༄༅། །འདི་ལོའི་ཤེས་རིག་སློབ་ཡོན་འཆར་གཞི་གསར་པའི་ནང་གསལ་ལྟར་ཤེས་རིག་ལོ་འཁོར་སློབ་ཡོན་ཁོངས་ཉེ་བའི་གཙུག་ལག་རབ་འབྱམས་པ་དང། ལས་རིགས་སྦྱོང་བརྡར། ཌིབ་ལོ་མ། གཙུག་ལག་རབ་འབྱམས་པ། རིགས་གཅིག་རྐང་འཛིན་། དམིགས་བསལ་སློབ་ཡོན་བཅས་ཀྱི་སློབ་ཡོན་ས་མིག་ཁྱོན་གྲངས ༦༠༥ ཡོད། སློབ་ཡོན་ཞུ་འདོད་ཡོད་རིགས་རྣམས་ནས་གཤམ་གསལ་དགོས་མཁོའི་ཡིག་ཆ་ཁག་འཚེམས་ལུས་མེད་པ་དྲྭ་ཐོག་བརྒྱུད་འབུལ་དགོས། ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་ཡོན་ཆེད་ཕྱི་ལོ་ ༢༠༢༣ ཟླ་ ༠༦ ཚེས་ ༡༥ མཚན་མོའི་ཕྱག་ཚོད་ ༡༡།༥༩ འགྱངས་མེད་དང་། གཙུག་ལག་རབ་འབྱམས་པའི་སློབ་ཡོན་ཆེད་ཕྱི་ལོ་ ༢༠༢༣ ཟླ་ ༠༨ ཚེས་ ༣༡ མཚན་མོའི་ཕྱག་ཚོད ༡༡།༥༩ འགྱངས་མེད་གཤམ་འོག་གི་གསང་ཐིག་ལ་བཤེར་འབེབས་དང་། ཡང་ན་དྲྭ་ལམ་སྦྲེལ་ཐག་བརྒྱུད་ཡིག་ཆ་ཁག་འཚེམས་ལུས་མེད་པ་དྲྭ་ཐོག་ཁོ་ནའི་བརྒྱུད་འབུལ་དགོས། སྙན་ཞུ་འབུལ་ཚེས་ཀྱི་རྗེས་སུ་འཚང་སྙན་འབུལ་མཁན་བྱུང་ན་རྩིས་མེད་ཡིན།
https://forms.gle/jkNpUYuomYF3dRmN6
༡༽ སློབ་ཡོན་ཞུ་ལེན་གྱི་ཆ་རྐྱེན་དང་། དགོས་མཁོའི་ཡིག་ཆ་ཁག་དྲྭ་ཐོག་བརྒྱུད་ཡར་འཇུག་དགོས་པ་གཤམ་གསལ།
༡། སྙན་ཞུ་འབུལ་མི་རྣམས་ཀྱིས་འགེངས་ཤོག ༼ཀ༽ པ་ངེས་པར་དུ་འགེང་དགོས། སྙན་ཞུ་འབུལ་མི་བཙན་བྱོལ་བོད་མི་ཡིན་པའི་ཐོག་དོ་བདག་དང་ཕ་མའི་དང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༣༡ བར་གཙང་ཕུལ་ཟིན་པ་དགོས། གལ་ཏེ་ཕ་མ་བོད་ནང་ཡོད་པའམ། འདས་གྲོངས་སུ་ཕྱིན་པ། ཁ་བྲལ་སོང་བ་ཅི་རིགས་ཡིན་ཚེ་འབྲེལ་ཆགས་ས་གནས་འགོ་འཛིན་ནས་ཞིབ་འཇུག་གནང་བའི་ཞིབ་ཕྲའི་གནས་ཚུལ་འགེངས་ཤོག་༼ཀ༽ པའི་ནང་ཁ་གསལ་འགེང་དགོས།
༢། སློབ་ཕྲུག་རང་ངོས་ཀྱི་ཕྱེད་པར་རེ་ཡར་འཇུག་དགོས།
༣། ཉེ་བའི་གཙུག་ལག་རབ་འབྱམས་པའམ། ལས་རིགས་སྦྱོང་བརྡར། ཌིབ་ལོ་མ་བཅས་ཀྱི་སློབ་ཡོན་ཞུ་ཆེད་འཛིན་རིམ་བཅུ་གཉིས་ཐོན་ པའི་ཨང་ཐོབ་ཤོག་ལྷེ་འབུལ་དགོས།
