༡༽    ལོ་འདིར་ཤེས་རིག་ལས་ཁུངས་ཀྱིས་སྤྱི་ཡོངས་གཟིགས་སྐྱོང་འོག་སློབ་གྲྭ་ཆེ་ཆུང་ཁྱོན་བསྡོམས་༨༢ ༼བོད་སློབ་འཛིན་ཚོགས་ཁོངས་ཤེས་རིག་ལས་ཁུངས་ཀྱིས་དངོས་སུ་གཟིགས་ཞིབ་དགོས་པ་གཏན་ཉིན་སློབ་གྲྭ་ ༣༥ དང༌། ཤེས་རིག་ལས་ཁུངས་ཀྱིས་ཐད་ཀར་འཛིན་སྐྱོང་སྟངས་འཛིན་འོག་གཏན་ཉིན་སློབ་གྲྭ་༣༤ ཟུར་སྐྱོང་སློབ་ཁག༌༡༣༽ཡོད་པའི་ནང་སློབ་ཕྲུག་ཁྱོན་བསྡོམས་ ༡༨༥༨༥ དང༌། དགེ་རྒན་ལས་བྱེད་ཁྱོན་བསྡོམས་ ༡༠༧༨ ཡོད།
༢༽    ལོ་འདིར་མ་སུ་རི་དང༌། རྡོར་གླིང༌། ཌལ་ཧོར། མའི་སོར་བྷེལ་ཀོབ་གཞིས་སློབ་བཅས་ནས་འཛིན་རིམ་ ༡༢ པའི་ཡིག་རྒྱུགས་ནང་ཞུགས་མཁན་ ༧༢ ཡོད་ཅིང༌། དེའི་ཁོངས་ནས་ཨང་སྡེ་དང་པོ་ ༨ དང༌། ཨང་སྡེ་གཉིས་པ་ ༤༥ ཨང་སྡེ་གསུམ་པ་ ༩ སློབ་ཚན་གཅིག་བསྐྱར་རྒྱུགས་གཏོང་དགོས་ ༨ ཡིག་རྒྱུགས་མ་འཕྲོད་པ་ ༢ བཅས་བྱུང༌། གོང་གསལ་ཁོངས་ནས་ཨང་རིམ་མཐོ་གྲས་རྣམས་དང་གཟུགས་བབས་ཀྱི་ཆ་ནས་དང་སློབ་ནང་མ་ཚུད་པ་རྣམས་ཕུད་དེ་མིན་ཡོངས་རྫོགས་དང་ཞབས་སུ་བཏང༌།
༣༽    ལོ་འདིའི་ནང་ཕྱི་ནང་རོགས་ཚོགས་ཁག་ལ་འབོད་སྐུལ་ཞུས་འབྲེལ་འཛིན་རིམ་༡༢ ཐོན་རྗེས་མཐོ་རིམ་སློབ་སྦྱོང་གི་སློབ་ཡོན་ཁྱོན་བསྡོམས་ ༡༠༨ ཐབས་འཚོལ་ཐུབ་པ་བྱུང༌། གོང་གསལ་སློབ་ཡོན་རོགས་རམ་ཐོབ་པ་རྣམས་དང་སློབ་ཁོངས་རྒྱལ་ཞབས་སློབ་སྐྱོད་ཁོངས་ནས་ལོ་དུས་རྫོགས་ཏེ་རྩ་དགོངས་བྱུང་བ་དང༌། ལོ་འདིར་འཛིན་རིམ་ ༡༢ པའི་ཡིག་རྒྱུགས་ནང་ཨང་རིམ་མཐོ་གྲས་ཁག་ལ་བགོས་འགྲེམས་བྱས། དེ་ཡང་གཙུག་ལག་རབ་འབྱམས་པ་དང༌། ཉེ་བའི་གཙུག་ལག་རབ་འབྱམས་པ། སྨན་ཞབས། དགེ་འོས། ཤེས་ཡོན་སློབ་སྟོན་པ། དྲུང་ཡིག སྨན་པ། རི་མོ། ལྷ་བྲིས། འབག་བཟོ། རུམ་འཐག ཤིང་དཀྲུག་སོགས་སློབ་སྦྱོང་གི་ཆེད་དུ་ཁྱོན་བསྡོམས་སློབ་ཕྲུག༌༡༠༨ ལ་སློབ་ཡོན་གནང༌།
