
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༧ ཚེས་ ༡༧ ཉིན་འདི་ག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་ཕྱི་ལོ་ ༢༠༢༥ ལོའི་སྐབས་བརྒྱད་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཚན་རིག་དང་། རྩིས་རིག ཁོར་ཡུག་བཅས་ཀྱི་འགྲེམས་སྟོན་དབུ་འབྱེད་མཛད་སྒོ་དེ་བཞིན་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ་བསྐོང་ཚོགས་གནང་ཡོད། འགྲེམས་སྟོན་འདི་ནི་ཟླ་བ་ ༧ ཚེས་ ༡༧ ནས་ ༡༩ བར་ཉིན་གྲངས་གསུམ་རིང་བསྐོང་ཚོགས་གནང་རྒྱུ།
དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་དྲུང་ཆེ་ཆོས་དབྱིངས་དོན་གྲུབ་ལགས། བོད་ཕྲུག་ཁྱིམ་སྡེའི་ཤེས་ཡོན་འགན་འཛིན་ངག་དབང་ལྷ་མོ་ལགས། དྷ་སྟེང་བོད་ཁྱིམ་གྱི་སློབ་སྤྱི་བསྟན་འཛིན་ཆོས་སྐྱིད་ལགས། ཤེས་རིག་ལས་ཁུངས་ཀྱི་ཚན་པ་ཁག་གི་འགན་འཛིན་རྣམ་པ་དང་། ཟུར་དཔང་རྣམ་པ་ལྷན་ཞུགས་གནང་ཡོད་པ་རེད།མཛད་སྒོའི་ཐོག་མར་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་ནས་ཚོགས་བཅར་བ་རྣམས་ལ་ཕེབས་བསུའི་འཚམས་འདྲི་དང་འབྲེལ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ལོ་རྒྱུས་སྙིང་བསྡུས་ཤིག་གསུང་བཤད་གནང་རྗེས་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ད་རེས་འགྲེམས་སྟོན་གྱི་ལས་གཞི་འདི་ནི་ཤེས་རིག་ལས་ཁུངས་ཀྱི་ལས་གཞི་མང་པོའི་ནང་ནས་གལ་ཆེ་ཤོས་གཅིག་ STEM ཤེས་ཡོན་འདིའི་འོག་ཀྱི་ལས་གཞི་གཅིག་ཆགས་ཀྱི་ཡོད་པ་དང་། དེ་བཞིན་འགྲེམས་སྟོན་གྱི་ལས་གཞིའི་འདི་ནི་རྒྱ་གར་རྒྱལ་ཡོངས་ཤེས་རིག་ཉམས་ཞིབ་སྦྱོང་བརྡར་ཁང་གིས་རྒྱབ་སྐྱོར་འོག་ཕྱི་ལོ་ ༢༠༡༦ ནས་འགོ་འཛུགས་ཀྱིས་དེའི་འཕེལ་རིམ་གྱི་ལོ་རྒྱུས་སྙིང་བསྡུས་དང་། ད་ལྟའི་ཆར་སློབ་གྲྭའི་ནང་ཚན་རིག་ཐོག་དོ་སྣང་ཇེ་ཆེར་ཕྱིན་ཏེ་འདས་པའི་ལོ་ལྔའི་ནང་འགྲེམས་སྟོན་གྱི་ལས་གཞི་འདིའི་ཐོག་མཉམ་ཞུགས་པའི་གྲངས་འབོར་དང་འགྲེམས་གཟུགས་ཀྱི་དངོས་པོ་སྤུས་ཚད་གང་ལེགས་སུ་ཕྱིན་ཡོད་པ་ཟུར་དཔང་རྣམ་པ་ཚོས་གསུང་གི་འདུག་ཅེས་གསུང་སོང་། ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་ཚན་རིག་འགྲེམས་སྟོན་ནང་ཁྱོན་སློབ་ཕྲུག་གྲངས་ ༢༤ མཉམ་ཞུགས་གནང་ཐུབ་ཡོད་པ་ཡང་གསུངས།

