ཟླ་རེའི་གསར་འགྱུར།

༢༠༢༢ ལོར་རི་ཅཊ་སོན་ཐེབས་རྩའི་སློབ་ཡོན་གསལ་བསྒྲགས།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གསལ་བསྒྲགས་ཞུ་རྒྱུར། ཨིང་ལེནྜ་རི་ཅཊ་སོན་ཐེབས་རྩ་Richardson Foundation ( UK ) ནས་རྒྱ་བལ་འབྲུག་གསུམ་གནས་འཁོད་རང་རིགས་བོད་ཕྲུག་གཉིས་ལ་མཐོ་སློབ་ཀྱི་སློབ་ཡོན་གནང་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་པ་བཞིན། ཕྱི་ལོ་ ༢༠༢༢ ནང་བོད་ཕྲུག་གཉིས་ལ་ལོ་རེར་སློབ་ཡོན་ཧིན་སྒོར ༡༥༠༠༠༠ ༼  ཆིག་འབུམ་ལྔ་ཁྲི་ཐམ་པ། ༽  གནང་རྒྱུ་ཡིན་འདུག་པས། སློབ་ཡོན་འདིའི་ཁོངས་ཞུགས་འདོད་ཡོད་རིགས་རྣམས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༣༡ མཚན་མོའི་ཕྱག་ཚོད་ ༡༡།༥༩ འགྱངས་མེད་གཤམ་གསལ་སྦྲེལ་ཐག་བརྒྱུད་འཚང་སྙན་དང་དགོས་མཁོའི་ཡིག་ཆ་ཁག་འཚེམས་ལུས་མེད་པ་དྲྭ་ཐོག་ཁོ་ནའི་བརྒྱུད་འབུལ་དགོས། སྙན་ཞུ་འབུལ་ཚེས་ཀྱི་རྗེས་སུ་འཚང་སྙན་འབུལ་མཁན་བྱུང་ན་རྩིས་མེད་ཡིན།   འདི་ནས་འཚང་སྙན་འབུལ་རོགས།

ཀ༽    སློབ་ཡོན་གྱི་ཆ་རྐྱེན་དང་དགོས་མཁོའི་ཡིག་ཆ་ཁག་གཤམ་གསལ།

  • ༡།       སྙན་འབུལ་བ་དོ་བདག་དང་དོ་བདག་གི་ཕ་མ་ནས་དང་བླངས་དཔྱ་ཁྲལ་གྱི་འབུལ་འབབ་ཕྱི་ལོ་ ༢༠༢༢ ཟླ་ ༣   ཚེས་ ༣༡ བར་གཙང་ཕུལ་ཟིན་པ་དང་། རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་དུས་འགྱངས་བཀའ་འཁྲོལ་ཡོད་པ་ཞིག་དགོས་པ་མ་ཟད། འབྲེལ་ཡོད་ས་གནས་འགོ་འཛིན་ནས་འགེངས་ཤོག་ ༼  ཀ  ༽ པ་ཞུ་ལེན་གྱིས་ཞིབ་བཀང་ཐོག་སྙན་ཞུའི་མཉམ་དྲྭ་ཐོག་ལ་འཇུག་དགོས།
  • ༢།       ཕྱི་ལོ་ ༢༠༢༢ ལོའི་འཛིན་རིམ་བཅུ་གཉིས་རྒྱལ་ཡོངས་ཡིག་རྒྱུགས་ནང་ཉུང་མཐར་བརྒྱ་ཆ ༧༥ ལོན་པ་ཞིག་དགོས། ཨང་ཐོབ་ཤོག་ལྷེའི་ངོ་བཤུའི་སྟེང་འབྲེལ་ཡོད་ས་གནས་འགོ་འཛིན་ནས་དག་མཆན་ཞུས་ཏེ་སྙན་ཞུའི་མཉམ་དྲྭ་ཐོག་ཏུ་འཇུག་དགོས།
  • ༣།      འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཨང་ཐོབ་ཤོག་ལྷེའི་ངོ་བཤུའི་སྟེང་འབྲེལ་ཡོད་ས་གནས་འགོ་འཛིན་ནས་དག་མཆན་ཞུས་ཏེ་སྙན་ཞུའི་མཉམ་དྲྭ་ཐོག་ཏུ་འཇུག་དགོས།
  • ༤།       རྩོམ་ཡིག་གི་བརྗོད་གཞི་ “How studying for my degree will help the Tibetan cause” ཐོག་རྩོམ་ཡིག་ཡིག་འབྲུ་ལྔ་བརྒྱ་ལས་མི་ཉུང་བ་ཞིག་བྲིས་ནས་སྙན་ཞུའི་མཉམ་དྲྭ་ཐོག་ཏུ་འཇུག་དགོས།