༤༽    འདི་ལོ་རྒྱ་གར་ནང་གསར་བཙས་བོད་ཕྲུག་གཏན་སློབ་ཁག་ཏུ་ཚུད་ཐབས་སུ་སློབ་ཡོན་རོགས་རམ་ཐབས་འཚོལ་ཞུས་འབྲས་སུ་ཁྱོན་བསྡོམས་ཕྲུ་གུ་ ༤༣༧ ལ་སློབ་ཡོན་ཐབས་འཚོལ་ཐུབ་པ་བྱུང་བ་ལྟར་སློབ་ཕྲུག་ཁྱོན་བསྡོམས་ ༤༦༩ གཏན་སློབ་དང་ཉལ་ཁང་ཡོད་པའི་ཉིན་སློབ་ཏུ་སློབ་འཇུག་བྱས།འདིའི་ཁོངས་ཕ་མ་རང་ངོས་ནས་སློབ་ཡོན་ཆ་ཚང་སྒྲུབ་འབུལ་ཞུས་པའང་ཚུད།
༥༽    ནོར་ཝེ་ ྔཏྲཎརྣརྟདྲརྣཎསྤྲདྲཎརྣ སྐྲདདྲརྡརྟ ྔསྣྲྣརྣཔྲྣཔྱ ཁྲྣསྤྱརྣརྟཎྤདྲྣརྣ ཞེས་པས་བོད་ཕྲུག ༤༣ ལ་ཟླ་རེར་སྒོར་ ༤༥ རེ་རོགས་རམ་གནང་མུས་ཐོག་ཡང་བསྐྱར་སློབ་ཕྲུག ༡༠༧ ལ་རོགས་རམ་གསར་འཚོལ་གནང་རྒྱུའི་ཞལ་བཞེས་བྱུང༌། སུད་ཌན་རོགས་ཚོགས་ཤིག་གིས་ནང་སྲིད་ལས་ཁུངས་བརྒྱུད་བོད་ཕྲུག༌༣༠ ལ་སློབ་ཡོན་རོགས་རམ་གནང་མུས་དེ་ལས་དོན་འབྲེལ་ཆགས་ཤེས་རིག་ཡིན་པའི་ཆ་ནས་ ༡༩༨༤ ཟླ་ ༨ ཚེས་ ༣༡ ནས་བཟུང་ཤེས་རིག་ལ་ཟླ་བསྒྲིལ་བྱུང༌།
༦༽    སིམ་ལའི་ཕུ་ཁ་ར་པ་ཐར་སློབ་གྲྭའི་རྒྱུན་གྲོན་ཆེད་ཤེས་རིག་ནས་དབྱིན་ཡུལ་བྱིས་ཚོགས་ལ་འབོད་སྐུལ་ཞུས་དོན་ལྟར་ཧིན་སྒོར་ ༣༣༦༤༩།༦༢ དང༌། དེ་བཞིན་སོའོ་ལན་བོན་གཞིས་མཚན་ཉིད་སློབ་གྲྭའི་འཚོ་བའི་དམིགས་རྟེན་བ་ཕྱུགས་ལྔ་ཡོད་པ་འཇོག་ཡུལ་ཕྱུགས་གསོ་ཁང་གསར་རྒྱག་ཆེད་ཧིན་སྒོར་ ༤༦༥༧༥ གོང་གསལ་རོགས་ཚོགས་ཀྱིས་གནང་སོན་བྱུང༌།
        དེ་བཞིན་ལོ་སྔོན་མའི་ལས་བསྡོམས་ནང་གསལ་ལྟར་ས་ཊོན་ཁམས་ཀཿཐོག་གཞིས་སློབ་ཏུ་འཛིན་ཁང་འཕར་རྒྱག་སོགས་ཀྱི་དགོས་དངུལ་སྒོར་ ༧༣༠༠༠ གོང་གསལ་རོགས་ཚོགས་ནས་གནང་འབྱོར་ལྟར། གཞིས་འགོ་གསར་པར་རྩིས་སྤྲོད་བྱས་ཏེ་ཨར་ལས་ཕལ་ཆེར་གྲུབ་ཉེར་གནས་ཤིང༌། འདི་ལོ་ཡང་བསྐྱར་རོགས་དངུལ་ཧིན་སྒོར་ ༡༡༩༨༡ གནང་སོན་བྱུང༌།
༧༽    སྤོན་ཊ་སློབ་གྲྭ་དབྱར་ཁ་ཚ་བ་ཆེ་ཞིང་སྡོད་ཁང་ཐོག་འགེབས་ལྕགས་ཤོག་རྐྱང་པ་ལས་ཐོག་པང་མེད་ཐོག ཚ་སྐྱོབས་རླུང་འཁོར་ཆུང་ངུ་ཞིག་ལས་མེད་པར་བརྟེན། དབྱིན་ཡུལ་ཨེམ་ཀེ་ ཌིན་དགེ་རྩ་ཚོགས་པར་འབོད་སྐུལ་བྱས་ཏེ་ཐོག་པང་དང༌། རླུང་འཁོར་ཉོ་ཆེད་ཧིན་སྒོར་ ༢༢༤༡༧ གནང་སོན་བྱུང་བའི་ཐོག་ཤེས་རིག་ལས་ཁུངས་ནས་ཧིན་སྒོར་ ༡༩༢༩༣ ཁ་སྣོན་ཞུས་ཏེ་ཐོག་པང་བསྒར་བ་དང་རླུང་འཁོར་བཙུགས་པ་དེས་སློབ་ཕྲུག་ལ་ཕན་ཐོགས་ཆེན་པོ་བྱུང༌།
