[toc]
ཏ་ཡི་སྡེ་ཚན།
༡) གཏགས། ༢) གཏག ༣) འཐག ༤) འཐག
བྱེད་འབྲེལ། ཞིབ་མོར་དབུར་བའི་དོན། རྩམ་པ་གཏགས། འཐག་མཁན། གཏག་དགོས། གཏགས་ཟིན། འཐག་ཅིག ཐགས་འཐག་པ་ཡོད་ཀྱང་གཏགས་པ་མེད། མིང་འཐག་པ་དང་གཏགས་པ་གཉིས་ཀ་མེད་དོ།། ཐགས་གཏགས། མིང་བཏགས་དགོས་སོ།།
༡) གཏད། ༢) གཏད། ༣) གཏོད། ༤) གཏོད།
བྱེད་འབྲེལ། སྟོན་པའི་གཏད་རབས་ལྟ་བུ་རིམ་པར་སྤྲད་པའི་དོན་དང༌། སྲོལ་གཏོད་ལྟ་བུ་རྗེས་བཞག་པའི་དོན། ཁ་གཏད། བློ་གཏད་ལྟ་བུ་ཁ་ཕྱོགས་པའི་དོན་ནོ།། ཡང་གསར་དུ་གཏོད་པ་དང༌། སྲོལ་གཏོད་པའི་འབྲི་སྲོལ་གཞན་གསར་དུ་བཏོད་པའང་རུང་ངོ༌།། ཡང་སྲོལ་གཏོད་པ་དང་བཏོད་པ་དུས་ཕྱེ་བའང་འདུག
གཏམས། (གཟུགས་མི་འགྱུར་བ།)
བྱེད་མེད། འགེངས་པའི་དོན། ལེགས་པར་ཡོངས་སུ་གཏམས་ནས་ལྟ་བུ་དང༌། གྲངས་ཀྱི་གཏམས་ཀྱང་ཡོད་ཡང་རིན་གོང་གཏམས་ལྟ་བུ་བཅོལ་བའི་དོན་ལ་ཡང་འཇུག་གསུངས།
༡) གཏར། ༢) གཏར། ༣) གཏར། ༤) གཏོར།
བྱེད་འབྲེལ། ཁྲག་བཙགས་ནས་འདོན་པའི་དོན། ལུས་ནས་ཁྲག་གཏར། སྐྲངས་པ་ལ་གཏར་ན་རྣག་ཐོན་ལྟ་བུའོ།། གཏར་ཁབ་ལྟ་བུ་ཡོད།
༡) བཏགས། ༢) བཏག ༣) འཐག ༤) ཐོགས།
བྱེད་འབྲེལ། སྣམ་བུ་ལྟ་བུ་འཐག་པའི་དོན། འཐག་མཁན་གྱིས་ཐགས་བཏགས་ནས། ད་དུང་བཏག་རྒྱུ་མང་དུ་སོང་ལྟ་བུའོ།།
༡) བཏགས། ༢) གདགས། ༣) འདོགས། ༤) ཐོགས།
བྱེད་འབྲེལ། ཐག་པ་སོགས་ཀྱིས་སྦྲེལ་བའི་དོན་ཏེ། རྟ་བཏགས། ཀ་བ་ལ་འདོགས་པར་བརྩམས། གཞན་ཡང་བྱ་དངོས་ལ་མིང་སྦྱར་བའི་དོན་ཏེ། འདོགས་མཁན་གྱིས་གདགས་བྱ་ལ་མིང་བཏགས་ནས། མིང་ངན་མ་ཐོགས་ཤིག་ལྟ་བུའོ།།
༡) བཏབ། ༢) གདབ། ༣) འདེབས། ༤) ཐོབས།
བྱེད་འབྲེལ། ས་བོན་སོགས་རྒྱག་པའི་དོན། ཞིང་ལ་ས་བོན་འདེབས་མཁན། གདབ་དགོས། བཏབ་ནས། ཇ་ལ་ཚ་བཏབ། གསོལ་འདེབས། བཏབ་པ། བཤོས་པ། བརྒྱབས་པ་བཅས་འདྲའོ།།
༡) བཏིགས། ༢) བཏིག ༣) གཏིག ༤) གཏིགས།
བྱེད་འབྲེལ། ཐིགས་པ་བཏིག་ཏུ་འཇུག་པའི་དོན། ཆུ་ཐིགས་གཏིགས་བཞིན། བཏིག་འོང༌། བཏིགས་ཟིན། རྨ་ལ་སྨན་གཏིགས་ཤིག་ལྟ་བུའོ།།
༡) གཏིབས། ༢) གཏིབ། ༣) གཏིབ། ༤) གཏིབས།
བྱེད་འབྲེལ། མུན་པ་འཐིབས་འཇུག་པའི་དོན། སྨུག་པ་གཏིབས། རླངས་པ་གཏིབས། ཐལ་བས་གཏིབས་ལྟ་བུའོ།། དཀྲིགས། འཁྲིགས། གཏིབས་བཅས་འདྲའོ།།
༡) གཏུགས། ༢) གཏུག ༣) གཏུག ༤) གཏུགས།
བྱེད་འབྲེལ། ཐུག་ཏུ་འཇུག་པའི་དོན། ཞབས་ལ་གཏུགས། ངོ་གཏུགས། ཁྲིམས་གཏུགས། གཏུག་བཞིན། གཏུག་དགོས། གཏུགས་ཤིག་ལྟ་བུའོ། །གཏུགས་པ། ཐུག་པ། རེག་པ། ཕྲད་པ། བསྟེན་པ་འདྲའོ།།
༡) གཏུབས། ༢) གཏུབ། ༣) གཏུབ། ༤) གཏུབས།
བྱེད་འབྲེལ། དུམ་བུར་བཅད་པའི་དོན། ཤིང་གཏུབ་མཁན། གཏུབ་བྱ། གཏུབས་ནས། ཤ་གཏུབ། ཚལ་གཏུབས། ཡང་འཐུབ་པའང་ཡོད་གསུངས། འགས་ད་ལྟ་བ་ལ་འཐུབ་བྲིས་པ་དང་འདུག
གཏོགས། (གཟུགས་མི་འགྱུར་བ།)
བྱེད་མེད། ཁོངས་སུ་ཚུད་པའི་དོན། སྡེ་གཏོགས། ཁོངས་གཏོགས། ཐེ་གཏོགས། སེ་གོལ་གཏོགས་ལྟ་བུའོ།།
གཏོར། གཟུགས་མི་འགྱུར་བའི་བྱ་ཚིག
བྱེད་འབྲེལ། འཐོར་དུ་འཇུག་པའི་དོན། མེ་ཏོག་གཏོར། ཆུ་གཏོར། གཏོར་བཤིག་བཏང་ལྟ་བུའོ།། འཐོར་ནི་བྱེད་མེད་ལས་ཚིག་ཡིན་པས་འདིའི་ད་ལྟ་བ་མི་རུང༌།།
༡) བཏང༌། ༢) གཏང༌། ༣) གཏོང༌། ༤) ཐོངས།
བྱེད་འབྲེལ། གློད་པའི་དོན། ཡི་གེ་བཏང༌། ལན་བཏང༌། གཏོང་མཁན། གཏང་བྱ། བཏང་ནས། གཏང་དགོས་ལྟ་བུ་དང༌། བཏང་སྙོམས་བཏང་བཟུང༌། གཏོང་ཕོད་ཅན་ལྟ་བུ་ཡོད་དོ།།
༡) བཏུས། ༢) བཏུ། ༣) འཐུ། ༤) ཐུས།
བྱེད་འབྲེལ། ཚུར་སྒྲུག་ཏུ་འཇུག་པའི་དོན། བུད་ཤིང་བཏུ། མེ་ཏོག་འཐུ་བཞིན། བྱས་འབྲུ་བཏུས་ནས། སྡུད་པ་ནི་ཕྱོགས་སྡུད་བྱེད་པ་དང༌། བཏུ་བ་ནི་རེ་རེ་སྒྲུག་པ་ཡིན་པས་རྣམ་པ་མི་འདྲའོ།།
༡) བཏུངས། ༢) བཏུང༌། ༣) འཐུང༌། ༤) འཐུངས།
བྱེད་འབྲེལ། ཇ་སོགས་འཐུང་བའི་དོན། འཐུང་མཁན། བཏུང་བྱ། བཏུངས་ཚར། ཆང་བཏུང༌། ཁུ་བ་འཐུང་ལྟ་བུ་རླན་གཤེར་ཁའི་ནང་གཏོང་བའི་དོན་ནོ།།
༡) བཏུད། ༢) བཏུད། ༣) འདུད། ༤) ཐུད།
བྱེད་འབྲེལ། གུས་འདུད་བྱེད་པའི་དོན། དཀོན་མཆོག་དེ་ལ་གུས་བཏུད་ནས། འདུད་བྱེད༌། བཏུད་བྱ། ཐུད་ཅིག གུས་འདུད། ཞབས་ལ་འདུད་ལྟ་བུའོ།།
༡) བཏུམས། ༢) བཏུམ། ༣) འཐུམ། ༤) ཐུམས།
བྱེད་འབྲེལ། ཕྱི་ནས་གཡོགས་པའི་དོན། རས་ཀྱིས་བཏུམས། མགོ་འཐུམ་བཞིན། བཏུམ་བྱ། འཐུམ་བྱེད། གཏུམ་པ་ནི་རྩུབ་སྤྱོད་ཅན་ལ་གོ་བས་འདིའི་བྱ་ཚིག་མི་རུང་ངོ༌།། གཏུམ་བྱེད་བྲིས་པ་མི་འཐད་སྙམ།
བཏུབ། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། བྱེད་ཐུབ་པའི་དོན། སྟག་གི་ཁ་ཡང་ཝ་མོ། མི་འཐུབ། བྱེད་བཏུབ། བྱེད་བཏུབ་ན་ཐུབ་པ་འོང་ངོ༌།།
༡) བཏུལ། ༢ )གདུལ། ༣) འདུལ། ༤) ཐུལ།
བྱེད་འབྲེལ། གྱོང་པོ་མཉེན་མོར་བཟོ་བའི་དོན། དགྲ་འདུལ། བདུད་འདུལ། གདུལ་བྱ། འདུལ་བྱེད། བཏུལ་ནས་ལྟ་བུ་ཞི་དུལ་བཟོ་བའི་དོན།
༡) བཏེགས། ༢) བཏེག ༣) འདེགས། ༤) ཐེགས།
བྱེད་འབྲེལ། ཡར་བཀྱགས་པའི་དོན། ཞབས་འདེགས། ཁུར་པོ་བཏེག་དགོས། བཏེགས་ནས་ལྟ་བུ་དང༌། མ་འོངས་པར་གདེག་བྲིས་པའང་འདུག
༡) བཏོགས། ༢) བཏོག ༣) འཐོག ༤) ཐོགས།
བྱེད་འབྲེལ། བཀོག་པའི་དོན། སྤུ་གཏོགས། སེན་མོ་བཏོགས། མེ་ཏོག་འཐོག འཐོག་བཞིན། བཏོག་རྒྱུ། བཏོགས་ཟིན། ཐོགས་ཤིག་ལྟ་བུའོ།།
༡) བཏོན། ༢) གདོན། ༣) འདོན། ༤) ཐོན།
