིང་དུལ་བ། སྐད་ཆའི་ནང་མིང་ཚིག་ལེགས་པར་སྤྱད་དེ་མཚམས་མ་ཆད་པར་བཤད་པ།
A གཞན་ལ་སྐད་ཆ་བཤད་སྐབས་དུས་སྐབས་ཕལ་ཆེ་བར་དགོངས་དག་དང༌། ཐུགས་རྗེ་ཆེ། ལགས་སོགས་ཞེ་ཚིག་སྤྱོད་པ། ཡར་ལངས་ནས་གུས་ཞབས་མཚོན་པ། སྐད་ཆ་སྙན་པར་སྨྲ་ཞིང་མཚམས་མི་ཆད་པ།
B གཞན་ལ་དགོངས་དག་དང༌། ཐུགས་རྗེ་ཆེ། ལགས་སོགས་ཞེ་ཚིག་མང་དུ་བརྗོད་པ། ཞེ་ཚིག་བརྗོད་སྐབས་བར་མཚམས་ཆད་འགྲོ་བའི་སྐབས་མང་དུ་འབྱུང་བ།
C སྐབས་འགར་གཞན་ལ་དགོངས་དག་དང༌། ཐུགས་རྗེ་ཆེ། ལགས་སོགས་བརྗོད་རྒྱུ་ཆེད་མངགས་གཡོལ་བ། མཚམས་མཚམས་ཞེ་ས་བརྗོད་སྐབས་མཚམས་ཆད་འགྲོ་བ།
D གཞན་ལ་དགོངས་དག་དང༌། ཐུགས་རྗེ་ཆེ། ལགས་སོགས་བརྗོད་མི་དགོས་པར་འབད་རྩོལ་བྱེད་པ། གཞན་ལ་རྡུང་རྡེག་སོགས་ཕར་རྒོལ་ལ་རྔམས་ཤིང་གུས་ཞབས་མེད་པ།
ཡིད་ཆེས།(Confidence)
A* བྱེད་སྒོ་སྣ་ཚོགས་སྤེལ་བར་ཡིད་ཆེས་ཆེན་པོ་ལྡན་པ།
A བྱེད་སྒོ་སྣ་ཚོགས་སྤེལ་བར་དུས་སྐབས་ཕལ་ཆེ་བར་ཡིད་ཆེས་ལྡན་པ།
B བྱེད་སྒོ་ཕལ་ཆེ་བའི་སྐབས་སུ་ཡིད་ཆེས་ལྡན་པ།
C ཡིད་ཆེས་གང་འཚམས་ལྡན་ནའང༌། ཁོང་གི་བསམ་ཚུལ་ལ་རོགས་སྐྱོར་བྱ་དགོས་པ།
D ཡིད་ཆེས་འབྱུང་ཐབས་སུ་འབད་རྩོལ་ཤུགས་ཆེར་བྱ་དགོས་པ།
ཅ་དངོས་བདག་ཉར།(Care of belongings)
A* རང་ལ་བདག་པའི་ཅ་དངོས་ལ་བརྩི་མཐོང་ཆེ་ཞིང༌། དེ་དག་བདག་ཉར་ལེགས་པོ་བྱེད་པ།
A དུས་སྐབས་ཕལ་ཆེ་བར་རང་དང་གཞན་གྱི་ཅ་དངོས་ལ་བདག་ཉར་ལེགས་པོ་བྱེད་པ།
B དུས་ཚོད་ཕལ་ཆེ་བར་རང་གི་ཅ་དངོས་ལ་བདག་ཉར་བྱེད་ཐུབ་པ།
C རང་གི་ཅ་དངོས་ལ་བདག་ཉར་བྱེད་ནའང༌། གཞན་གྱི་ཅ་དངོས་ལ་བརྩི་མཐོང་དེ་ཙམ་མི་བྱེད་པ།
D རང་གཞན་གྱི་ཅ་དངོས་ལ་བརྩི་མཐོང་དང་བདག་ཉར་མི་བྱེད་པ།
གཙང་སྦྲ།(Neatness)
A* དུས་རྒྱུན་གྱོན་ཆས་གཙང་མ་གྱོན་པ། རང་ཉིད་ཀྱི་འཕྲོད་བསྟེན་ལ་ཧ་ཅང་ཡིད་གཟབ་བྱེད་པ།