༨༽    བལ་ཡུལ་རྣམ་རྒྱལ་སློབ་གྲྭར་སློབ་འཇུག་བྱེད་མཁན་ཧ་ཅང་མང་བར་བརྟེན་ད་ཡོད་ཉལ་ཁང་དང་འཛིན་ཁང་ནང་ཤོང་ཐབས་བྲལ་བས། འདི་ལོ་འཛིན་ཁང་གསུམ་དང་ལས་ཤག་ཁང་མིག་བཞི། བུ་དང་བུ་མོའི་ཁྲུས་ཁང་དང་གསང་སྤྱོད་སོ་སོ། ཉལ་ཁང་རྒྱ་སྐྱེད། ཞལ་ལག་མཆོད་ཁང༌། འཛིན་ཆས་གསར་སྒྲུབ་བཅས་བྱས་པར་འགྲོ་སོང་བལ་སྒོར་ ༣༡༦༨༢༣།༡༣ ཤེས་རིག་ལས་ཁུངས་ཀྱིས་བཏང༌།
༩༽    ལོ་སྔོན་མའི་ལས་དོན་ནང་གསལ་བ་བཞིན། བལ་ཡུལ་འཇོ་ཁེལ་གཞིས་སློབ་ཆེ་བ་དེ་བལ་ཡུལ་གཞུང་འཛིན་ཁོངས་ཚུད་ཟིན་སྟབས། ཁང་གླ་སྤྲད་དེ་སློབ་གྲྭ་ཟུར་འཛུགས་བྱས་ཡོད། འོན་ཀྱང་འདི་མུར་རྒྱུན་རིང་འཁྱོལ་ཐབས་མེད་པར་བརྟེན་འདི་ལོ་གཞིས་ཁོངས་ནས་ས་ཆ་ཆེད་འབུལ་བྱུང་བའི་ཐོག་འཛིན་ཁང་དྲུག་གསར་རྒྱག་གི་ཨར་ལས་འགོ་འཛུགས་བྱས་ཏེ་མཇུག་སྒྲིལ་ཟིན་ཉེར་གནས། འགྲོ་གྲོན་ཤེས་རིག་ལས་ཁུངས་ཀྱིས་མི་སབ་སྦུ་སེག་ལ་ཞུས་ཏེ་སྔ་འཕྲོས་སྒོར་ ༤༢༢༥༥ གནང་ཞིང༌། ད་དུང་སྒོར་༥༧༢༧༥ གནང་རྒྱུ་ཞལ་བཞེས་ཡོད། འཕྲོས་བལ་སྒོར་ ༡༠༠༥༣༠ ཤེས་རིག་ལས་ཁུངས་ཀྱིས་སྐྱེད་མེད་བུན་གཡར་བྱས་ཐོག དངུལ་འབབ་འདིར་ཕན་པའི་རོགས་རམ་ཐབས་འཚོལ་བྱ་རྒྱུའི་འཆར་གཞི་བཀོད།
༡༠༽    བལ་ཡུལ་སློབ་ཁག ༡༣ ཡོངས་རྫོགས་ཀྱི་འཛིན་སྐྱོང་འགན་ཁུར་གཙོ་བོ་ཤེས་རིག་ལས་ཁུངས་ཀྱིས་བྱ་རྒྱུར་ཐག་གཅོད་བྱུང་བ་ལྟར། སློབ་གྲྭའི་སྔོན་རྩིས་འགྲོ་གྲོན་འཆར་སྒྲིག་གིས་སུད་ཌན་ཨའི་ཨེམ་རོགས་ཚོགས་ལ་ཞུས་ཏེ།
        ཀ༽ གློ་ཚེ་རོགས་སློབ་གྲྭ་བལ་སྒོར་             ༣༣༨༩༢།༧༠
        ཁ༽ སྤོག་ར་བཀྲ་ཤིས་གླིང་སློབ་གྲྭར་བལ་སྒོར་         ༡༤༣༤༠།༨༠
        ག༽ ཤར་ཁུམ་སློབ་གྲྭར་བལ་སྒོར་             ༧༤༢༦