བྱེད་འབྲེལ། སྔོག་པའི་དོན། ས་འོག་ནས་གསེར་བཏོན། གྲོ་འགོ་བཏོན། འདོན་མཁན། གདོན་བྱ། བཏོན་ནས། ཟུར་དུ་བཏོན་ལྟ་བུའོ།།
༡) བརྟགས། ༢ )བརྟག ༣) རྟོག ༤) རྟོགས།
བྱེད་འབྲེལ། དཔྱད་པའམ་གཞིགས་པའི་དོན། བརྟག་དཔྱད། རྟོག་མཁན། བརྟག་བྱ། བརྟགས་ནས། རྟོག་ཞིབ། བརྟག་དགོས། རྟོགས་ཤིག་ལྟ་བུའོ།།
༡) བརྟབས། ༢) བརྟབ། ༣) རྟབ།
བྱེད་མེད། བྲེལ་འཚུབ་བམ་སྔངས་སྐྲག་བྱེད་པའི་དོན། ཡིག་བྲིས་ལ་བརྟབས་ན་ཚིག་དོན་ནོར། རྟབ་རྟབ་པོར་གྱུར། རྟབ་རྟབ་ནི་འཚབ་འཚབ་ཡིན། འགའི་ནང་ཏབ་ཏབ་བྲིས་པའང་འདུག
༡) བརྟས། ༢) བརྟ། ༣) རྟས། ༤) རྟས།
བྱེད་འབྲེལ། སྤེལ་བའི་དོན། སྤྲོ་བ་བརྟས་སོང༌། དགའ་ཚོར་རྟས་བཞིན། བརྟ་བྱ། བརྟས་ནས་ལྟ་བུ་འཕེལ་དུ་འཇུག་པའི་དོན་ནོ།།
༡) བརྟིབས། ༢) བརྟིབ། ༣) རྟིབ། ༤) རྟིབས།
བྱེད་འབྲེལ། ཁང་པ་སོགས་རྡིབ་ཏུ་འཇུག་པའི་དོན། ཁང་རྙིང་བརྟིབས་ནས་གསར་དུ་བཟོ། ཟངས་སྣོད་བརྟིབས། བརྟིབ་བྱ། རྟིབ་བྱེད། བརྟིབས་ནས་རྡིབ་འོང༌།
༡) བརྟུན། ༢) བརྟུན། ༣) རྟུན། ༤) རྟུན།
བྱེད་འབྲེལ། བརྩོན་པ་བྱེད་པའི་དོན། བརྟུན་པ་བསྐྱེད་དེ། རྟུན་མཁན། བརྟུན་བྱ། ལས་ལ་བརྟུན་ནས་ལྟ་བུའོ།།
༡) བརྟུལ། ༢) བརྟུལ། ༣) རྟུལ། ༤) རྟུལ།
བྱེད་འབྲེལ། དཔའ་བརྟུལ་ཏེ་ལྟ་བུ་སྙིང་སྟོབས་བསྐྱེད་པའི་དོན། རྟུལ་ཕོད་པ་ལྟ་བུ་དང༌། དབང་རྟུལ་ནི་རྣོ་བའི་ལྡོག་ཕྱོགས་ཡིན། བརྡ་རྙིང་སྡུད་པ་ལ་གོ་གསུངས།
༡) བརྟེན། ༢) བརྟེན། ༣) རྟེན། ༤) རྟེན།
བྱེད་མེད། ལྟོས་པའམ་རག་ལས་པའི་དོན། རྒྱུ་ལ་བརྟེན། དམིགས་རྟེན། ལུས་རྟེན། སེམས་རྟེན། རྟེན་བཞིན་པ། བརྟེན་ཟིན་པ་ལྟ་བུའོ།།
རྟོགས། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་འབྲེལ། ཤེས་པའི་དོན། གོ་དོན་རྟོགས། གཞུང་དོན་རྟོགས་ལྟ་བུའོ།།
༡) བརྟོད། ༢) བརྟོད། ༣) རྟོད། ༤) རྟོད།
བྱེད་འབྲེལ། ཐག་པ་རིང་པོས་བཏགས་པའི་དོན། གྲུ་དེ་ཐག་པ་བདུན་གྱིས་བརྟོད་དེ། ཉིན་རེ་བཞིན་རྟོད་ཐག་རེ་བཅད། རྟ་རྟོད་ཕུར་ལ་བཏགས་ནས་རྩ་ཟ་འཇུག་ལྟ་བུའོ།།
༡) བརྟན། ༢) བརྟན། ༣) རྟོན། ༤) རྟོན།
བྱེད་འབྲེལ། ཡིད་ཚིམ་པའི་དོན། ཡིད་རྟོན་མི་རུང་དང༌། རབ་བརྟན་ཟུངས་ལྟ་བུའོ།།
༡) བརྟོལ། ༢ )བརྟོལ། ༣) རྟོལ། ༤) རྟོལ།
བྱེད་འབྲེལ། བུ་ག་གཏོད་པའི་དོན། རྟོལ་མཁན་གྱིས་རྣག་བརྟོལ། མཚང་རྟོལ་བཞིན་ལྟ་བུ་དང༌། གནས་སུ་རྟོལ་ལྟ་བུ་སླེབས་པ་དང༌། རྟོལ་མེད་ལྟ་བུ་ཆ་མེད་ཅེས་པའི་དོན་ནོ།། ཡང་འདི་ལ་གཏོལ་བྲིས་ཀྱང་འདྲ་སྙམ།
༡) བལྟས། ༢) བལྟ། ༣) ལྟ། ༤) ལྟོས།
བྱེད་འབྲེལ། མཐོང་དུ་འཇུག་པའི་དོན། གཟུགས་ལ་བལྟས། དཔེ་ཆ་བལྟས་ཏེ། ལྟ་བྱེད། བལྟ་བྱ། བལྟས་ནས། ལྟོས་ཤིག་ལྟ་བུའོ།།
བལྟམས། (གཟུགས་མི་འགྱུར་བ།)
བྱེད་མེད། བཙས་པའམ་འཁྲུངས་པའི་དོན། སྐུ་བལྟམས་པའི་མཛད་པ་ལྟ་བུ་དང་ལྟམ་ནི་འབྲི་ཚུལ་གཞན། གསུངས་པ་དང༌། བལྟམ་བྱ་ལྟམ་བྱེད་གསུངས་པ་ཡང་འདུག་གོ།
༡) ལྟུངས། ༢) ལྟུང༌། ༣) ལྟུང༌།
བྱེད་མེད། མར་ལྷུང་བའི་དོན། ངན་སོང་དུ་ལྟུང༌། ལྟུང་བ་སྡེ་ལྔ༌། རྩ་ལྟུང༌། ལྟུང་བྱེད་ལྟ་བུའོ། །
༡) བལྟབས། ༢) བལྟབ། ༣) ལྟེབ། ༤ )ལྟེབས།
བྱེད་འབྲེལ། ཚུར་བལྟབས་ནས་ཆག་པའི་དོན། ཉིས་ལྟེབ། གསུམ་ལྟེབ། ན་བཟའ་བལྟབ་དགོས། ལྟེབས་ཤིག་ལྟ་བུའོ།།
ལྟོགས། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། བཀྲེས་པའི་དོན། གྲོད་པ་ལྟོགས། ལྟོགས་ཤི་སོང༌། ལྟོགས་པ་ལ་ཟས། སྐོམ་པ་ལ་ཆུ་དགོས་ལྟ་བུའོ།། བརྡ་རྙིང་སྦྲེབས་པ་དང་སྒྲེབས་པ་བྲིས་པ་ཡོད་པ་དོན་འདྲ།
༡) བལྟོས། ༢) བལྟོས། ༣) ལྟོས།
བྱེད་མེད། རག་ལས་པའི་དོན། ལྟོས་གྲུབ། ཕན་ཚུན་བལྟོས་དགོས། བལྟོས་ནས་གྲུབ། རྟེན་པ། ཕྲད་པ། ལྟོས་པ་བཅས་འདྲའོ།།
༡) བསྟིངས། ༢) བསྟིང༌། ༣) སྟིང༌། ༤) སྟིངས།
བྱེད་འབྲེལ། འཕྱ་སྨོད་བྱེད་པའི་དོན། བརྡ་རྙིང༌། བསྟིང་བྱ། སྟིང་བྱེད། སྟིང་ཚིག འཁོན་ཚིག རྒོལ་ཚིག སུན་འབྱིན་པའི་ཚིག་བཅས་འདྲ།
༡) བསྟིམས། ༢) བསྟིམ། ༣ )སྟིམ། ༤ ) སྟིམས།
བྱེད་འབྲེལ། བསྲེས་པའམ་འཐིམ་དུ་འཇུག་པའི་དོན། ལྷ་རང་ལ་བསྟིམས་ནས། སྟིམ་བཞིན་པ། བསྟིམ་དགོས། ཤ་ཁུ་ཤར་སྟིམ། བསྟིམས་ནས། འཐིམ་པ་འོང༌། འདྲེས་འཇུག་པ་ལྟ་བུ་ཡིན།
༡) བསྟིས། ༢) བསྟི། ༣) སྟི།
བྱེད་མེད། ངལ་གསོའི་ཆེད་གནས་པའི་དོན། སྟི་གནས་སུ་བསྟིས་ནས་བསྡད། ལས་ཀྱིས་དུབ་པས་རེ་ཞིག་བསྟི་རྒྱུ་ལྟ་བུའོ།།
༡) བསྟུངས། ༢) བསྟུང༌། ༣) སྟུང༌། ༤) སྟུངས།
བྱེད་འབྲེལ། ཚད་ཐུང་དུ་གཏོང་བའི་དོན། ཐག་པ་རིང་དྲགས་ན་བསྟུང་དགོས། སྟུང་མཁན། བསྟུང་བྱ། བསྟུངས་ནས། ཡང་སྟུངས་ཤིག་ལྟ་བུའོ།།
༡) བསྟུད། ༢) བསྟུད། ༣) སྟུད། ༤) སྟུད།
བྱེད་འབྲེལ། མུ་འཐུད་དུ་འཇུག་པའི་དོན། བསྟུད་མར་ལན་གཉིས་སོང༌། རྒྱུན་བསྟུད་དགོས། བསྟུད་ནས་འཐུད་ཐུབ། ལས་བསྟུད་དེ་བྱོས་ལྟ་བུའོ།།
༡) བསྟུན། ༢) བསྟུན། ༣) སྟུན། ༤) སྟུན།
བྱེད་འབྲེལ། མཐུན་ཐབས་བྱེད་པའི་དོན། གཞན་ལ་བསྟུན་ཏེ་མཐུན་ལམ། དུས་དང་བསྟུན་ནས་ཞིང་འདེབས། སྟུན་མཁན། བསྟུན་བྱ། སྟུན་ཅིག གཞན་དབང་སྟབས་བསྟུན་ལྟ་བུའོ།།
༡) བསྟེན། ༢) བསྟེན། ༣) སྟེན། ༤) སྟེན།
བྱེད་འབྲེལ། རེ་བ་བཅས་ཏེ་འདྲིས་པའི་དོན། བླ་མར་བསྟེན། སྨན་པ་བསྟེན། འཕྲོད་བསྟེན་ལྟ་བུ་དང་ལེན་བྱེད་པའི་དོན་ནོ།།