A མཚམས་མཚམས་གྱོན་ཆས་གཙང་ཞིང་རན་པ་གྱོན་ནའང༌། སེན་མོའམ། སྐྲ། སོ་སོགས་གཙང་མ་མེད་པ།
B དུས་ཚོད་ཕལ་ཆེ་བར་གྱོན་ཆས་གཙང་ཞིང་རན་པ་གྱོན་གྱི་ཡོད།
C དུས་ཚོད་ཕལ་ཆེ་བར་གྱོན་ཆས་རན་པོ་མེད་པ་གྱོན་པ། རང་ཉིད་ཀྱི་འཕྲོད་བསྟེན་ལ་དུས་རྒྱུན་དོ་སྣང་མེད་པ།
D དུས་རྒྱུན་གྱོས་ཆས་མི་གཙང་བ་གྱོན་ཞིང༌། འཕྲོད་བསྟེན་ལ་དོ་སྣང་གཏན་ནས་མི་བྱེད་པ།
རྒྱུན་གཏན་དང་དུས་ཐོག(Regularity and Punctuality)
A* སློབ་གྲྭའམ་འཛིན་གྲྭའི་ལས་བྱ་དང་བྱེད་སྒོའི་ནང་རྒྱུན་གཏན་འཛུལ་ཞུགས་ཀྱིས་དུས་ཐོག་ལེགས་འགྲུབ་བྱེད་པ།
A སློབ་གྲྭའམ་འཛིན་གྲྭའི་ལས་བྱ་དང་བྱེད་སྒོའི་ནང་རྒྱུན་གཏན་འཛུལ་ཞུགས་ཀྱིས་དུས་སྐབས་ཕལ་ཆེ་བར་དུས་ཐོག་ལེགས་འགྲུབ་བྱེད་པ།
B སྐབས་འགར་རྒྱུན་གཏན་ལྟར་བྱེད་པ་དང༌། སྐབས་འགར་ལས་བྱ་འགྲུབ་རྒྱུ་རྗེས་ལུས་ཐེབས་པ།
C མཚམས་མཚམས་ལས་རིམ་རྒྱུན་འཁྱོངས་མི་ཐུབ་པ། སློབ་གྲྭའམ་འཛིན་གྲྭར་དུས་ཐོག་མི་འབྱོར་བ། ལས་བྱ་དང་བྱེད་སྒོ་བསྒྲུབ་རྒྱུ་རྗེས་ལུས་ཐེབས་པ།
D སློབ་གྲྭའམ་འཛིན་གྲྭར་དུས་ཐོག་མི་འབྱོར་ཞིང་རྗེས་ལུས་མང་བ། ལས་བྱ་དང་བྱེད་སྒོ་བསྒྲུབ་དཀོན་པ།
འགོ་འཛུགས།(Initiative)
A* ལས་ཀ་ཅི་ཡིན་ཡང་གཞན་ལ་མ་བརྟེན་པའི་སྒོ་ནས་བྱ་རྒྱུའི་འབད་རྩོལ་བྱེད་པ། བགྲོ་གླེང་དང་སློབ་ཚན་འཕར་མའི་བྱེད་སྒོའི་ནང་འཛུལ་ཞུགས་བྱ་རྒྱུར་སྤྲོ་བ།
A དུས་སྐབས་ཕལ་ཆེ་བར་རང་སྟོབས་ཀྱིས་བྱ་བ་སྒྲུབ་པར་བརྩོན་པ། བགྲོ་གླེང་དང་སློབ་ཚན་འཕར་མའི་བྱེད་སྒོའི་ནང་འཛུལ་ཞུགས་བྱ་འདོད་ཡོད་པ།
B དུས་རྒྱུན་རང་སྟོབས་ཀྱིས་བྱ་བ་སྒྲུབ་པར་བརྩོན་པ། མཚམས་མཚམས་ལ་བགྲོ་གླེང་དང་སློབ་ཚན་འཕར་མའི་བྱེད་སྒོའི་ནང་འཛུལ་ཞུགས་བྱ་བ།