        གོང་གསལ་རྣམས་བསྡོམས་བལ་སྒོར་         ༥༥༦༥༩།༥༠ སློབ་གྲྭ་སོ་སོར་གནང༌།
༡༡༽    ལྡི་ལི་བོད་སྒར་ཉིན་སློབ་ལ་ཧིན་སྒོར་ ༢༧༥༣༠ གནང༌།
༡༢༽    ལྡི་ལི་ཁུལ་སློབ་སྦྱོང་བྱེད་མཁན་བོད་ཕྲུག་ཚོར་སྤྱི་ཡོངས་ལྟ་རྟོག་འགན་ཁུར་ལྡི་ལི་ཤེས་རིག་ལས་འཛིན་གྱིས་གནང་གཏན་འཁེལ་ཏེ། ཤེས་རིག་ལས་ཁུངས་དང་བོད་ཁྱིམ་ཁག་གཉིས་ཀྱིས་ལྡི་ལི་ཁུལ་བོད་ཕྲུག་ལ་གནང་མུས་མཐོ་རིམ་སློབ་ཡོན་རྣམས་ལྡི་ལི་ཤེས་རིག་ལས་འཛིན་བརྒྱུད་གཏོང་རྒྱུར་ཐག་ཆོད།
༡༣༽    ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཤེས་རིག་ལས་ཁུངས་ནས་བགོ་སྐལ་ལས་དོན་ཞུ་སྒོ་མཐའ་དག་གེགས་མེད་ཡར་རྒྱས་ཡོང་ཐབས་སྐོར་ཐུགས་དམ་འབུལ་ལམ་ཞུས་པའི་བཀའ་ཕྱིར་ཕེབས་དགོངས་དོན། སྤྱི་སྒོས་བསོད་ནམས་གསོག་ཐབས་སུ་བླ་མ་དགེ་བཤེས་ཉམས་མྱོང་ཅན་འཆད་ཐབས་ལ་མཁས་ཤིང༌། སྤྱི་མོས་དད་བཀུར་ཆེ་བ་གནས་དུས་རེས་བསྐོར་གྱིས་གཏན་ཉིན་སློབ་གྲྭ་ཁག་ནང་དགེ་སྐུལ་སློབ་གསོ་བྱེད་པར་ཕེབས་ཐབས་འཆར་འགོད་བྱེད་དགོས་ཞེས་བཀའ་སློབ་ཟབ་མོ་སྤྱི་ཕེབས་བཞིན། འབྲེལ་ཡོད་ཆོས་རིག་ལས་ཁུངས་ནས་བླ་མ་དགེ་བཤེས་གང་ན་སུ་བཞུགས་དམིགས་འཛུགས་ཞུས་སྩལ་བྱུང་བ་གཞིར་བཟུང་དམིགས་བསལ་གསུང་སྐུལ་ཞུས་ཏེ་སློབ་གྲྭ་གུང་གསེང་འཁེལ་རིགས་ཕུད། དེ་བྱིངས་ལ་ས་བབས་ལག་ལེན་རྒྱུན་འཁྱོངས་ཞུ་མུས་སུ་གནས།
༡༤༽    འབྲས་ལྗོངས་གཞུང་གིས་བར་ལམ་འབྲས་ལྗོངས་ཁུལ་གྱི་བོད་མིའི་སློབ་གྲྭ་ཁག་གི་ནང་བོད་ཡིག་འབྲི་ཀློག་གིས་མཚོན་སློབ་རྒྱུན་མཚམས་འཇོག་གིས་འབྲས་ལྗོངས་ལྷོ་པའི་ཡི་གེ་སློབ་ཁྲིད་བྱས་པར་བརྟེན། ཤེས་རིག་དྲུང་གཞོན་དངོས་གྲུབ་ཚེ་རིང་དེ་ཁུལ་ཆེད་བསྐྱོད་སྐབས་འབྲས་ལྗོངས་ཤེས་རིག་དྲུང་ཆེ་ངོ་མཇལ་ཐོག་བོད་ཕྲུག་ལ་བོད་ཡིག་སློབ་ཁྲིད་ཀྱི་ལམ་སྲོལ་སྔར་གནས་ཡོང་བའི་འབོད་སྐུལ་ཞུས་པར་ངག་ཐོག་ཞལ་བཞེས་བྱུང་དོན་ཡིག་ཐོག་ཏུ་ཞུ་ལེན་དགོས་པའི་ལས་དོན་དོན་གཅོད་བྱམས་བརྩོན་དང་སྐྱིད་སྦུགས་ལགས་གཉིས་ལ་བཀོད་མངགས་ཞུས།