སྟེར། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། བྱིན་པའི་དོན། ནོར་སྟེར། བདེ་བ་སྟེར་ལྟ་བུའོ།།
སྟེགས། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ཡར་འདེགས་ཡོད་པའི་དོན། ཡང་སྟེག་པ་ལས་ཚིག་དང་སྟེགས་པ་མིང་ཙམ་གསུངས་པ་འདུག ཡང་སྟེག་དང་སྟེགས་དུས་ཕྱེ་བའང་འདུག ཞབས་སྟེགས་དང༌། རྐུབ་སྟེགས། སྟེགས་བུ་ལྟ་བུའོ།།
༡) བསྟན། ༢) བསྟན། ༣) སྟོན། ༤) སྟོན།
བྱེད་འབྲེལ། གཞན་ལ་མཐོང་འཇུག་པའི་དོན། ཆོས་སྟོན། ལྟད་མོ་སྟོན། སྟོན་མཁན། བསྟན་བྱ། བསྟན་ཟིན་ལྟ་བུའོ།།
སྟོར། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་འབྲེལ། བོར་བའི་དོན། བ་ལང་སྟོར། སྟོར་བཤིག གད་སྙིགས་ནང་ཁབ་སྟོར། སྟོར་ཁུང་ནི་རྩུབ་ཆུ་འགྲོ་ས་ཡིན།
༡) སྟོངས། ༢) སྟོང༌། ༣)སྟོང༌།
བྱེད་མེད། ཟད་པར་གྱུར་བའི་དོན། མི་རྒྱུད་སྟོངས། མི་ཚང་སྟོངས། རི་དྭགས་རིགས་འགའ་ཞིག་སྟོངས་ལ་ཉེ་བ་ཡིན། སྟོང་པ་ཉིད་ལྟ་བུའོ།།
བསྟར། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་འབྲེལ། གོ་རིམ་བཞིན་ལེན་པའི་དོན། ལག་ལེན་བསྟར། ཆོས་ཉམས་སུ་བསྟར་ལྟ་བུའོ།།
༡) བསྟབས། ༢) བསྟབ། ༣) སྟོབ། ༤) སྟོབས།
བྱེད་འབྲེལ། ཕུལ་བའམ་སྦྱིན་པའི་དོན། གཏོར་མ་ཞལ་དུ་བསྟབས། སྟོབ་བྱེད། བསྟབ་བྱ། སྟོབས་ནི་སྟོབས་ཤུགས་ལའང་འགྲོ།
༡) བསྟད། ༢) བསྟད། ༣) སྟོད། ༤) སྟོད།
བྱེད་འབྲེལ། རྟ་སོགས་ལ་སྒ་བཏབ་པའི་དོན། རྟ་སྒ་སྟོད་བཞིན། གཡག་ལ་སྒ་བསྟད་དེ་ལྟ་བུའོ།།
བསྟོད། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། ལེགས་པའི་ཡོན་ཏན་བརྗོད་པའི་དོན། ངོ་བསྟོད། རང་བསྟོད། གཟེངས་བསྟོད། གསོལ་བསྟོད། བསྔགས་པ་དང་དོན་འདྲ།
ཐ་ཡི་སྡེ་ཚན།
ཐར། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། འཇིགས་པའམ་ཉེས་པ་ལས་གྲོལ་བའི་དོན། བཙོན་ནས་ཐར། སྲོག་ཐར། བྲོས་ཐར། ཚེ་ཐར། དགྲ་ལག་ནས་ཐར་ལྟ་བུའོ། །
ཐལ། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ཚད་ལས་བརྒལ་འགྲོ་བའི་དོན། འགྲོ་ཐལ་ན་གཡང་དུ་ལྷུང༌། སྐད་ཆ་ཐལ་མ་ཆེ། ཁྱབ་པར་ཐལ་ལྟ་བུའོ། །
ཐིག (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། ཚད་འཛིན་ཐུབ་པའི་དོན། ཚོད་ཐིག མོ་ཐིག ལྟ་བུའོ། །
ཐིགས། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ཆུའི་ཟེགས་མ་ལྷུང་བའི་དོན། རྔུལ་ཆུ་ཐིགས། ཆུ་ཐིགས། མར་ཁུ་ཐིགས། ཐིགས་པ་ཐིགས་ལྟ་བུའོ།།
ཐུག (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ཕྲད་པའི་དོན། ཁོང་དང་ཕྲད། ཁོང་དང་ཐུག ཐུག་ཕྲད། གདོང་ཐུག ལག་པ་མ་ཐུག་ལྟ་བུའོ། །
ཐུབ། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། བྱེད་ནུས་པའི་དོན། བཤད་ཐུབ། བྱེད་ཐུབ། འགྲོ་ཐུབ་ལྟ་བུའོ།།
ཐེ། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། གཏོགས་པའི་དོན། དེ་ཐེ་པས་ལྔ༌། ཐེ་གཏོགས། ཐེ་བྱུས་ལྟ་བུའོ།།
ཐེག (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ཡར་འགྱོགས་པའམ། བཟོད་པའམ་ནུས་པའི་དོན། རྡོག་ཁྲེས་འདི་ཁྱོད་ཀྱིས་ཐེག་གམ་མི་ཐེག ཐེག་པ་ཆེན་པོ། ཐེག་པ་ཁུར་ལེན། སྡུག་མི་ཐེག་ལྟ་བུའོ།། འགྲོ་བའི་དོན་དུ་བྱས་ནས་ཐེགས་པ་ཞེས་ཡང་འཇུག་སྦྱར་དགོས།
ཐེབས། (གཟུགས་མི་འགྱུར་བའི་བྱ་ཚིག )
བྱེད་མེད། འཕོག་པའི་དོན། ལག་ཏུ་ཐེབས། ལན་མ་ཐེབས། ལུས་ལ་ནད་ཀྱིས་ཐེབས། གཏོང་ཐེབས། མཆེད་ཐེབས། ཐེབས་རྩ་ལྟ་བུའོ།།
ཐེམས། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། བགོས་ནས་གྲངས་ཚང་བ་ཐོབ་པའི་དོན། ཕྱག་ཏུ་ཐེམས། དགུ་གསུམ་ལ་བགོས་ན་གསུམ་རེ་ཐེམས་ལྟ་བུའོ། །
ཐོགས། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། མཚོན་ཆ་ཐོགས་ལྟ་བུ་བཟུང་བའི་དོན་དང༌། ཞག་གསུམ་ཐོགས་ལྟ་བུ་འགོར་བའི་དོན། རྐང་སྣེ་རྡོ་ལ་ཐོགས་ལྟ་བུ་རེག་པའི་དོན་ནོ།།
༡) ཐོན། ༢) འཐོན། ༣) འཐོན།
བྱེད་མེད། དོན་ཟིན་པའི་དོན། བོད་ནས་འཐོན་བཞིན། མཐོ་སློབ་ཐོན་ནས། ཐོན་བསྐྱེད། ཐོན་རྫས། ཐོན་ཁུངས། ཐོན་མི་ལྟ་བུའོ། །
ཐོབ། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། བྱུང་བའི་དོན། ཐོབ་བྱ། ཐོབ་བྱེད། ཐོབ་ནས། རྒྱལ་ཁ་ཐོབ། རང་དབང་ཐོབ། ཐོབ་ཐང༌། ཐོབ་ཤོར་ལྟ་བུ་དང༌། འཐོབ་བྱ། འཐོབ་བྱེད། འབྲི་སྲོལ་མེད་པ་ལ་གཞིགས་ན་གཟུགས་མི་འགྱུར་བ་བྱས་ན་ལེགས་སོ།།
འཐོར། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། སོ་སོར་བྲལ་བའི་དོན། ཁ་འཐོར། དངུལ་འཐོར། གཏོར་ནས་འཐོར། ཐོར་ལྟ་བུ་ལ་དོན་སྦྱར་ཚུལ་ཡོད།
ཐོས། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། རྣ་བར་གོ་བའི་དོན། གཏམ་བཟང་ཐོས། གོ་ཐོས་བྱུང་ལྟ་བུའོ། །
མཐུད། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། བར་མཚམས་སྦྲེལ་བའི་དོན། མུ་མཐུད། སྐུད་པ་མཐུད། ཡང་མུ་མཐུད་ལྟ་བུ་འ་ཡིག་སྦྱར་ཡང་ཁྱད་མེད། བརྡ་རྙིང་བརྟུད་པ་བྲིས་པའང་འདུག
མཐུན། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། འགལ་བ་མ་བྱུང་བའི་དོན། རིགས་མཐུན། ཁྲིམས་མཐུན་ལྟ་བུའོ།།