C མཚམས་མཚམས་རང་སྟོབས་ཀྱིས་བྱ་བ་བསྒྲུབ་པར་བརྩོན་པ། མཚམས་མཚམས་ལ་བགྲོ་གླེང་དང་སློབ་ཚན་འཕར་མའི་བྱེད་སྒོའི་ནང་འཛུལ་ཞུགས་བྱ་བ།
D བྱ་བ་ཅི་ཞིག་ཡིན་ཡང་རང་སྟོབས་ཀྱིས་བྱ་བ་མི་བརྩོན་པ། བགྲོ་གླེང་དང་སློབ་ཚན་འཕར་མའི་བྱེད་སྒོའི་ནང་འཛུལ་ཞུགས་བྱ་རྒྱུར་གཡོལ་གང་ཐུབ་བྱ་བ།
ཞབས་ཞུའི་སྙིང་སྟོབས།(Spirit of service)
A* སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་བྱེད་སྒོའི་ནང་དང་བླངས་ཀྱིས་ཞུགས་འདོད་རྒྱུན་གཏན་དུ་ཡོད་པ། དུས་རྒྱུན་གཞན་ལ་རོགས་རམ་བྱ་བར་སྤྲོ་བ།
A སྤྱི་ཚོགས་ཞབས་ཞུའི་བྱེད་སྒོའི་ནང་དང་བླངས་ཀྱིས་ཞུགས་འདོད་དུས་སྐབས་ཕལ་ཆེ་བར་ཡོད་པ། རྒྱུན་དུ་གཞན་ལ་རོགས་རམ་བྱེད་པའི་ཀུན་སློང་ལྡན་པ།
B དུས་རྒྱུན་སྤྱི་ཚོགས་ཞབས་ཞུའི་བྱེད་སྒོའི་ནང་དང་བླངས་ཀྱིས་ཞུགས་པ། གཞན་ལ་རོགས་རམ་རྒྱུན་དུ་བྱེད་པ།
C མཚམས་མཚམས་ལ་སྤྱི་ཚོགས་ཞབས་ཞུའི་བྱེད་སྒོའི་ནང་དང་བླངས་ཀྱིས་ཞུགས་པ། སྐབས་རེར་གཞན་ལ་རོགས་རམ་བྱེད་པ།
D སྤྱི་ཚོགས་ཞབས་ཞུའི་བྱེད་སྒོའི་ནང་དང་བླངས་ཀྱིས་ཞུགས་རྒྱུ་ཆེས་དཀོན་པ། གཞན་ལ་རོགས་རམ་བྱ་བློ་མེད་པ།
གཞན་གྱི་རྒྱུ་དངོས་ལ་བརྩི་བཀུར་བྱེད་པ།(Respect for other’s property)
A* རྒྱུན་དུ་ཁྲིམས་དང་སྒྲིག་གཞིར་བརྩི་མཐོང་བྱེད་པ། རྒྱུ་དངོས་ལ་བདག་ཉར་ལེགས་པོ་བྱེད་ཅིང༌། རྒྱུ་མཚན་ཤེས་པའི་སྒོ་ནས་ཁོར་ཡུག་གཙང་མ་ཡོང་ཐབས་སུ་འབད་བརྩོན་ཆེན་པོ་བྱེད་པ།
A དུས་སྐབས་ཕལ་ཆེ་བར་ཁྲིམས་དང་སྒྲིག་གཞིར་བརྩི་མཐོང་བྱེད་པ། རྒྱུ་དངོས་ལ་བདག་ཉར་ལེགས་པོ་བྱེད་ཅིང༌། ཁོར་ཡུག་གཙང་མ་ཡོང་བའི་འབད་རྩོལ་བྱེད་པ།
B རྒྱུན་དུ་ཁྲིམས་དང་སྒྲིག་གཞིར་བརྩི་མཐོང་བྱེད་པ། རྒྱུ་དངོས་ལ་བདག་ཉར་ལེགས་པོ་བྱེད་ཅིང༌། དུས་རྒྱུན་ཁོར་ཡུག་གཙང་མ་ཡོང་བའི་འབད་རྩོལ་བྱེད་པ།
