ཟླ་རེའི་གསར་འགྱུར།

ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་མཐུན་པའི་ཨང་རྩིས་སློབ་དེབ་གཏན་འབེབས་ཚོགས་འདུ།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ཟླ་༩ ཚེས་ ༡༥ དང་ ༡༦ ཉིན་གཉིས་རིང་ཤེས་ཡོན་སྲིད་བྱུས་དང་། བསླབ་གཞི་རྩ་འཛིན་གྱི་དགོངས་དོན་དང་མཐུན་པའི་འཛིན་རིམ་གཉིས་པའི་ཨང་རྩིས་སློབ་དེབ་གཏན་འབེབས་ཚོགས་འདུ་ཞིག་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་ནང་གོ་སྒྲིག་ཞུས་ཡོད།
ཚོགས་འདུའི་ནང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་དང་། དཔེ་སྟོན་སློབ་སྤྱི་བསྟན་འཛིན་རྡོ་རྗེ་ལགས། དྷ་ས་བོད་ཁྱིམ་གྱི་ཨང་རྩིས་སློབ་སྟོན་པ་བསོད་ནམས་རྒྱལ་པོ་ལགས་དང་དཔལ་མོ་ལགས། དྷ་སྟེང་བོད་ཁྱིམ་ཨང་རྩིས་དགེ་རྒན་བསོད་ནམས་ཆོས་སྒྲོན་ལགས། སིམ་ལ་གཏན་སློབ་ཀྱི་ཨང་རྩིས་དགེ་རྒན་པདྨ་རྒྱལ་མཚན་ལགས། བོད་ཁྱིམ་སློབ་དགེ་ཟུར་པ་ངག་དབང་རྡོ་རྗེ་ལགས། དཔེ་སྟོན་ཨང་རྩིས་དགེ་རྒན་ཚེ་དབང་ལྷ་མོ་ལགས། འབྲེལ་ཡོད་ཤེས་ལྷན་དྲུང་གཞོན་དང་ཨང་རྩིས་སློབ་དེབ་རྩོམ་སྒྲིག་པ་བཅས་མཉམ་བཞུགས་གནང་ཡོད་པ་རེད།
སྔ་ལོར་འཛིན་རིམ་དང་པོ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་སློབ་དེབ་གཏན་འབེབས་གནང་ཟིན་པ་དང་། འཛིན་རིམ་གསུམ་པ་དང་དང་པོ་སློབ་དེབ་པར་སྐྲུན་ཟིན་ནས་སློབ་གྲྭ་ཁག་ནང་ལག་བསྟར་གནང་བཞིན་ཡོད་པ་དང་། འདི་ལོར་འཛིན་རིམ་གཉིས་པ་དང་། བཞི་པ། ལྔ་པ་བཅས་པར་སྐྲུན་འགྲེམས་སྤེལ་གནང་གཏན་འཁེལ་ཡོད་པ་རེད།

སྔོན་མ།
འདི་ལོའི་སྲིད་སྐྱོང་སློབ་ཡོན་གཟེངས་རྟགས་བསྟན་འཛིན་དགྲ་འདུལ་ལགས་ལ་གནང་བ།
ཕྱི་མ།
བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་འགན་འཛིན་རྣམས་ཀྱིས་འགོ་ཁྲིད་ཟབ་སྦྱོང་ཐོག་མཉམ་ཞུགས་གནང་བ།