༤། གཙུག་ལག་རབ་འབྱམས་པའི་སློབ་ཡོན་ཞུ་ཆེད་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཨང་ཐོབ་ཤོག་ལྷེ་ཆ་ཚང་འབུལ་དགོས།
༥། རིགས་གཅིག་རྐང་འཛིན་གྱི་སློབ་ཡོན་ཞུ་ཆེད་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། དེ་ཡན་གྱི་ཨང་ཐོབ་ཤོག་ལྷེ་ཆ་ཚང་དང་། ངོས་འཛིན་ཡོད་པའི་གཙུག་ལག་སློབ་གཉེར་ཁང་ཞིག་ནས་སློབ་འཇུག་ངོས་བཞེས་ཡོད་པའི་ཡི་གེ་འབུལ་དགོས།
༦། བུམ་སྐྱོན་གསུམ་བྲལ་གྱི་གཟེངས་བསྟོད་ལག་འཁྱེར་ཡོད་ཚེ་ལག་འཁྱེར་གྱི་ངོ་བཤུས་འབུལ་དགོས།
༧། སློབ་གྲྭའི་སྤྱི་ཁྱབ་རྒན་བདག་གནང་ཡོད་ཚེ་དེའི་ལག་འཁྱེར་ངོ་བཤུས་འབུལ་དགོས།
༨། རོགས་སྐྱོར་སློབ་ཡོན་ཆེད་ཁུངས་སོ་སོ་ནས་རྒྱབ་གཉེར་ཡིག་ཆུང་རེ་འབུལ་དགོས།
༩། ཕུལ་བྱུང་སློབ་ཡོན་ཆེད་སྙན་ཞུ་འབུལ་མཁན་ཡིན་ན་ཀུན་སྤྱོད་དང་འགོ་ཁྲིད་ནུས་རྩལ་འགེངས་ཤོག་འདི་མཉམ་འགེང་མི་དགོས། འདི་ལས་ནས་སློབ་གྲྭ་ཁུངས་སོ་སོར་ཟུར་དུ་འབྲེལ་བ་ཞུ་རྒྱུ།
༡༠། མཐོ་སློབ་སློབ་ཡོན་ཁོངས་འཛིན་རིམ་བཅུ་གཉིས་གསར་ཐོན་རྣམས་ལ་གོ་སྐབས་དང་པོ་སྤྲོད་རྒྱུ་དང༌། ས་མིག་ལྷག་མ་ཡོད་ན་ སློབ་ལོ་སྔོན་མའི་སྙན་འབུལ་བར་གོ་སྐབས་གནང་རྒྱུ།
༡༡། ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་ཡོན་དང་། ལས་རིགས་སྦྱོང་བརྡར། ཌིབ་ལོ་མ་སློབ་ཡོན་ཆེད་འཛིན་རིམ་བཅུ་གཉིས་པའི་ རྒྱལ་ཡོངས་ཡིག་རྒྱུགས་སྐབས་བོད་ཀྱི་སྐད་ཡིག་ལ་བརྒྱ་ཆ་ ༣༣ ཡན་ལོན་པ་ཞིག་དགོས། དེ་མིན་ཤེས་རིག་སློབ་ཡོན་སྒྲིག་གཞི་ ནང་གསལ་བོད་ཡིག་ལ་བརྒྱ་ཆ་ཆ་བགོས་གཞིར་བཟུང་ཐོབ་ཆེད་འཛིན་རིམ་བཅུ་གཉིས་དང་ཚད་མཉམ་ཡིག་རྒྱུགས་ཤིག་ས་གནས་ འགོ་འཛིན་ལས་ཁུངས་སོ་སོར་ ༢༠༢༣ ཟླ་ ༦ ཚེས ༢༠ ཉིན་གོ་སྒྲིག་ཞུ་རྒྱུ་ཡིན་ན་དེའི་ནང་ཞུགས་ཏེ་ཉུང་མཐར་བརྒྱ་ཆ་ ༣༣ ཡན་ ལོན་དགོས།