༡༥༽    ལོ་ཤས་ནས་དབུས་བོད་སློབ་འཛིན་ཚོགས་སུ་འབོད་སྐུལ་རིམ་པར་བྱས་འབྲས་སུ་འདི་ལོའི་ཕྱི་ཟླ་ ༡༠ ནང་རྒྱ་གར་ནང་གི་བོད་མིའི་སློབ་གྲྭ་རྣམས་བྱང་ཤར་ལྷོ་གསུམ་གྱི་སྡེ་ཚན་གསུམ་ལ་ཆ་བགོས་ཀྱིས་རིག་རྩལ་རྩེད་རིགས་འགྲན་བསྡུར་ཐེངས་དང་པོ་དེ་བྱས། དེས་སློབ་ཕྲུག་ཚོའི་ལུས་རྩལ་དང་མཐོང་རྒྱ་སོགས་ལ་ཕན་ཐོགས་ཆེན་པོ་བྱུང༌།
༡༦༽    ཤེ་ལོང་གི་བོད་མི་ཚོའི་རེ་སྐུལ་གཞིར་བཟུང་ཤེས་རིག་གིས་དེ་ཁུལ་ཉིན་སློབ་ཅིག་གསར་འཛུགས་བྱས་ཡོད་རུང་ལས་ཤག་དང་རང་བདག་ས་ཆ་མེད་པའི་དཀའ་ངལ་དངོས་འཕྲད་ལ་སོང༌། མའི་སོར་མ་ར་ཌ་ཚོགས་པར་འབོད་སྐུལ་ཞུས་འབྲས་འཆར་གསལ་ཕི་ཊི་གྲུ་བཞི་མ་ ༡༢༠༠༠ ཐམ་པའི་ས་ཆར་ཁང་མིག་ཆེ་ཆུང་ ༢༤ ཅན་གྱི་ཁང་ཆེན་ ༡ ཡིག་ཚང་ལས་ཤག་སོགས་ཁང་མིག ༥ ཡོད་པའི་ཁང་འབྲིང་ ༡ ཐབ་ཚང་ ༡ གསང་སྤྱོད་ཁྲུས་ཁང་སོགས་ཡོད་པ་ཚང་མར་སློབ་གྲྭའི་དགོས་མཁོ་དང་འཚམས་པའི་ཉམས་གསོ་ལེགས་བཅོས་ཀྱི་རོགས་རམ་ཆ་ཚང་བ་གནང་སོན་བྱུང་ཞིང༌། ལོ་འདིའི་ཟླ་བ་ ༡༡ ཚེས་ ༢༡ ཉིན་སློབ་གྲྭ་སྒོ་འབྱེད་བྱས།
༡༧༽    ཕྱི་ལོ་༡༩༨༤ ཟླ་ ༥ ཚེས་ ༡ ཉིན་ཤེས་རིག་ཟློས་གར་དུ་མེ་སྐྱོན་ཆེན་པོ་བྱུང་བར་གོས་ཕོགས་དང༌། ཧིན་སྒོར་ ༥༠༠༠ ཞལ་འདེབས་ཐོག ལས་ཤག་གསར་རྒྱག་གི་ཆེད་དུ་རྒྱན་ཤོག་དེབ་གྲངས་ ༣༨ ཚོང་བསྒྱུར་མགོ་འདོན་བྱས།
༡༨༽    ལོ་འདིར་རང་གཞུང་བཀའ་ཤག་ལ་གྲོས་འདོན་ཞུས་པ་ལྟར་བཀའ་ཤག་ནས་ཆེས་མཐོའི་ཤེས་རིག་ཚོགས་འདུ་ཞིག་བསྐྱངས་ཤིང༌། དེའི་ཐོག་གལ་ཆེའི་གནད་དོན་མང་པོར་བཀའ་བསྡུར་བྱུང་བའི་ནང་ནས་གལ་འགངས་ཆེ་ཤོས་ཀྱི་སྲིད་བྱུས་ཤིག་ནི་བོད་མི་རང་ངོས་ནས་འཛིན་སྐྱོང་འགན་ཁུར་ཆ་ཚང་ཅན་གྱི་སློབ་གྲྭ་གང་མང་གསར་འཛུགས་དང་རྒྱ་སྐྱེད་བྱ་རྒྱུར་དགོངས་མཉམ་བྱུང༌།
 

Menu