མཐོང༌། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། རིག་པའི་དོན། མངོན་སུམ་གྱིས་མཐོང༌། མིག་གིས་མཐོང་ལྟ་བུའོ།།
མཐོལ། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ཉེས་པ་དྲང་པོར་བརྗོད་པའི་དོན། མཐོལ་ལོ་བཤགས། མཐོལ་ཞིང་བཤགས་སོ།། མི་འཆབ་པ། ཉེས་པ་སྒྲོག་པ་བཅས་འདྲ།
འཐད། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། འདོད་པ་བཞིན་བྱུང་བའི་དོན། ཡིད་དུ་འཐད། དེ་ཡིན་པར་མི་འཐད་ལྟ་བུའོ།།
འཐབ། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། འཛིང་པའི་དོན། འཐབ་རྩོད། འཐབ་འཛིང༌། འདས་པ་ལ་འཐབས་ཀྱང་འཐུས།
༡) འཐམས། ༢) འཐམ། ༣) འཐམ།
བྱེད་མེད། དམ་པོར་འཇུ་བའི་དོན། མས་བུ་ལ་འཐམས་ནས། སྲིན་འབུ་ཤིང་ལ་འཐམ་བཞིན་ལྟ་བུའོ། ། འཐམས་པ་དང་འབྱར་བ་འདྲ་ཡང༌། འབྲེལ་བྱེད་ཡིན་མིན་གྱི་ཁྱད་པར་ཡོད།
༡) འཐིབས། ༢) འཐིབ། ༣) འཐིབ།
བྱེད་མེད། འཁྲིགས་པའི་དོན། སྤྲིན་འཐིབ་བཞིན། མུན་པ་འཐིབས་ཏེ་ལྟ་བུའོ།།
འཐིམ་པ། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། འདྲེས་པའམ་བྱིངས་པའི་དོན། ཤ་ཁུ་ཤར་འཐིམས། རྡེའུ་ཆུ་ལ་འཐིམས། རང་ཉིད་ལ་འཐིམ་ལྟ་བུ་དང༌། འདས་ཚིག་ལ་ཐིམ་བྲིས་ཀྱང་ཆོག
༡) འཐུམས། ༢) འཐུམ། ༣) འཐུམ།
བྱེད་མེད། ཕྱི་ནས་གཡོགས་པའི་དོན། རས་ཀྱིས་འཐུམ། ལུས་གོས་ཀྱིས་འཐུམས་ནས་ལྟ་བུ་དང༌། བཏུམས་ནས་འཐུམ་པ་བྱུང་ངོ༌།།
༡) འཐོམས། ༢) འཐོམ། ༣) འཐོམ།
བྱེད་མེད། མགོ་རྨོངས་པར་བྱེད་པའི་དོན། སློབ་སྦྱོང་ལ་མགོ་འཐོམ་བཞིན། མགོ་ལྟ་བུ་འཐོམ་པ་དང་འཐུམ་པ་ཉིས་དཀར་ཡོད། འཐོམ་པ་ནི་འཁོར་བ་ལྟ་བུ་ཡིན།
༡) ཐུལ། ༢) འཐུལ། ༣) འཐུལ།
བྱེད་མེད། དྲི་ཞིམ་འཐུལ་ལྟ་བུ་ཐོན་པའི་དོན་དང༌། རྟ་རྒོད་ཐུལ་ལྟ་བུ་བཏུལ་ནས་ཐུལ་བ་བྱུང་བ་ཡིན།
འཐུས། (གཟུགས་མི་འགྱུར་བའི་བྱ་ཚིག )
བྱེད་མེད། གོ་ཆོད་པའི་དོན། ཚབ་འཐུས། བྱེད་འཐུས། འཐུས་ཚང༌། འཐུས་ཤོར། འདས་པ་ལ་ཐུས་བྲིས་ཀྱང་རུང༌།
འཐེང༌། (གཟུགས་མི་འགྱུར་བའི་བྱ་ཚིག )
བྱེད་མེད། རྐང་པ་འཐད་ཀར་སྤོས་དཀའ་བའི་དོན། རྐང་པ་འཐེང་ལྟ་བུའོ།།
འཐེན། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། ཚུར་སྡུད་པའི་དོན། ཐག་པ་འཐེན། ཕྱིར་འཐེན། འཐེན་རྩིས། དབྱངས་འཐེན་ལྟ་བུའོ།། སྐུལ་ཚིག་ལ་ཐེན་སྦྱར་ཀྱང་རུང༌།
ད་ཡི་སྡེ་ཚན།
དད། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ཡིད་དང་བའི་དོན། དཀོན་མཆོག་ལ་དད། དད་གུས་ལྟ་བུའོ།།
དར། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། གོང་དུ་འཕེལ་བའི་དོན། བསྟན་པ་དར། ཀླུང་རྟ་དར། རླུང་རྟ་དར། མཇལ་དར། དར་ཤིང༌། དར་ལྕོག་ལྟ་བུ་ཡོད།
༡) དུངས། ༢) དུང༌། ༣) དུང༌།
བྱེད་མེད། བྱམས་པའི་དོན། གཉེན་ལ་དུངས། དུང་སེམས་མཉམ་བསྐྱེད་ལྟ་བུའོ།། གདུང་སེམས་མཉམ་བསྐྱེད་ཀྱང་ཡོད་དོ།།
དུབ། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། ཐང་ཆད་པའི་དོན། ངལ་ཞིང་དུབ། དུབ་པའི་འཚེ་བྱུང་ལྟ་བུའོ།།
དུད། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། གུག་པའི་དོན། དུད་འགྲོ། ཡལ་ག་དུད་པར་འབྲས་བུ་མང་ལྟ་བུ་དང༌། དུ་བ་ལ་དུད་པ་ཟེར་བ། དུད་ཚང་ལྟ་བུའོ།།
༡) དོངས། ༢) དོང༌། ༣) འདོང༌། ༣) དེངས།
བྱེད་མེད། སོང་བའི་དོན། བརྡ་རྙིང༌། རང་གནས་སུ་འདོང་བཞིན། དོང་དགོས། དོངས་ནས། གནོད་པ་ཐམས་ཅད་ཕྱིར་དེངས་ཤིག་ལྟ་བུའོ།།
དོགས། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ཐེ་ཚོམ་ཟ་བའི་དོན། མང་དུ་དོགས། དོགས་དྲིས། དོགས་པ་ཟ་ལྟ་བུའོ།།
དོད། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། བཟོ་ལྟ་ཐོན་པའི་དོན། རི་མོ་འབུར་དོད། རྟེན་དོད། མང་ཇའི་དོད་ལྟ་བུ་དང༌། གསེར་ཏོག་ལས། རི་མོ་འབུར་དུ་བདོད་བྱ། བདོད་བྱེད་བྲིས་འདུག་ཀྱང་མི་འཐད་སྙམ།
༡) དོར། ༢) འདོར། ༣) འདོར། ༤) དོར།
བྱེད་འབྲེལ། ཁ་ཕྲལ་བའམ་དབྱུགས་པའི་དོན། སྤྱོད་ངན་དོར། དོར་བྱ། འདོར་བྱེད། དོར་ཅིག་ལྟ་བུ་དང༌། གོས་ཐུང་ལ་དོར་མ་ཟེར་བའང་ཡོད།
དྭངས། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། རྙོག་སྙིགས་མེད་པའི་དོན། གནམ་དྭངས། ཆུ་དྭངས། སྙུན་པ་དྭངས་ལྟ་བུའོ།།
༡) གདངས། ༢) གདང༌། ༣) གདང༌། ༤) གདོངས།
བྱེད་འབྲེལ། ཁ་མིག་སོགས་ཕྱེ་བའི་དོན། ཁ་གདངས་ཤིང་མཆེ་བ་གཙིགས། མིག་ཡར་གདང༌། སྐད་ཀྱི་གདངས། གདངས་དབྱངས་ལྟ་བུ་དང༌། ཞིང་གི་གདང་ལྟ་བུ་ཡོད།
༡) བདམས། ༢) གདམ། ༣) འདམ། ༤) འདེམས།
བྱེད་འབྲེལ། འདམ་སྒྲུག་བྱེད་པའི་དོན། འགོ་ཁྲིད་གདམ་དགོས། སྤྱི་འཐུས་གདམ། གདམ་བྱ། འདམ་བྱེད། བདམས་ནས། ཡང་བདམས་པ་འདས་པ། མ་འོངས་པར་བདམ་བྲིས་པའང་འདུག འདམ་ངའམ་གདམ་ང་ལྟ་བུའོ།། འདིའི་ད་ལྟ་བར་འདེམས་བྲིས་པའང་འདུག
གདའ། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། ཡོད་པའི་དོན། རྒྱུ་ནོར་གདའ། ཨེ་གདའ། མི་གདའ་ལྟ་བུའོ།།
༡) གདམས། ༢) བདམ། ༣) གདམ། ༤ )འདོམས།
བྱེད་འབྲེལ། བསླབ་བྱ་བྱེད་པའི་དོན། ལེགས་པར་འདོམས་མཛད་ཁྱོད། གདམ་པ། ཆུ་བོ་བཞི་སྒྲིག གདམ་བྱ། འདོམས་བྱེད། གདམས་ནས་ལྟ་བུ་དང༌། འདོམས་ནི་ཕོ་མོའི་མཚན་མ་ལའང་འགྲོ། འདོམས་ཀྱི་སྦུ་བ་ལྟ་བུའོ།།