མཛད་སྒོའི་ཐོག་མར་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་ནས་ཚོགས་བཅར་བ་རྣམས་ལ་ཕེབས་བསུའི་འཚམས་འདྲི་དང་འབྲེལ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ལོ་རྒྱུས་སྙིང་བསྡུས་ཤིག་གསུང་བཤད་གནང་རྗེས་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ད་རེས་འགྲེམས་སྟོན་གྱི་ལས་གཞི་འདི་ནི་ཤེས་རིག་ལས་ཁུངས་ཀྱི་ལས་གཞི་མང་པོའི་ནང་ནས་གལ་ཆེ་ཤོས་གཅིག་ STEM ཤེས་ཡོན་འདིའི་འོག་ཀྱི་ལས་གཞི་གཅིག་ཆགས་ཀྱི་ཡོད་པ་དང་། དེ་བཞིན་འགྲེམས་སྟོན་གྱི་ལས་གཞིའི་འདི་ནི་རྒྱ་གར་རྒྱལ་ཡོངས་ཤེས་རིག་ཉམས་ཞིབ་སྦྱོང་བརྡར་ཁང་གིས་རྒྱབ་སྐྱོར་འོག་ཕྱི་ལོ་ ༢༠༡༦ ནས་འགོ་འཛུགས་ཀྱིས་དེའི་འཕེལ་རིམ་གྱི་ལོ་རྒྱུས་སྙིང་བསྡུས་དང་། ད་ལྟའི་ཆར་སློབ་གྲྭའི་ནང་ཚན་རིག་ཐོག་དོ་སྣང་ཇེ་ཆེར་ཕྱིན་ཏེ་འདས་པའི་ལོ་ལྔའི་ནང་འགྲེམས་སྟོན་གྱི་ལས་གཞི་འདིའི་ཐོག་མཉམ་ཞུགས་པའི་གྲངས་འབོར་དང་འགྲེམས་གཟུགས་ཀྱི་དངོས་པོ་སྤུས་ཚད་གང་ལེགས་སུ་ཕྱིན་ཡོད་པ་ཟུར་དཔང་རྣམ་པ་ཚོས་གསུང་གི་འདུག་ཅེས་གསུང་སོང་། ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་ཚན་རིག་འགྲེམས་སྟོན་ནང་ཁྱོན་སློབ་ཕྲུག་གྲངས་ ༢༤ མཉམ་ཞུགས་གནང་ཐུབ་ཡོད་པ་ཡང་གསུངས།

དེ་ནས་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ལྕང་ར་མཐར་ལམ་སྒྲོལ་མ་མཆོག་གིས་ཤེས་རིག་ལས་ཁུངས་ནས་མཐུན་རྐྱེན་སྦྱར་ཏེ་ཟབ་སྦྱོང་འདྲ་མིན་ཞིག་སློབ་གྲྭ་ཁག་གི་དགེ་རྒན་དང་། སློབ་ཕྲུག དེ་བཞིན་ཕ་མ་རྣམས་ལ་གནང་བཞིན་པའི་སྐོར་དང་། འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་གསུངས།
ད་ལྟའི་ཆར་ཚན་རིག་གི་དགེ་རྒན་བྱེད་མཁན་ཉུང་ཉུང་ཡིན་པའི་སྐོར་དང་། བོད་པའི་སྤྱི་ཚོགས་ནང་ཚན་རིག་གི་དགེ་རྒན་སྤྲུས་ལེགས་གང་མང་དགོས་པ་མ་ཚད། སློབ་མ་ཚོས་རང་གི་ནུས་པ་ཤེས་པའི་ཐོག་ནས་ཆེད་ལས་འདྲ་མིན་ནང་ཞུགས་རྒྱུར་ད་དུང་ཤུགས་སྣོན་རྒྱག་དགོས་པའི་ལམ་སྟོན་གནང་བ་དང་། སློབ་མ་ཚོས་ངེས་པར་དུ་༧རྒྱལ་བའི་བཀའ་དྲིན་དྲན་པའི་ཐོག་ནས་རང་རང་གི་སློབ་སྦྱོང་ལ་ཧུར་བརྩོན་གྱིས་རང་རེའི་སྤྱི་ཚོགས་ནང་ཞབས་ཞུ་བསྒྲུབ་དགོས་ཞེས་ནན་བརྗོད་གནང་སོང་།

བཀའ་བློན་མཆོག་གིས་རྒྱ་གར་ནང་ཚན་རིག་གི་འགྲེམས་སྟོན་གསར་གཏོད་གནང་མཁན་སཱ་རོཇ་གྷོ་སེ་ (Saroj Ghose) ལགས་ཀྱི་སྐོར་སྙིང་བསྡུས་ཤིག་དང་འབྲེལ་ནས་སྤྱི་ཚོགས་ནང་གསར་གཏོད་ཅིག་བྱས་པའི་རྗེས་གསར་གཏོད་གནང་མཁན་དེས་རྒྱུན་མཐུད་ལོ་ནས་ལོ་སྐུ་ལས་བསྐྱོན་པ་ལས་སྒྲུབ་འབྲས་བཟང་པོ་ཤིག་ཐོན་གྱི་ཡོད་པ་འགྲེལ་བརྗོད་གནང་། ཁོང་གིས་ཉེ་ཆར་རྒྱལ་སྤྱིའི་གཞོན་སྐྱེས་ཀྱི་ཚོགས་ཆེན་ཐོག་བཀའ་ཟུར་རྗེ་བཙུན་པདྨ་ལགས་ཀྱིས་དེང་སང་སྤྱི་ཚོགས་ནང་ཁ་ནས་བཤད་མཁན་མང་པོ་ཞིག་ཡོད་ཀྱང་དེ་ཚོ་ཚང་མར་ཡིད་ཆེས་བྱས་མི་རུང་། གཙོ་བོ་བཤད་མཁན་དེའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་ལ་བལྟ་དགོས་པ་གལ་ཆེན་ཡིན་ཞེས་གསུངས་པ་ལུང་འདྲེན་གནང་སྟེ་སློབ་ཕྲུག་ཚོས་ཡིད་འཇགས་གནང་དགོས་པ་གསུངས།