༡༢། སྡེ་ཁུངས་གཞན་ནས་སློབ་ཡོན་ཐོབ་ཀྱི་ཡོད་ན་འདི་ལས་སུ་སྙན་འབུལ་མི་ཆོག
༡༣། ཕྱི་ལོ་ ༢༠༢༢ དང་དེའི་ཡན་གྱི་ལོའི་ནང་འཛིན་རིམ་བཅུ་གཉིས་སམ་གཙུག་ལག་རབ་འབྱམས་པ་ཐོན་མཁན་སློབ་ཕྲུག་རྣམས་ ནས་སློབ་ཡོན་ཞུ་ཆེད་སྔ་ལོའི་ནང་སློབ་མཚམས་བཞག་དགོས་པའི་རྒྱུ་མཚན་རང་ངོས་ནས་སྙན་ཞུ་ཞིག་འབུལ་དགོས།
༡༤། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དང་། ནོར་གླིང་བོད་ཀྱི་རིག་གནས་ཆེས་མཐོའི་སློབ་གླིང་དུ་བོད་ཀྱི་མཐོ་རིམ་རིག་གནས་
སློབ་ཡོན། བལ་ཡུལ་ཁུལ་གྱི་བོད་རིགས་སློབ་ཕྲུག་ཆེད་ཟུར་བཅད་སློབ་ཡོན་སྙན་འབུལ་བ་རྣམས་ནས་ཤེས་རིག་སློབ་ཡོན་ཆེད་ སློབ་ཡོན་འགེངས་ཤོག་འདི་བཀང་མི་དགོས་པར་སློབ་ཕྲུག་རྣམས་ནས་ཁུངས་སོ་སོར་ཐད་ཀར་འབྲེལ་བ་གནང་དགོས།
ཀ༽ ཉེ་བའི་གཙུག་ལག་རབ་འབྱམས་པའམ། ལས་རིགས་སྦྱོང་བརྡར། ཌིབ་ལོ་མའི་སློབ་ཡོན།
༡། ཕུལ་བྱུང་སློབ་ཡོན། (Excellence Scholarship) ས་མིག།༢༥
༡།༡ ཕུལ་བྱུང་སློབ་ཡོན་ཆེད་རྒྱུགས་འབྲས་བརྒྱ་ཆ་སྐོར་སྟངས་གཤམ་གསལ།
༡། འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་རྒྱུགས་འབྲས་ནང་སློབ་ཚན་ཨང་ཐོབ་ལེགས་ཤོས་ལྔའི་ཆ་སྙོམས་ཨང་ཐོབ་ལ་ཟུར་གསལ་ལྟར་བརྒྱ་ཆ་རྩིས་སྐོར་གནང་རྒྱུ། (ཨང་ཀི་ཇི་ཐོབ་) x༦༠/༡༠༠=
༢། ཀུན་སྤྱོད་ལ་བརྒྱ་ཆ་ ༥ དང་། འགོ་ཁྲིད་ནུས་རྩལ་ལ་བརྒྱ་ཆ་ ༥ བསྡོམས་བརྒྱ་ཆ་ ༡༠
༣། སློབ་གྲྭའི་སྤྱི་ཁྱབ་རྒན་བདག་ལ་བརྒྱ་ཆ་ ༢ དང་། བུམ་སྐྱོན་གསུམ་བྲལ་ལ་བརྒྱ་ཆ་ ༣ རེ་སྤྱི་མཚུངས་འཐོབ་རྒྱུ།
༤། འཛིན་རིམ་བཅུ་གཉིས་པའི་རྒྱལ་ཡོངས་རྒྱུགས་འབྲས་སུ་བོད་ཀྱི་སྐད་ཡིག་ལ་བརྒྱ་ཆ་ ༣༣ ཡན་ལོན་པའམ། ཤེས་རིག་ ལས་ཁུངས་བརྒྱུད་འཛིན་རིམ་བཅུ་གཉིས་དང་ཚད་མཉམ་ཡིག་རྒྱུགས་ཤིག་གོ་སྒྲིག་བྱས་པའི་ནང་ཞུགས་ཏེ་ཉུང་མཐར་བརྒྱ་ཆ་ ༣༣ ཡན་ལོན་པ་ཞིག་ཡིན་ན། བོད་ཡིག་སློབ་ཚན་ལ་ཟུར་གསལ་ལྟར་བརྒྱ་ཆ་འཐོབ་རྒྱུ། (ཨང་ཀི་ཇི་ཐོབ་)x༢༥/༡༠༠=