༡) བདལ། ༢) གདལ། ༣) གདལ། ༤) གདོལ།
བྱེད་འབྲེལ། བཀྲམ་པའི་དོན། ཚོང་ཟོག་གདལ་དགོས། ཐང་དུ་བདལ་ནས། ཡང་རྡལ་བ་དང༌། བརྡལ་བ་བཅས་དང་འདྲའོ།།
༡) བདུགས། ༢) བདུག ༣) བདུག ༤) དུགས།
བྱེད་འབྲེལ། བསང་སོགས་ཀྱིས་དྲི་ངན་སེལ་འཇུག་པའི་དོན། སྤོས་དཀར་བདུག བདུག་པ་བདུགས་ནས། ད་ལྟ་བར་གདུག་བྲིས་ཡོད་ཀྱང་མི་ལེགས་སོ།།
༡) གདུངས། ༢) གདུང༌། ༣) གདུང༌།
བྱེད་མེད། སྡུག་བསྔལ་ཀྱིས་མནར་བའི་དོན། ཚ་བས་གདུང༌། བཀྲེས་པས་གདུང༌། གདུང་བ་དྲག་པོ། གདུང་དབྱངས། མནར་བ། གཟིར་བ་བཅས་འདྲའོ།། གདུང་རྒྱུད་དང༌། གདུང་མ་ལྟ་བུ་ཡོད།
༡) གདེངས། ༢) གདེང༌། ༣) གདེངས། ༤) གདེངས།
བྱེད་འབྲེལ། ཡར་འཕྱར་བའི་དོན། རལ་གྲི་གདེངས། དར་ཆ་གདེང་བཞིན་དང༌། གདེང་ཚོད། གདེངས་ཀ་ལྟ་བུ་ཡོད་དོ།།
༡) བདས། ༢) བདའ། ༣) འདེད། ༤) དེད།
བྱེད་འབྲེལ། དེད་འགྲོ་བའི་དོན། དུད་འགྲོ་རི་ལ་བདའ་དགོས། འདེད་མཁན་གྱིས་བདས་ཏེ། བསྙེགས་པའི་ཚེ་བྱ་བྱེད་སྔ་ཕྱི་ཡིན་པ་དང༌། བདའ་བའི་ཚེ། བདའ་བྱ་འདེད་བྱེད་མཉམ་དུ་འགྲོ་བའི་ཁྱད་པར་ལས་གཞན་འདྲའོ།།
བདར། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། བདེན་པ་བདར་ལྟ་བུ་དཔང་པོ་བཙུགས་པ་དང༌། མདུན་དུ་བདར་ནི་བང་བསྒྲིགས་ནས་སོང་བའི་དོན་ནོ། །ཡང་བདར་ཤ་བཅད་ལྟ་བུའང་ཡོད་དོ།།
༡) བདུངས། ༢) བདུང༌། ༣) བདུང༌། ༤) བདུངས།
བྱེད་འབྲེལ། འཐེན་པའི་དོན། མདའ་གཞུ་བདུང་བཞིན། པི་ཝང་བདུང༌། སྒྲ་སྙན་བདུངས་ནས། སླར་ཡང་བདུངས་ཤིག་ལྟ་བུའོ།།
བདོ། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། སྐྱོན་དར་བའམ་རྒྱས་པའི་དོན། སྙིགས་མ་ལྔ་བདོ། ནག་ཕྱོགས་བདོ་ལྟ་བུའོ།།
བདོག (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། མང་བའི་དོན། བདོག་པའི་དངོས་པོ་ལྟ་བུ་མང་དུ་ཡོད་པའི་དངོས་པོ་ལ་ཟེར། འདི་ནོར་རྫས་སྤྱིའི་མིང་ཡིན་གསུངས་པ་འདུག
མདུད། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། སྐུད་པ་མདུད་པ་མདུད་པའི་དོན། ཁུག་མའི་ཁ་མདུད། སྒྱེ་མོའི་ཁ་མདུད། ཆད་འཐུད་སྐབས་མདུད་དགོས་ལྟ་བུའོ།།
༡) དག ༢) འདག ༣) འདག
བྱེད་མེད། དྲི་མ་སེལ་བའི་དོན། འདག་རྒྱུ་དྲི་མ། དག་ནས་ལྟ་བུའོ།། ལྕེས་སྡེར་མ་འདག་པའང་ཡོད།
འདང༌། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་འབྲེལ། ཚད་ལོན་པའི་དོན། ཟ་རྒྱུ་འདང༌། ལོ་གཅིག་འདང་ཡོང་ལྟ་བུའོ།།
༡) འདས། ༢) འདའ། ༣) འདའ།
བྱེད་མེད། དུས་ཚོད་སྐྱེལ་བའི་དོན། སློབ་སྦྱོང་གི་དུས་འདའ། མྱ་ངན་ལས་འདའ་ལྟ་བུའོ།།
འདར། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། རང་སོ་ཚུགས་མི་ཐུབ་པའི་དོན། འདར་སིག འཁྱགས་འདར་ལྟ་བུའོ།།
༡) བཏིང༌། ༢) གདིང༌། ༣) འདིང༌། ༤) ཐིངས།
བྱེད་འབྲེལ། བསྡད་སའི་ཆེད་སར་བཏིང་བའི་དོན། འདིང་མཁན། གདིང་བྱ། བཏིང་ནས། ཐིངས་ཤིག་ལྟ་བུ་དང༌། གདིང་བ་ལྟ་བུའོ།།
༡) འདུས། ༢) འདུ། ༣) འདུ།
བྱེད་མེད། ལྷན་དུ་ཚོགས་པའི་དོན། ཚོགས་འདུ། འདུས་ནས། འདུ་ཡོང་ལྟ་བུའོ།།
འདུག (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། གནས་པའི་དོན། སར་འདུག མང་པོ་འདུག་ལྟ་བུའོ།།
འདུན། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། རེ་བ་བྱུང་བའི་དོན། བྱེད་འདུན། སྨོན་འདུན། གཏན་གྱི་འདུན་མ་ལྟ་བུའོ།།
འདུར། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ཆུ་གར་བའི་དོན། འབྲས་འདུར། རྩམ་འདུར། འདལ་བ། འདུར་བ་འདྲའོ།།
༡) འདུམས། ༢) འདུམ། ༣) འདུམ།
བྱེད་མེད། འགྲིགས་མཐུན་བྱུང་བའི་དོན། འཁྲུག་པ་འདུམ། ཁ་མཆུ་འདུམ་ནས་ལྟ་བུའོ།།
༡) འདོམས། ༢) འདོམ། ༣) འདོམ།
བྱེད་མེད། མཉམ་དུ་འཛིངས་པའི་དོན། ནམ་འདོམས། ལས་ཀ་འདོམས་ལྟ་བུའོ།། ཡང་ལག་པའི་འདོམ་གང་ལྟ་བུའང་ཡོད།
འདོད། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། དགའ་བའི་དོན། འགྲོ་འདོད། འདོད་ཆགས། བྱེད་འདོད་ལྟ་བུའོ།།
༡) དྲས། ༢) དྲ། ༣) འདྲ། ༤ )དྲོས།
བྱེད་འབྲེལ། རས་སོགས་དུམ་བུར་བཅད་པའི་དོན། སྣམ་བུ་དྲས་ནས་འཚེམ། འདྲ་མཁན། དྲ་རྒྱུ། དྲོས་ཤིག་ལྟ་བུ་དང༌། འདྲ་མཚུངས། ཀླུ་མ་དྲོས་པ། ཉི་མས་དྲོས་པ། ཡིག་གཟུགས་དྲས་རྒྱག་པ་ལྟ་བུ་ཡོད།
༡) དྲན། ༢) དྲན། ༣) དྲན། ༤)དྲོན།
བྱེད་འབྲེལ། སེམས་ལ་ཡང་ཡང་ཤར་བའི་དོན། ཕ་མ་དྲན། དྲན་བྱ་དྲན་བྱེད། དྲོན་ཅིག་ལྟ་བུ་དང༌། དྲོན་མོ་ནི་ཚ་པོ་རེད་དོ།།
༡) དྲལ། ༢) འདྲལ། ༣) འདྲལ། ༤ )དྲོལ།
བྱེད་མེད། རས་ལྟ་བུ་བརྡོལ་བའི་དོན། པགས་པ་དྲལ། འདྲལ་འོང་འདྲལ། དྲལ་བ། རལ་བ་འདྲ། ཆོས་སྐྱོང་ལྕམ་དྲལ། དྲལ་ལྕམ་ལྟ་བུའོ།།
༡) དྲིལ། ༢) དྲིལ། ༣) འདྲིལ། ༤) འདྲིལ།
བྱེད་འབྲེལ། གཅིག་ཏུ་བསྡུས་པའི་དོན། སྨན་དྲིལ་དགོས། དྲིལ་ནས་རིལ་བ་བྱུང༌། རྡོག་རྩ་གཅིག་སྒྲིལ་ཡོད་ཀྱང༌། གཅིག་དྲིལ་མེད་སྙམ་མོ།། དྲིལ་བ་དང༌། རིལ་བ། གྲིལ་བ་བཅས་འདྲ། བསྒྲིལ་ནས་གྲིལ་པ་དང༌། དྲིལ་ནས་རིལ་བ་བྱུང༌།
༡) དྲིས། ༢) དྲི། ༣) འདྲི། ༤) དྲིས།
བྱེད་འབྲེལ། སྐད་ཆ་སོགས་དྲི་བ་བྱེད་པའི་དོན། བཀའ་འདྲི། གཏམ་འདྲི། འདྲི་མཁན། དྲི་བྱ། དྲིས་ནས་ལྟ་བུ་དང༌། འབྲི་བའི་ད་ལྟ་བ་འབྲི་ཚུལ་གཞན་འདྲི་བ་ཡོད་གསུངས། ཡི་གེ་འདྲི་བ་ལྟ་བུ་ཡིན།