དེ་བཞིན་བོད་ནང་གི་མི་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭའི་གནས་སྟངས་སྐོར་དང་། བཙན་བྱོལ་དུ་ཡོད་པའི་བོད་རིགས་གཞོན་སྐྱེས་ཚོས་སློབ་སྦྱོང་ལ་དོ་སྣང་གང་མང་གནང་དགོས་པ་མ་ཟད། ཁོང་གིས་སློབ་ཕྲུག་ཚོ་ལ་དཀའ་ལས་ངས་མ་བརྒྱབ་ན་སུས་བརྒྱབ། དཀའ་ལས་ད་ལྟ་མ་བརྒྱབ་ན་ག་དུས་བརྒྱབ་ཅེས་གསུངས་ཏེ་སློབ་ཕྲུག་རྣམས་ནས་དེ་སེམས་ལ་བཞག་སྟེ་དཀའ་ལས་བརྒྱབ་དགོས་པ་གསུངས། མ་ཟད་དེང་སང་ཤེས་རིག་ལས་ཁུངས་ནས་སི་ཤེས་ཡོན་ཐོག་ཤུགས་རྒྱག་བཞིན་པའི་སྐོར་ཡང་འགྲེལ་བརྗོད་གནང་སོང་།

མཐར་ཤེས་རིག་ལས་ཁུངས་ཀྱི་ཚན་རིག་ཤེས་ཡོན་འགན་འཛིན་རྡོ་རྗེ་དབང་འདུས་ལགས་ནས་ཚོགས་བཅར་བ་རྣམས་དང་འགྲེམས་སྟོན་འདིར་དངོས་ཤུགས་བརྒྱུད་གསུམ་ནས་རམ་འདེགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་མཇུག་བསྒྲིལ།
ཐེངས་འདིའི་འགྲེམས་སྟོན་ནི། འདིའི་ལོའི་གོ་སྟོན་གྱི་ལས་རིམ་ཆ་ཤས་ཤིག་ཡིན་པ་དང་། འགྲེམས་སྟོན་གྱི་དམིགས་ཡུལ་གཙོ་བོ་ནི་བོད་ཕྲུག་རྣམས་ནས་ཚན་རིག་དང་། རྩིས་རིག་དང་འབྲེལ་བའི་རིག་རྩལ་བསྟན་པའི་ཐོག་ཚན་རིག་ལ་དོ་སྣང་དང་འདུ་ཤེས་གོང་མཐོར་གཏང་རྒྱུ་དེ་ཡིན། དེ་སྔོན་འབྲིང་རིམ་དང་མཐོ་རིམ་སློབ་གྲྭ་ཁག་ ༡༩ ནས་འགྲེམས་སྟོན་གྲངས་ ༡༤༦ ཤེས་རིག་ལས་ཁུངས་སུ་ཕུལ་བ་ལྟར། ཤེས་རིག་ལས་ཁུངས་ཀྱིས་འདེམས་བསྐོས་ཞུས་པའི་ཟུང་དཔང་རྣམ་པ་ལྔ་ནས་དཔྱད་ཞིབ་གནང་འབྲས་སུ་སློབ་གྲྭ་ཁག་ ༡༩ ནས་འགྲེམས་སྟོན་གྲངས་ ༣༩ བདམས་ཡོད། སློབ་གྲྭའི་ཁོངས་སུ་དྷ་ས་བོད་ཁྱིམ་སློབ་གྲྭའི་ཁོངས་གཏོགས་སློབ་གྲྭ་ལྔ་དང་། མ་སུ་རི་བོད་ཁྱིམ་ཁོངས་གཏོགས་སློབ་གྲྭ་གཉིས། སམ་བྷོ་ཊའི་བོད་སློབ་ཚོགས་པའི་ཁོངས་གཏོགས་སློབ་གྲྭ་བཅུ་གཉིས་འཚུད་ཡོད་ལ། དེའི་སྟེང་གོ་སྒྲིག་གནང་ཡུལ་སློབ་གྲྭ་ནས་འགྲེམས་སྟོན་བཅས་གོ་སྒྲིག་ཞུས་ཡོད་པ་རེད། འགྲེམས་གཟུགས་གྲངས་ ༣༩ ནང་ནས་དྲག་གྲས་བཅུ་གྲངས་ཤིག་རྒྱ་གར་རྒྱལ་ཡོངས་ཤེས་རིག་ཉམས་ཞིབ་སྦྱོང་བརྡར་ཁང་དུ་ཕུལ་གྱི་ཡོད་པ་དང་། རྒྱ་གར་རྒྱལ་ཡོངས་ཤེས་རིག་ཉམས་ཞིབ་སྦྱོང་བརྡར་ཁང་ནས་འགྲེམས་གཟུགས་གྲངས་ ༤ ཡང་ན་ ༣ འདེམས་སྒྲུག་གིས་རྒྱ་གར་རྒྱལ་ཡོངས་ཚན་རིག་འགྲེམས་སྟོན་གྱི་ལས་རིམ་ནང་ཕུལ་གྱི་ཡོད་པ་རེད། །