C མཚམས་མཚམས་ལ་ཁྲིམས་དང་སྒྲིག་གཞིར་བརྩི་མཐོང་བྱེད་པ། གཞན་གྱི་རྒྱུ་དངོས་ལ་བརྩི་བཀུར་མི་བྱེད་པ། སྐབས་འགར་ཁོར་ཡུག་གཙང་མ་ཡོང་ཐབས་ཐད་སྣང་མེད་བྱེད་པ།
D ཁྲིམས་དང་སྒྲིག་གཞིར་བརྩི་མཐོང་མི་བྱེད་པ། རང་གཞན་གྱི་རྒྱུ་དངོས་ལ་བདག་ཉར་མི་བྱེད་ཅིང༌། རང་གི་ཁོར་ཡུག་གཙང་མ་ཡོང་ཐབས་སུ་དོ་སྣང་མི་བྱེད་པ།
རང་ཉིད་ཚོད་འཛིན།(Self contol)
A* སློབ་གྲྭ་ཕྱི་ནང་གང་སར་སྒྲིག་ལམ་ལྡན་པའི་ངང་གནས་པ། རྩེད་ཐང་ནང་དང་བར་གསེང་སྐབས་སུ་སྤྱོད་ངན་འཁྲབ་པ་དང༌། འཛིང་རེས་སོགས་གཏན་ནས་མི་བྱེད་པ། སེམས་ཚོར་སྟོན་སྟངས་དོ་མཉམ་ལྡན་པ།
A འཛིན་གྲྭའི་ཕྱི་ནང་གང་སར་དུས་སྐབས་ཕལ་ཆེ་བར་སྒྲིག་ལམ་ལྡན་པའི་ངང་གནས་པ། རྩེད་ཐང་ནང་དང་བར་གསེང་སྐབས་སུ་སྤྱོད་ངན་འཁྲབ་པ་དང༌། འཛིང་རེས་སོགས་གཏན་ནས་མི་བྱེད་པ།
B འཛིན་གྲྭའི་ཕྱི་ནང་གང་སར་སྒྲིག་ལམ་ལྡན་པའི་ངང་གནས་པ། རྩེད་ཐང་ནང་དང་བར་གསེང་སྐབས་སུ་སྐབས་རེར་སྤྱོད་ངན་འཁྲབ་པ་དང༌། འཛིང་རེས་བྱེད་པ།
C འཛིན་གྲྭའི་ནང་སྒྲིག་ལམ་ལྡན་པའི་ངང་གནས་ནའང༌། འཛིན་གྲྭའི་ཕྱིར་མི་གནས་པ། འཛིན་གྲྭའི་བར་གསེང་སྐབས་སུ་སྤྱོད་ངན་འཁྲབ་པ་དང༌། གཞན་ལ་འཛིང་རེས་དང་ཐུབ་ཚོད་བྱེད་པ།
D འཛིན་གྲྭའི་ཕྱི་ནང་གང་སར་སྒྲིག་ལམ་ལྡན་པའི་ངང་གནས་མི་ཐུབ་པ། འཛིན་གྲྭའི་བར་གསེང་སྐབས་སུ་སྤྱོད་ངན་འཁྲབ་པ། གཞན་ལ་འཛིང་རེས་དང་ཐུབ་ཚོད་མང་དུ་བྱེད་པ།
(ཕྱི་ལོ་༢༠༠༥ ལོའི་ཟླ་༤ པའི་ཚེས་༡༢ ཉིན་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་གཏན་འབེབས་དང་བཀོད་ཁྱབ་གནང་བའིགཞི་རིམ་འོག་མའི་འཛིན་གྲྭ་ཁག་གི་སློབ་ཚན་སོ་སོར་ཨང་སྡེ་སྤྲོད་ཕྱོགས་ཀྱི་ལམ་སྟོན་ཡོངས་སུ་རྫོགས་སོ།།)
(བཀྲ་ཤིས་དོན་གྲུབ་ལགས་ནི། རང་གཞུང་ཤེས་རིག་ལས་ཁུངས་སུ་ཟུང་འབྲེལ་དྲུང་ཆེ་ཡི་ལས་གནས་ཐོག་ཕྱག་ལས་གནང་མུས་ཡིན།)