ཟླ་རེའི་གསར་འགྱུར།

༢༠༢༡ ལོའི་བར་བཞག་སློབ་ཡོན་གསལ་བསྒྲགས།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅུ་གཉིས་ཚན་རིག་སློབ་ཚན་ཐོན་སྟེ་ལོ་གཅིག་གི་རིང་སློབ་མཚམས་འཇོག་མཁན་སློབ་ཕྲུག་གྲངས་ ༡༠  ལ་ ཕྱི་ལོ་ ༢༠༢༡  ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་སྨན་པ་  (MBBS) དང་ (Engineering) གཉིས་ཀྱི་ཚུད་རྒྱུགས་གྲ་སྒྲིག་གི་སློབ་ཡོན་གནང་རྒྱུ་ཡིན་པ་དང་། འཚང་སྙན་རྣམས་གཤམ་གསལ་དྲ་ལམ་སྦྲེལ་ཐག་བརྒྱུད་ཕྱི་ལོ་ ༢༠༢༡  ཟླ་  ༡༠   ཚེས་  ༡༣  མཚན་མོའི་ཆུ་ཚོད་ ༡༡།༥༥ པའི་ནང་ཚུན་འབུལ་ལམ་ཞུས་ཟིན་དགོས་པའི་གསལ་བསྒྲགས་སུ།

https://forms.gle/wrkjWRtRbt7dWEvw7

སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་ཁག་གཤམ་གསལ།

༡། ཤེས་རིག་སློབ་ཡོན་འགེངས་ཤོག་ (ཀ་པ་) ཞིབ་བཀང་གིས་འབྲེལ་ཡོད་ས་གནས་འགོ་འཛིན་ནས་དག་མཆན་འཁོད་པ་དགོས་རྒྱུ།

༢། འཛིན་རིམ་བཅུ་གཉིས་ (NEET/JEE) བཅས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག་གི་ངོ་བཤུས་མཉམ་འབུལ་དགོས་རྒྱུ། (འདམ་ཀ)

༣། འཛིན་རིམ་བཅུ་གཉིས་ཚན་རིག་དང་ཨང་རྩིས་ (PCM/PCB) གཉིས་ཀྱི་གྲུབ་འབྲས་ཉུང་མཐར་བརྒྱ་ཆ་ ༦༠ ལོན་པ་དགོས། ཕྱི་ལོ་ ༢༠༢༡ ལོར་ཐོན་པའི་སློབ་ཕྲུག་རྣམས་ལ་དམིགས་བསལ་དགོངས་བཞེས་གནང་རྒྱུ།

༤། འཚང་སྙན་འབུལ་མི་རྣམས་འཛིན་རིམ་བཅུ་པ་བར་བོད་པའི་སྐད་ཡིག་ཐོག་སློབ་སྦྱོང་བྱས་པའམ་ཡང་ན་དེ་དང་ཚད་མཉམ་བོད་ཡིག་ཡིག་རྒྱུགས་འཕྲོད་པ་ཞིག་དགོས་རྒྱུ།

༥། སློབ་ཡོན་ཞུས་ཐོབ་རྗེས་རྒྱུ་མཚན་ཡང་དག་མེད་པར་སློབ་མཚམས་བཞག་ཚེ་སློབ་ཡོན་འགྲོ་གྲོན་ཕྱིར་སློག་དགོས་རྒྱུ།

སློབ་ཡོན་དངུལ་འབོར།   སློན་ཡོན་མཐོ་ཚད་འབུམ་གཅིག་བར་གནང་རྒྱུ།

For inquiry, please contact

Mrs Sonam Sangmo or Ms Tenzin Tashi

Email: [email protected]

[email protected]

Phone: +91-1892-222572, 222721

Web:www.sherig.org/en/

FB: www.facebook.com/doe.lobyon/

སྔོན་མ།
བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་ཉི་ཤུ་རྩ་བརྒྱད་པ་ལེགས་གྲུབ་ཟིན་པ།
ཕྱི་མ།
སྔོན་འགྲོ་ནས་གཞི་རིམ་བར་མ་བར་གྱི་བོད་ཡིག་བསླབ་གཞིའི་རྩ་འཛིན་གྱི་མཐའ་མའི་རགས་ཟིན་གཏན་འབེབས་ཚོགས་འདུ་ལེགས་པར་གྲུབ་པ།