༡།༢ འཛིན་རིམ་བཅུ་གཉིས་ཀྱི་སློབ་ཚན་ཨང་ཐོབ་མཐོ་ཤོས་ལྔའི་ཆ་སྙོམས་རྒྱུགས་འབྲས་བརྒྱ་ཆ་དང་། བོད་ཡིག་གི་རྒྱུགས་འབྲས་བརྒྱ་ཆ། དམིགས་ བསལ་ཨང་ཐོབ་ ༥ ཅན་གསུམ་བཅས་ཀྱི་སྡོམ་འབོར་གྱི་བརྒྱ་ཆ་ ༧༥ དང་། དེ་ཡན་ལོན་ཁོངས་ནས་སློབ་ཕྲུག་ ༢༥ ལས་མ་བརྒལ་བརྒྱ་ཆ་ རྩེ་བཏོག་གིས་སློབ་ཡོན་འདིའི་ཁོངས་སུ་འདེམས་སྒྲུག་གནང་རྒྱུ་ཡིན།
༢། རོགས་སྐྱོར་སློབ་ཡོན། (Bursary Scholarship) ས་མིག། ༡༥༠
༢།༡ རོགས་སྐྱོར་སློབ་ཡོན་གནང་ཡུལ།
༡། ཉམ་ཐག་ཨང་ཐོབ་༼ག་པ་༽ཅན། ༼ས་གནས་འགོ་འཛིན་ནས་ངོས་སྦྱོར་འབུལ་དགོས།༽
༢། དྭ་ཕྲུག་དང་ཕྱེད་དྭ་ཕྲུག ༼ས་གནས་འགོ་འཛིན་ནས་ངོས་སྦྱོར་འབུལ་དགོས།༽
༣། ཁྱོ་ཤུག་གང་གི་ཕྲུ་གུ་གསུམ་ལས་གང་རུང་གཅིག་དང་། དེའི་ཡན་གྱི་བུ་ཕྲུག་ཡིན་པ། ༼༼ཕྱི་ལོ་ ༢༠༡༤ ལོའི་ཕྲུ་གུ་གསུམ་ཡན་ཡོད་པའི་ཁྱིམ་ཚང་ལ་དམིགས་བསལ་ལྟ་སྐྱོང་བྱེད་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་ལ་ཚད་འཛིན་བྱ་རྒྱུ། ས་གནས་འགོ་འཛིན་ནས་ངོས་སྦྱོར་འབུལ་དགོས།༽
༤། སློབ་གྲྭ་ཞིག་ནང་བོད་ནས་རྗེས་འབྱོར་བ་དཀའ་ངལ་ཅན་ཡིན་པ། ༼སློབ་གྲྭ་སོ་སོ་ནས་ངོས་སྦྱོར་འབུལ་དགོས།༽
༥། སློབ་ཡོན་མཐུན་རྐྱེན་ཟུར་དུ་མེད་པའི་དབུས་སའི་ལས་བྱེད་ཀྱི་ཕྲུ་གུ ༼ལས་བྱེད་འདེམས་ལྷན་ནས་ངོས་སྦྱོར་འབུལ་དགོས།༽
༦། སློབ་ཡོན་མཐུན་རྐྱེན་ཟུར་དུ་མེད་པའི་བོད་མིའི་སློབ་སྡེ་ཁག་གི་གཏན་འཇགས་དགེ་ལས་ཀྱི་ཕྲུ་གུ ༼སློབ་གྲྭ་སོ་སོ་ནས་ངོས་སྦྱོར་འབུལ་ དགོས།༽
༧། དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག ༼སྨན་པའི་ངོས་སྦྱོར་འབུལ་དགོས།༽
༢།༢ རོགས་སྐྱོར་སློབ་ཡོན་ཆེད་རྒྱུགས་འབྲས་བརྒྱ་ཆ་སྐོར་སྟངས་གཤམ་གསལ།