༡) དྲུད། ༢) འདྲུད། ༣) འདྲུད། ༤) དྲུད།
བྱེད་འབྲེལ། སའི་ཐོག་འཐེན་འགྲོ་བའི་དོན། ཤིང་དྲུད། ཤིང་རྟ་འདྲུད་དགོས། འདྲུད་མཁན། འདྲུད་བྱ། དྲུད་དེ། ཞབས་དྲུད་ལྟ་བུའོ།།
༡) དྲུས། ༢) དྲུ། ༣) འདྲུ། ༤) དྲུས།
བྱེད་འབྲེལ། ས་བྲུ་བ་སོགས་དང་འདྲ། དྲུས་མའམ་གྲུས་མ་བཞོ་རྒྱུ་ཡོད་པའི་བ།
༡) དྲུལ། ༢) འདྲུལ། ༣) འདྲུལ། ༤) དྲུལ།
བྱེད་འབྲེལ། རུལ་དུ་འཇུག་པའི་དོན། ཤ་འདྲུལ་རྒྱུ། དྲུལ་ནས་ལྟ་བུའོ།། དྲུལ་ནས་རུལ་བ་བྱུང༌།
༡) དྲུབས། ༢) དྲུབ། ༣) འདྲུབ། ༤) དྲུབས།
བྱེད་འབྲེལ། འཚེམ་དྲུབ་བྱེད་པའི་དོན། གོས་ལ་མེ་ཏོག་གཙགས་དྲུབ། ན་བཟའ་དྲུབ། དྲུབ་བྱ། འདྲུབ་བྱེད། དྲུབས་ནས་ལྟ་བུའོ།།
དྲེགས། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ང་རྒྱལ་བྱེད་པའི་དོན། དྲེགས་པ་སྡེ་བརྒྱད། ཁེངས་དྲེགས་ལྟ་བུའོ།། སྣོད་ཀྱི་དྲེག་པ་ལ་ས་མེད།
དྲེད། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། འཛེམ་དོགས་མེད་པའི་དོན། དྲེད་ཏོ། ཆོས་དྲེད་ཆོས་ཀྱིས་མི་ཐུལ་ལྟ་བུའོ།། དྲེད་མོ་དང་རྐང་པ་དྲེད་པའང་ཡོད་གསུངས།
འདྲིས། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ཡང་ཡང་གོམས་པའི་དོན། ས་མ་འདྲིས་བྱང་ཐང༌། འདྲིས་པོ་ཡོད་ལྟ་བུའོ།།
༡) འདྲེས། ༢) འདྲེ། ༣) འདྲེ།
བྱེད་མེད། དབྱེར་མེད་སོང་བའི་དོན། ཆུ་དང་འོ་མ་འདྲེས། མཉམ་དུ་འདྲེས་ལྟ་བུའོ།།
འདྲེགས། (གཟུགས་མི་འགྱུར་བ།)
བྱེད་མེད། མེ་སོགས་ཀྱིས་འཚིག་པའི་དོན། བག་ལེབ་འདྲེགས། འདྲེགས་དྲི་ནི་འཚིག་དྲིའོ།། ཡང་སྐྲ་འདྲེག་མཁན་དང་སེན་མོ་འདྲེག་སྤྱད་གསུངས་པའང་འདུག་པས་དཔྱད་དགོས།
༡) འདྲོངས། ༢) འདྲོང༌། ༣) འདྲོང༌།
བྱེད་མེད། འབྱོར་བའི་དོན། མ་འབྱོར་ན་འདྲོང་ཐབས་བྱ་དགོས། འདྲོངས་སོང་ན་ལྟ་བུ་དང༌། འདྲོང་པོ་ནི་དྲང་པོ་ལ་ཟེར་རོ། ངེས་ཤེས་འདྲོངས། ཚད་མས་ངེས་པ་དྲངས་པ་དང་འདྲོངས་པ་འདྲ་སྙམ།
འདྲེད། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། རྐང་པ་སོགས་འགྲེད་པའི་དོན། འཁྱགས་པ་ལ་འདྲེད། གངས་འདྲེད་ལྟ་བུའོ།།
༡) དྲངས། ༢) དྲང༌། ༣) འདྲེན། ༤) དྲོངས།
བྱེད་འབྲེལ། ལམ་སོགས་སུ་འཁྲིད་པའི་དོན། སྣ་འདྲེན། གདན་དྲངས། འདྲེན་མཁན། དྲང་བྱ། དྲངས་ནས། ཐར་པའི་ལམ་སྣ་དྲོངས་ལྟ་བུའོ།།
༡) འདྲོགས། ༢) འདྲོག ༣) འདྲོག
བྱེད་མེད། སྐྲག་ནས་བྱ་སྤྱོད་མི་བརྟན་པའི་དོན། རྟ་འདྲོག འདྲོག་མགོ་སློང༌། འདྲོགས་ནས་མཆོངས་ལྟ་བུའོ།།
༡) བརྡལ། ༢) རྡལ། ༣) རྡོལ། ༤) རྡོལ།
བྱེད་འབྲེལ། འགྲེམས་པའི་དོན། ཟོག་བརྡལ། གདལ་བ། བདལ་བ་འདྲ།
༡) བརྡར། ༢) བརྡར། ༣) རྡར། ༤) རྡར།
བྱེད་མེད། འདྲད་པའི་དོན། གྲི་བརྡར། རྡར་ཤ་གཅོད། དྲེག་པ་འདུག་ན་བརྡར་ནས་ཁྲུས། བརྡར། བདར་བཅས་འདྲའོ།།
རྡུམ། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ཕྲེད་གཅོད་བྱེད་པའི་དོན། མགོ་རྡུམ། མཇུག་རྡུམ་ལྟ་བུའོ།། ཕྲེད་གཏུབས་བྱས་ན་རྡུམ་པ་འོང༌།
༡) བརྡིབས། ༢) བརྡིབ། ༣) རྡིབ།
བྱེད་མེད། ཞིག་རལ་སོང་བའི་དོན། ཁང་པ་རྡིབ། རི་བོང་གནམ་རྡིབ་ལྟ་བུའོ།། བརྟིབས་ནས་རྡིབ་པ་འོང༌།
༡) བརྡུངས། ༢) བརྡུང༌། ༣) རྡུང༌། ༤) རྡུངས།
བྱེད་འབྲེལ། དབྱུག་པ་སོགས་བསྣུན་པའི་དོན། རྔ་བརྡུང་བཞིན། རྡུང་རྡེག རྡུང་མཁན། བརྡུང་བྱ། བརྡུངས་ནས་ལྟ་བུའོ།།
༡) བརྡེགས། ༢) བརྡེག ༣) རྡེག ༤) རྡེགས།
བྱེད་འབྲེལ། སེམས་ཅན་ལ་རྡུང་བའི་དོན། མི་ལ་བརྡེགས་སོང༌། ཁྱི་ལ་བརྡེགས་དགོས། རྔ་བརྡུང་བ་ཡོད་ཀྱང་རྡེག་པ་མེད། ཁྱི་ལྟ་བུ་ལ་རྡུང་རྡེག་ཁྱད་མེད་སྙམ།
༡) བརྡབས། ༢) བརྡབ། ༣) རྡེབ། ༤) རྡེབས།
བྱེད་འབྲེལ། ཕན་ཚུན་གཏུགས་པའི་དོན། ལག་པ་རྡེབ་བཞིན། བརྡབ་དགོས། བརྡབས་སོང༌། ཁྱེད་ཀྱིས་རྡེབས་ཤིག་ལྟ་བུའོ།།
༡) བརྡོལ། ༢) བརྡོལ། ༣) རྡོལ། ༤) རྡོལ།
བྱེད་མེད། བརྟིལ་ནས་རྡོལ་བའི་དོན། ཁུང་རྡོལ། ལྷམ་མཐིལ་རྡོལ། ཁུངས་བརྡོལ་སོང་ལྟ་བུའོ།།
བརྡོས།
བྱེད་མེད། སྟེང་དུ་ཡར་ཐོན་པའི་དོན། ཤ་མོ་བརྡོས། ཆུ་དབུ་བརྡོས་པ། ས་བོན་བཏབ་མེད་པར་གཅིག་གཅིག་ལ་འབྲེལ་ནས་སྐྱེ་བ་ལ་བརྡོས་པ་ཟེར།
༡) བལྡགས། ༢) བལྡག ༣) ལྡག ༤) ལྡགས།
བྱེད་འབྲེལ། ཐུག་པ་སོགས་ལྕེས་འབྱོག་པའི་དོན། ཕོར་བར་ལྕེས་བལྡགས། ལྕེས་བལྡགས་ནས་གཙང་མ་བཟོས་ལྟ་བུའོ།།
ལྡང༌། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ཡར་ལང་བའི་དོན། གཉིད་ལས་ལྡང༌། དྲི་ངད་ལྡང༌། ཡར་ལྡང་ལྟ་བུའོ།།
༡) ལྡུགས། ༢) ལྡུག ༣) ལྡུག ༤) ལྡུགས།
བྱེད་འབྲེལ། སྣོད་དུ་བླུགས་པའི་དོན། སྒམ་དུ་ལྡུག ཕོར་བར་ཇ་ལྡུགས། བླུག་པ་དང་འདྲ།
༡) བལྡད། ༢) བལྡད། ༣) ལྡད། ༤) ལྡོད།
བྱེད་འབྲེལ། སོས་འཐག་པའི་དོན། ཟས་བལྡད་དེ་ཟ། ཟས་གྱོང་པོ་བལྡད་དགོས་ལྟ་བུའོ།། ལྡད་པ། མུར་བ་བཅས་དོན་འདྲའོ།།
ལྡན། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ཡོད་པའི་དོན། སེམས་ལྡན། སྡོམ་ལྡན། སྐལ་ལྡན་ལྟ་བུའོ།།
ལྡུད། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། བཏུང་བ་བླུད་པའི་དོན། བླུད་དང་ལུད་འདྲ། རྟ་ལ་ཆུ་ལུད་ལྟ་བུའོ།།
༡) བལྡབས། ༢) བལྡབ། ༣) ལྡབ། ༤) ལྡོབས།