 

ཁ༽   སློབ་ཡོན་ཁོངས་སུ་འདེམས་སྒྲུག་གནང་རྒྱུའི་བརྒྱུད་རིམ་ཁག་གཤམ་གསལ།

  • ༡།       འདི་ལོའི་ཕྱི་ཟླ་ ༧ པའམ་ཡང་ན་ཕྱི་ཟླ་ ༨ པའི་ནང་ཤེས་རིག་ལས་ཁུངས་ནས་གོང་གསལ་སློབ་ཡོན་ས་མིག་གཉིས་ཀྱི་ཆེད་བོད་ཨིན་གཉིས་ཀྱི་འབྲི་རྒྱུགས་གཏང་རྒྱུ་དང་། འབྲི་རྒྱུགས་གཏང་ཡུལ་སྙན་འབུལ་བ་སོ་སོའི་ས་ཐག་ཉེ་ཤོས་ཀྱི་ས་གནས་འགོ་འཛིན་ལས་ཁུངས་སུ་ཡིན། སྙན་འབུལ་བ་དྷ་ས་ཁུལ་དུ་ཡིན་ན་འབྲི་རྒྱུགས་གཏང་ཡུལ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་སུ་ཡིན།
  • ༢།       མཐའ་མའི་ཨང་རིམ་བརྒྱ་ཆ་སྤྲོད་ཕྱོགས་གཤམ་གསལ་ལྟར་ཡིན།

བོད་ཡིག་འབྲི་རྒྱུགས་ལ་བརྒྱ་ཆ་གང་ཐོབ་ལ་བརྒྱ་ཆ་ ༢༥%

ཨིན་ཡིག་འབྲི་རྒྱུགས་ལ་བརྒྱ་ཆ་གང་ཐོབ་ལ་བརྒྱ་ཆ་ ༢༥%

འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་ཀྱི་བརྒྱ་ཆ་གང་ཐོབ་ལ་བརྒྱ་ཆ་ ༡༥%

འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཀྱི་བརྒྱ་ཆ་གང་ཐོབ་ལ་བརྒྱ་ཆ་ ༡༥%

རྩོམ་ཡིག་ “How studying for my degree will help the Tibetan cause” ལ་བརྒྱ་ཆ། ༢༠%

  • ༣།      འདི་ནས་གོང་གསལ་བརྒྱ་ཆ་སྤྲོད་ཕྱོགས་ལ་གཞི་བཞག་ནས་སྙན་འབུལ་བ་དོ་བདག་སོ་སོས་བརྒྱ་ཆ་ཇི་ཐོབ་རྩེ་བཏོག་གིས་སློབ་ཕྲུག་ ༦ འདེམས་སྒྲུག་ཞུས་ཏེ་འདི་ལོའི་ཟླ་བརྒྱད་པའི་ནང་ཨིང་ལེནྜ་རི་ཅཊ་སོན་ཐེབས་རྩ་ Richardson   Foundation ( UK ) ལ་ཐོ་གཞུང་འབུལ་རྒྱུ་དང་། དེ་གའི་ཐེབས་རྩའི་ཚོགས་མི་ནས་ཡིག་ཆར་ཞིབ་འཇུག་གིས་མཐའ་མའི་བོད་ཕྲུག་གཉིས་འདེམས་སྒྲུག་གནང་རྒྱུ་བཅས་ཡིན།

 

དོགས་འདྲི་ཞུ་ཡུལ།    [email protected] / 01892-226695

ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༢ ལ། །

 

Department of Education, CTA

Gangchen Kyishong, Dharamsala – 176215

District Kangra, Himachal Pradesh, India

Phone no. +91.01892.226695 and 222721

Website: www.sherig.org

Richardson Scholarship Tibetan
སྔོན་མ།
བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་དགུ་པ་བསྐོང་ཚོགས་གནང་བ།
ཕྱི་མ།
ཤེས་རིག་ལས་ཁུངས་དང་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གིས་སློབ་གྲྭའི་ཕ་མ་ཚོགས་ཆུང་གི་ཚོགས་མི་རྣམས་ལ་སྦྱོང་བརྡར་གནང་བ།
Menu