༄༅། །ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༠༥ ནས་ ༡༢ བར་ཕ་རཱན་སི་དང་སྦེལ་ཇམ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད། དེ་ཡང་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༠༨ ཉིན་ཕ་རཱན་སི་ཨེ་ཨི་ཊི་ (AET) རོགས་ཚོགས་དབུས་བརྙེས་ནས་མི་ལོ་ཧྲིལ་པོ་ ༤༠ འཁོར་བའི་དུས་ཆེན་གྱི་མཛད་སྒོའི་སྐུ་མགྲོན་དུ་གདན་ཞུ་གནང་དོན་ལྟར་ཕེབས་གཏན་ཁེལ་བའི་ཞོར་དུ་ཕྱི་ཚེས་ ༠༩ ཉིན་ཕ་རཱན་སི་དང་སྦེལ་ཇམ་ཁུལ་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭར་རིམ་བཞིན་རྟོག་ཞིབ་དང་། དེ་བཞིན་དགེ་ལས་དང་། སློབ་ཕྲུག ཕ་མ་བཅས་མཇལ་འཕྲད་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད་པ་བཅས། །