བྱེད་འབྲེལ། སྐྱར་ལྡབ་བྱེད་པའི་དོན། སྐད་ཆ་ལྡབ་བཞིན། ལྡབ་གཅིག ལྡབ་ལོག བལྡབ་ཟིན། ལྡོབས་ཤིག་ལྟ་བུའོ།།
༡) ལྡོབས། ༢) ལྡོབ། ༣) ལྡོབ།
བྱེད་མེད། གོམས་པའི་དོན། ལས་ཀ་ལྡོབ་དགོས། ལྡོབས་དང་ལོབས། ལྡོབ་དང༌། ལོབ་བཅས་འདྲ། བྱང་བའི་དོན་ནོ།།
ལྡིར། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། སྐད་ཆེར་རྒྱག་པའི་དོན། འབྲུག་སྐད་ལྡིར། ལྡིར་སྒྲ་ལྟ་བུའོ།།
ལྡིང༌། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ཡར་འཕགས་ནས་འཕུར་བའི་དོན། བྱ་ལྡིང༌། མཁའ་ལྡིང་ལྟ་བུའོ།།
༡) ལྡེས། ༢) ལྡེ། ༣) ལྡེ། ༤) ལྡེས།
བྱེད་འབྲེལ། ཚ་དྲོད་སྐྱེ་འཇུག་པའི་དོན། མེ་ལྡེས། ཉི་མ་ལྡེས་ལྟ་བུའོ།། མེ་དང་ཉི་མ་སྲོ་བ་དང་འདྲའོ།།
ལྡོག (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ལོག་པའི་དོན། གོ་ལྡོག ཕྱིར་མི་ལྡོག ལྡོག་ཐབས་མེད་ལྟ་བུའོ།།
ལྡོངས། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། མིག་ལོངས་པའི་དོན། ལྟ་བྱེད་མིག་ལྡོངས། ཉན་བྱེད་རྣ་བ་འོན་ལྟ་བུའོ།།
ལྡོན། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། ལན་འདེབས་པའི་དོན། ཕན་བཏགས་ལན་ལྡོན། གཏམ་ལ་ལན་ལྡོན་ལྟ་བུའོ།།
ལྡོམ། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། འཁྱམས་པའི་དོན། གྲུབ་ཆེན་ལྡོམ་བུ་པ། མི་ལྡོམ། ཁྱི་ལྡོམ་ལྟ་བུའོ།།
༡) བསྡིགས། ༢) བསྡིག ༣) སྡིག ༤) སྡིགས།
བྱེད་འབྲེལ། གཏམ་གྱིས་ཞེད་སྣང་བསྐུལ་བའི་དོན། སྡིགས་མཛུབ། སྡིག་ར་བསྐུལ། བསྡིག་བྱ། སྡིག་བྱེད་ལྟ་བུ་དང༌། ཇ་སྡིག ཟངས་སྡིག་ལྟ་བུ་ཡོད་དོ།།
༡) བསྡུས། ༢) བསྡུ། ༣) སྡུད། ༤) སྡུས།
བྱེད་འབྲེལ། ཕྱོགས་སྡུད་བྱེད་པའི་དོན། འབྱེད་པ་སྡུད། སྡུད་མཁན། བསྡུ་བྱ། བསྡུས་ཏེ། མདོར་བསྡུས། རྒྱས་སྡུད་ལྟ་བུ་དང༌། རུབ་པ། གསོག་པ། སྡུད་པ་འདྲའོ།།
༡) བསྡུམས། ༢) བསྡུམ། ༣) སྡུམ། ༤) སྡུམས།
བྱེད་འབྲེལ། འགྲིགས་མཐུན་བཟོ་བའི་དོན། བསྡུམས་ཏེ་འདུམ་པ་བྱུང༌། ཁ་མཆུ་བསྡུམ་དགོས། རྩོད་པ་བསྡུམས་ཟིན་ལྟ་བུའོ།།
༡) བསྡུར། ༢) བསྡུར། ༣) སྡུར། ༤) སྡུར།
བྱེད་འབྲེལ། རྒྱལ་ཕམ་མམ་ཧེ་བག་འབྱེད་པའི་དོན། ཡིག་ཚད་བསྡུར། གྲོས་སྡུར། འགྲན་སྡུར། བསྡུར་བྱ། སྡུར་བྱེད་ལྟ་བུ་དང༌། གྲངས་ཀ་བསྡུར། སྡུར་བ་དང་སྒྲུན་པ་འདྲའོ།།
༡) བསྡེབས། ༢) བསྡེབ། ༣) སྡེབ། ༤) སྡེབས།
བྱེད་འབྲེལ། མཉམ་དུ་སྦྱར་བའི་དོན། སྡེབ་སྦྱོར་ལེགས་མཛད། རྩོམ་འབྲི་སྐབས་ཚིག་བསྡེབ་དགོས། ང་གཉིས་བསྡེབས་ནས་འོང་ལྟ་བུའོ།།
༡) བསྡོས། ༢) བསྡོ། ༣) སྡོ། ༤) སྡོས།
བྱེད་འབྲེལ། ཉེས་ཁ་ལ་མི་འཛེམ་པའི་དོན། སྲོག་དང་བསྡོས་ནས་ལྟ་བུ་དང༌། བླ་མའི་སྐུ་ལ་བསྡོ་བ་ལྟ་བུ་རྒོལ་བ་དང་འགྲན་པའི་དོན་ནོ།།
༡) བསྡོགས། ༢) བསྡོག ༣) སྡོག ༤) སྡོགས།
བྱེད་འབྲེལ། སྡུད་པའམ་རུབ་པའི་དོན། འགྲོ་ཆས་སྡོགས། ལྷམ་ལ་སྡོག་པགས་བསྡོག་དགོས། ཐག་པ་ཡར་སྡོགས་ཤིག བསམ་གཏན་དང་པོ་ཉེ་བསྡོགས་ལྟ་བུའོ།། འགར་ར་མགོ་བྲིས་པའང་འདུག
༡) བསྡོངས། ༢) བསྡོང༌། ༣) སྡོང༌། ༤) སྡོངས།
བྱེད་འབྲེལ། མཉམ་དུ་གཤིབས་པའམ་འགྲོགས་པའི་དོན། སྡོང་གྲོགས། ཁོང་དང་བསྡོངས་ཏེ་འགྲོ་ལྟ་བུ་དང༌། ཡང་སྡོང་པོ་དང༌། མཆོད་མེའི་སྡོང་བུ། སྡོང་རས། སྡོང་རོ་ལྟ་བུ་ཡོད་དོ།།
༡) བསྡད། ༢) སྡོད། ༣ )བསྡད།
བྱེད་མེད། གནས་འཇུག་པའི་དོན། གྲལ་དུ་བསྡད། སྡོད་བཞིན། སྡོད་ཅིག་ལྟ་བུ་སྐུལ་ཚིག་གསུངས་པ་འདུག
༡) བསྡོམས། ༢) བསྡོམ། ༣) སྡོམ། ༤ )སྡོམས།
བྱེད་འབྲེལ། མཉམ་དུ་རྩིས་པའི་དོན། གྲངས་སྡོམས་ཤིག སྡོམ་མཁན། བསྡོམ་རྒྱུ། བསྡོམས་ནས་ལྟ་བུ་དང༌། སྡོམ་པ་ལྟ་བུའང་ཡོད།
སྡང༌། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། མི་དགའ་བའི་དོན། ཞེ་སྡང༌། སྡང་སེམས། ཆགས་སྡང་ལྟ་བུའོ།།
སྡར། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། སྐྲག་པའི་དོན། མི་སྡར་མ། དགྲ་ལ་སྡར་ལྟ་བུའོ།།
༡) བསྡམས། ༢) བསྡམ། ༣) སྡོམ། ༤) སྡོམས།
བྱེད་འབྲེལ། འཆིང་བའི་དོན། གླེགས་བམ་བསྡམ་དགོས། ཐག་པས་བསྡམས། སྒྲིག་ལམ་བསྡམས། དམ་པོར་སྡོམས་ལྟ་བུའོ།།
ན་ཡི་སྡེ་ཚན།
༡) ནུས། ༢) ནུ། ༣) ནུ། ༤) ནུས།
བྱེད་འབྲེལ། ནུ་མ་བརྡུངས་ནས་འཇིབ་པའི་དོན། ནུ་མ་ནུས། ནུས་ནས་ལྟ་བུའོ།།
ནུབ། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། མེད་པར་སོང་བའི་དོན། ཉི་མ་ནུབ། སྲོལ་ནུབ། ནུབ་ཕྱོགས། བསྣུབས་ནས་ནུབ་པ་བྱུང་ལྟ་བུའོ།།
ནུར། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། གོ་ས་འགྱུར་ལྡོག་གཏོང་བའི་དོན། ཕྱིར་ནུར། ནུར་ནས་འགྲོ། ནུར་ནུར་པོ་ལྟ་བུའོ།།
ནུས། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ཐུབ་པའི་དོན། བྱེད་ནུས། བཤད་ནུས། ནུས་མཐུ་ཡོད་ལྟ་བུའོ།།
ནོངས། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ནོར་བའི་དོན། རང་གིས་མ་ནོངས་ན་ཉེས་ཆད་མི་ཕོག ནོངས་པ། མི་མངའ་བ་ལྟ་བུའོ།།
ནོད། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། རྙེད་པའི་དོན། སྡོམ་པ་ནོད། གདམ་ངག་ནོད་ལྟ་བུའོ།། ཐོབ་པའི་དོན།
༡) མནན། ༢ )གནན། ༣) གནོན། ༤)ནོན།