༡། འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་རྒྱུགས་འབྲས་ནང་སློབ་ཚན་ཨང་ཐོབ་ལེགས་ཤོས་ལྔའི་ཆ་སྙོམས་ཨང་ཐོབ་ལ་ཟུར་གསལ་ལྟར་བརྒྱ་ཆ་རྩིས་སྐོར་གནང་རྒྱུ། (ཨང་ཀི་ཇི་ཐོབ་) x༧༠/༡༠༠=
༢། སློབ་གྲྭའི་སྤྱི་ཁྱབ་རྒན་བདག་ལ་བརྒྱ་ཆ་ ༢ དང་། བུམ་སྐྱོན་གསུམ་བྲལ་ལ་བརྒྱ་ཆ་ ༣ རེ་སྤྱི་མཚུངས་འཐོབ་རྒྱུ།
༣། འཛིན་རིམ་བཅུ་གཉིས་པའི་རྒྱལ་ཡོངས་རྒྱུགས་འབྲས་སུ་བོད་ཀྱི་སྐད་ཡིག་ལ་བརྒྱ་ཆ་ ༣༣ ཡན་ལོན་པའམ། ཤེས་རིག་ ལས་ཁུངས་བརྒྱུད་འཛིན་རིམ་བཅུ་གཉིས་དང་ཚད་མཉམ་ཡིག་རྒྱུགས་ཤིག་གོ་སྒྲིག་བྱས་པའི་ནང་ཞུགས་ཏེ་ཉུང་མཐར་བརྒྱ་ཆ་ ༣༣ ཡན་ལོན་པ་ཞིག་ཡིན་ན། བོད་ཡིག་སློབ་ཚན་ལ་ཟུར་གསལ་ལྟར་བརྒྱ་ཆ་འཐོབ་རྒྱུ། (ཨང་ཀི་ཇི་ཐོབ་)x༢༥/༡༠༠=
༢།༣ འཛིན་རིམ་བཅུ་གཉིས་ཀྱི་སློབ་ཚན་ཨང་ཐོབ་མཐོ་ཤོས་ལྔའི་ཆ་སྙོམས་རྒྱུགས་འབྲས་བརྒྱ་ཆ་དང་། བོད་ཡིག་གི་རྒྱུགས་འབྲས་བརྒྱ་ཆ། སྤྱི་ཁྱབ་རྒན་བདག་དང་བུམ་སྐྱོན་གསུམ་བྲལ་གྱི་དམིགས་བསལ་བརྒྱ་ཆ་ ༥ བཅས་ཀྱི་བསྡོམས་འབོར་གྱི་བརྒྱ་ཆ་ ༥༠ དང་། དེ་ཡན་ལོན་ཁོངས་ནས་སློབ་ཕྲུག་ ༡༥༠ ལས་མ་བརྒལ་བ་བརྒྱ་ཆ་རྩེ་བཏོག་གིས་སློབ་ཡོན་འདིའི་ཁོངས་སུ་འདེམས་སྒྲུག་གནང་རྒྱུ་ཡིན།
༣། ཁ་གསབ་སློབ་ཡོན། (Supplementary Scholarship) ས་མིག ༢༠༠
སློབ་ཡོན་འདི་བཞིན་ནང་མིའི་འཚོ་བའི་གནས་སྟངས་འགྲིག་ངེས་ཡོད་པའི་ཕྲུ་གུ་རྣམས་འཛིན་རིམ་བཅུ་གཉིས་ཐོན་རྗེས་མཐོ་སློབ་ཏུ་སྐྱོད་ཆེད་རང་ངོས་ཀྱི་སློབ་ཡོན་ཐོག་བོད་མིའི་སྒྲིག་འཛུགས་ནས་སློབ་ཡོན་གྱི་འགྲོ་གྲོན་ཁ་གསབ་དགོས་མཁོ་ཡོད་རིག་དང་། ཕུལ་བྱུང་སློབ་ཡོན་ཁོངས་སུ་མ་ཚུད་པའི་སློབ་ཕྲུག་རྣམས་ལ་སློབ་ཡོན་མཐུན་སྦྱོར་གནང་རྒྱུ་ཡིན།
༣།༡ ཁ་གསབ་སློབ་ཡོན་རྒྱུགས་འབྲས་བརྒྱ་ཆ་སྐོར་སྟངས་གཤམ་གསལ།
༡། འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་རྒྱུགས་འབྲས་ནང་སློབ་ཚན་ཨང་ཐོབ་ལེགས་ཤོས་ལྔའི་ཆ་སྙོམས་ཨང་ཐོབ་ ལ་ཟུར་གསལ་ལྟར་བརྒྱ་ཆ་རྩིས་སྐོར་གནང་རྒྱུ། (ཨང་ཀི་ཇི་ཐོབ་) x༧༠/༡༠༠=
༢། སློབ་གྲྭའི་སྤྱི་ཁྱབ་རྒན་བདག་ལ་བརྒྱ་ཆ་ ༢ དང་། བུམ་སྐྱོན་གསུམ་བྲལ་ལ་བརྒྱ་ཆ་ ༣ རེ་སྤྱི་མཚུངས་འཐོབ་རྒྱུ།
༣། འཛིན་རིམ་བཅུ་གཉིས་པའི་རྒྱལ་ཡོངས་རྒྱུགས་འབྲས་སུ་བོད་ཀྱི་སྐད་ཡིག་ལ་བརྒྱ་ཆ་ ༣༣ ཡན་ལོན་པའམ། ཤེས་རིག་ ལས་ཁུངས་བརྒྱུད་འཛིན་རིམ་བཅུ་གཉིས་དང་ཚད་མཉམ་ཡིག་རྒྱུགས་ཤིག་གོ་སྒྲིག་བྱས་པའི་ནང་ཞུགས་ཏེ་ཉུང་མཐར་བརྒྱ་ཆ་ ༣༣ ལོན་པ་ཞིག་ཡིན་ན། བོད་ཡིག་སློབ་ཚན་ལ་ཟུར་གསལ་ལྟར་བརྒྱ་ཆ་འཐོབ་རྒྱུ། (ཨང་ཀི་ཇི་ཐོབ་)x༢༥/༡༠༠=
༣།༢ བརྒྱ་ཆ་རྩིས་བསྐོར་རྗེས་སློབ་ཕྲུག་ ༢༠༠ ལས་མ་བརྒལ་བ་བརྒྱ་ཆ་རྩེ་བཏོག་གིས་སློབ་ཡོན་འདིའི་ཁོངས་སུ་འདེམས་སྒྲུག་གནང་རྒྱུ།
ཁ༽ གཙུག་ལག་རབ་འབྱམས་པའི་སློབ་ཡོན། (Post Graduate Scholarship) ས་མིག ༡༥༠
ཉེ་བའི་གཙུག་ལག་རབ་འབྱམས་པ་རྣམས་མུ་མཐུད་ཆེད་ལས་རིག་ཚན་སློབ་གཉེར་ཆེད་རང་ངོས་ཀྱི་འགྲོ་གྲོན་ཐོག་བོད་མིའི་སྒྲིག་འཛུགས་ནས་སློབ་ ཡོན་གྱི་འགྲོ་གྲོན་ཁ་གསབ་མཐུན་སྦྱོར་གནང་རྒྱུ།
༡། སློབ་ཡོན་འདི་འཐོབ་པར་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཕྱོགས་བསྡོམས་རྒྱུགས་འབྲས་བརྒྱ་ཆ་ ༦༠ ངེས་པར་དགོས།
ག༽ འབུམ་རམས་པའི་སློབ་ཡོན། (Ph.D. Scholarship) ས་མིག ༡༠
མཐོ་སློབ་གང་ཞིག་ཏུ་འབུམ་རམས་པར་སློབ་འཇུག་ངོས་བཞེས་བྱུང་ན་སློབ་ཡོན་ཞུ་སྤྲོད་གནང་རྒྱུ།
ང༽ བོད་ཀྱི་མཐོ་རིམ་རིག་གནས་སློབ་ཡོན། ས་མིག ༣༥
ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཆེད་སློབ་ཡོན་གྲངས་ ༢༠ དང་། གཙུག་ལག་རབ་འབྱམས་པའི་ཆེད་སློབ་ཡོན་གྲངས་ ༥ ཡོད། དེ་བཞིན་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་བོད་ཀྱི་རིག་གནས་ཆེས་མཐོའི་སློབ་གླིང་དུ་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཆེད་སློབ་ཡོན་གྲངས་ ༡༠ ཡོད། སློབ་ཡོན་འདིའི་ཐོག་འཚང་སྙན་འབུལ་འདོད་ཡོད་རིགས་ནས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དང་ནོར་གླིང་བོད་ཀྱི་རིག་གནས་ཆེས་མཐོའི་སློབ་གླིང་དུ་ཐད་ཀར་འབྲེལ་བ་གནང་དགོས།
ཅ༽ བལ་ཡུལ་ཁུལ་གྱི་བོད་རིགས་སློབ་ཕྲུག་ཆེད་དམིགས་བསལ་སློབ་ཡོན། ས་མིག ༡༥
བལ་ཡུལ་སློབ་གྲྭ་ཁག་ནས་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་ཆེད་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་ཡོན་གྲངས་ ༡༥ དམིགས་བསལ་གནང་རྒྱུ། འཚང་སྙན་འབུལ་འདོད་ཡོད་རིགས་ནས་བལ་ཡུལ་གངས་ཅན་བདེ་རྩའི་ལས་ཁང་དུ་ཐད་ཀར་འབྲེལ་བ་གནང་དགོས།
ཆ༽ བོད་ཀྱི་སྲོལ་རྒྱུན་བཟོ་རིག། ས་མིག ༡༠
ལྷ་བྲིས་དང་། རྐོས་རིས། ཤིང་བཟོ། འཚེམ་བཟོ། སྣུམ་ཚོན་རི་མོ། ཐང་ག་འཚེམ་དྲུབ་བཅས་ཀྱི་ཆེད་སློབ་ཡོན་གྲངས་ ༡༠ ཡོད། སློབ་གཉེར་བ་ འདི་རིགས་ནོར་གླིང་མཐོ་སློབ་དང་། པ་ཀུལ་བོད་ཁྱིམ། མ་སུ་རི་བོད་ཁྱིམ་ལག་ཤེས་ཁང་། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། བལ་ ཡུལ་སྤོག་ར་ལག་ཤེས་ཁང་བཅས་གང་རུང་དུ་བཟོ་རིག་སློབ་ཚན་ཐོག་སློབ་སྦྱོང་གནང་བཞིན་པ་ཞིག་དགོས།
ཇ༽ འགྲོ་ཕན་སྨན་རྩིས་ཁང་ལ་བོད་ཀྱི་གསོ་བ་རིག་པའི་སློབ་ཡོན། ས་མིག ༡༠
འགྲོ་ཕན་སྨན་རྩིས་ཁང་དུ་བོད་ཀྱི་གསོ་བ་རིག་པའི་སློབ་སྦྱོང་ཆེད་སློབ་ཡོན་གྲངས་ ༡༠ ཡོད། སློབ་ཡོན་འདིའི་ཁོངས་སྙན་འབུལ་བ་རྣམས་ནས་ཤེས་རིག་ཁ་གསབ་སློབ་ཡོན་ཁོ་ནའི་ནང་སྙན་འབུལ་ཞུ་དགོས།
ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༡༥ ལ།།
འབྲེལ་གཏུག་ཞུ་ཡུལ། སློབ་ཡོན་མཚན་པའི་འབྲེལ་ལས། 9805688414, 9882322797, 6230335844, 8894163656
གློག་འཕྲིན་ཁ་བྱང་། [email protected] / [email protected]