བྱེད་འབྲེལ། འོག་ཏུ་གནོན་པའི་དོན། གངས་ཀྱིས་མནན། གནོན་བྱེད། གནན་བྱ། མནན་ཏེ། སྲི་གནོན། ཟིལ་ནོན་ལྟ་བུའོ།།
མནལ། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། གཉིད་ཉལ་བའི་ཞེ་ས། གཟིམས་པ་མནལ་བ་འདྲའོ།།
༡) མནམ། ༢) མནམ། ༣) ནམ། ༤) ནོམས།
བྱེད་འབྲེལ། བྱུག་བྱུག་བྱེད་པའི་དོན། ལུས་ལ་མནམ། ལག་ནོམས་ཀྱིས་མི་གཙང་བ་ཆགས་ལྟ་བུའོ།།
༡) མནབས། ༢) མནབ། ༣) ནབ། ༤)ནབས།
བྱེད་འབྲེལ། གོས་གྱོན་པའི་ཞེ་ས་ཡིན། ན་བཟའ་མནབ། ཞྭ་མོ་ནབ་བཞིན། ན་བཟའ་སྣམ་པ། ནབ་པ་འདྲ། བསྣམས་པ། མནབས་པ་འདྲའོ།།
ནོར། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། འཆུགས་པའི་དོན། ལམ་ནོར། ནོར་འཁྲུལ། འགྲོ་སྟངས་ནོར་ལྟ་བུའོ།།
གནག (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ནག་པོར་གྱུར་པའི་དོན། གནག་ཕྱུགས། གདོང་གནག་ལྟ་བུའོ།།
གནང༌། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། སྟེར་བའི་ཞེ་ས་ཡིན། རྔན་པ་གནང༌། དབང་གནང་ལྟ་བུའོ།།
གནས། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། འཚོ་བའི་དོན། གསོན་པོར་གནས། ཆུར་གནས། སར་གནས་ལྟ་བུའོ།།
༡) མནོས། ༢) མནོ། ༣) མནོ། ༤) མནོས།
བྱེད་འབྲེལ། བསམ་པའི་དོན། བསམ་མནོ་ཐོངས། སེམས་ལ་མནོས་ནས་ལྟ་བུ་དང༌། ཡིད་ལ་མནོས་ལྟ་བུའོ།།
གནོང༌། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། འཛེམ་པའི་དོན། རང་ནོངས་ལ་གནོང༌། གནོང་ངོ་ལེན་ལྟ་བུའོ།།
གནོད། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། གྱོང་གུད་གཏོང་བའི་དོན། གཞན་ལ་གནོད། གནོད་པ་བྱེད་ལྟ་བུའོ།།
༡) བརྣབས། ༢) བརྣབ། ༣) རྣབ།
བྱེད་མེད། གཞན་ནོར་ལ་སྲེད་ཞེན་སྐྱེ་བའི་དོན། རྣབ་སེམས། བརྣབ་བྱ། གཞན་གྱི་ཕུན་ཚོགས་ལ་བརྣབས་ནས་ལྟ་བུའོ།།
༡) བརྣན། ༢) བརྣན། ༣) རྣན། ༤) རྣོན།
བྱེད་འབྲེལ། ངེས་བཟུང་ངམ། ནན་ཏན་བྱེད་པའི་དོན། ལས་ལ་བརྣན་དགོས། ནི་ནི་དགར་དང་རྣོན་པའི་སྒྲ། ཡིག་བྲིས་ལ་རྣོན་ཅིག་ལྟ་བུའོ།།
༡) བརྣགས། ༢) བརྣག ༣) རྣོག ༤) རྣོགས།
བྱེད་འབྲེལ། འཁོན་སེམས་འཆང་བའི་དོན། བརྣག་སེམས། ཡིད་ལ་བརྣག རྣག་བཞིན་པ། བརྣག་བྱ། བརྣགས་ཏེ། རྣོགས་ཤིག བརྣག་པོ་མ་བྱེད་ལྟ་བུའོ།།
༡) བརྣངས། ༢) བརྣང༌། ༣) རྣོང༌། ༤) རྣོངས།
བྱེད་འབྲེལ། མིད་པར་ཟས་ཐར་དཀའ་བའི་དོན། ཟས་བརྣངས། རུས་པ་རྣངས། ཟས་བརྣངས་ནས་ཨིག་དང་ཧིག་སྒྲ་འབྱུང་ལྟ་བུའོ།།
སྣང༌། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། སེམས་ལ་འཆར་བའི་དོན། མཐོང་སྣང༌། སྣང་བ་སྐྱིད་པོ། སྣང་ཚུལ། སྣང་སྟོང་ལྟ་བུའོ།།
༡) བསྣད། ༢) བསྣད། ༣) བསྣད། ༤)སྣད།
བྱེད་མེད། ལུས་རྨས་པའི་དོན། དམག་སར་བསྣད། རྡེབ་སྐྱོན་གྱིས་བསྣད་ལྟ་བུའོ།།
༡) བསྣུན། ༢) བསྣུན། ༣) སྣུན། ༤) སྣུན།
བྱེད་འབྲེལ། རྒྱག་པའི་དོན། མཚོན་བསྣུན། མགོ་ལ་དབྱུག་པ་བསྣུན། སྣུན་མཁན། བསྣུན་བྱ། བསྣུན་ནས་ལྟ་བུའོ།།
༡) བསྣུབས། ༢) བསྣུབ། ༣) སྣུབ། ༤) སྣུབས།
བྱེད་འབྲེལ། མངོན་མེད་དུ་བྱེད་པའི་དོན། ཆོས་བསྣུབས། བསྟན་པ་བསྣུབས། སྲོལ་བསྣུབས་ལྟ་བུའོ།།
༡) བསྣེམས། ༢) བསྣེམ། ༣) སྣེམ། ༤) སྣེམས།
བྱེད་འབྲེལ། ནེམ་ནེམ་བྱེད་འཇུག་པའི་དོན། འབྱིག་གདན་གྱིས་བསྣེམས་སོང༌། སྟན་འདི་སྣེམ་བཞིན་འདུག་ལྟ་བུའོ།།
༡) བསྣུར། ༢) བསྣུར། ༣) སྣུར། ༤)སྣུར།
བྱེད་འབྲེལ། སྔར་འཐེན་ཕྱིར་འཐེན་བྱེད་པའི་དོན། ཚོགས་འདུ་དུས་ཚོད་སྔར་སྣུར། ཕྱིར་སྣུར་མེད། བསྣུར་ནས་ནུར་བ་བྱུང་ལྟ་བུའོ།།
༡) བསྣོས། ༢) བསྣོ། ༣) སྣོ། ༤) སྣོས།
བྱེད་འབྲེལ། བརྫིས་པའི་དོན། གྲོ་ཞིབ་བསྣོ་དགོས། བསྣོས་ཏེ་བག་ལེབ་བཟོ། སྤག་སྣོ་བཞིན། ད་དུང་སྣོས་ཤིག་ལྟ་བུའོ།།
༡) བསྣོགས། ༢) བསྣོག ༣) སྣོག ༤) སྣོགས།
བྱེད་འབྲེལ། གྲངས་སོགས་ལ་ཧམ་པ་བྱེད་པའི་དོན། གྲངས་ཀ་སྣོག་མི་རུང༌། གོ་རིམ་མ་སྣོགས། འདི་ར་མགོ་བྲིས་པའང་འདུག་པས་ཁྱད་མེད་ཡིན་སྙམ། འཁྲུག་འཇུག་པའི་དོན་ནོ།།
༡) བསྣར། ༢) སྣར། ༣) སྣོར།
བྱེད་འབྲེལ། རིང་དུ་གཏོང་བའི་དོན། ཐག་པ་བསྣར་དགོས། ལྕགས་བརྡུངས་ཏེ་བསྣར། བསྣར་ན་རིང་དུ་སོང་ལྟ་བུའོ།།
༡) བསྣོན། ༢) བསྣོན། ༣ )སྣོན། ༤) སྣོན།
བྱེད་འབྲེལ། མང་དུ་གཏོང་བའི་དོན། ཆུ་བསྣོན་དགོས། གྲངས་སྣོན་བཞིན། མ་འདང་ན་སྣོན་པ་དགོས། བསྐྱར་སྣོན་བྱེད་ལྟ་བུའོ།།
༡) བསྣམས། ༢) བསྣམ། ༣) སྣམ། ༤) སྣོམས།
བྱེད་འབྲེལ། དྲི་མ་སྣམ་པ་དང་འཁྱེར་བའི་ཞེ་ས་ཡིན། སྤོས་དྲི་བསྣམས། སྣམ་བྱེད་སྣ། བསྣམ་བྱ་དྲི། བསྣམས་ནས། ཕྱག་ཏུ་བསྣམས། སྣོམས་རོགས་གནང༌། དངུལ་བསྣམ་སོང་ལྟ་བུའོ།། ད་ལྟ་བར་སྣོམ་བྲིས་པ་འདུག མནབས་པ། ནབ་པ། ནབས་པ་སོགས་དང་འདྲའོ།།
༡) བསྣོར། ༢) བསྣོར། ༣) སྣོར། ༤) སྣོར།
བྱེད་འབྲེལ། ནོར་དུ་འཇུག་པའི་དོན། གྲངས་བསྣོར་ཏེ་ནོར་སོང༌། མ་བསྣོར་བར་བྱེད་དགོས། བསྣོ་བ་ལ་ལ་དོན་སྦྱར་ཚུལ་ཀྱང་ཡོད། བསྣོར་འཇུག བསྣོར་ཏུ་འཇུག་ལྟ་བུ་ཡིན།
༡) བསྣོལ། ༢) བསྣོལ། ༣) སྣོལ། ༤) སྣོལ།
བྱེད་འབྲེལ། ཕན་ཚུན་རྩེགས་པའམ་སྦྱར་བའི་དོན། ཆིངས་ཡིག་བསྣོལ་འཇུག མཇེང་པ་བསྣལ་ཏེ། གོས་ཀྱི་ཐུ་བ་བསྣོལ་དགོས། ལག་གཉིས་གྲང་ལ་སྣོལ་བཞིན་ལྟ་བུའོ།།