ཟླ་རེའི་གསར་འགྱུར།

གཞི་རིམ་གོང་མའི་འཛིན་རིམ་དགུ་པ་དང་བཅུ་པ་གཉིས་ཀྱི་སྐད་ཡིག་གི་བསླབ་གཞི་རྩ་འཛིན་ཚོགས་འདུ།

གསར་འཕྲིན།

༄༅། །ཕྱི་ལོ་༢༠༡༣ ཟླ་ ༤ ཚེས་ ༡༨ ནས་ ༡༩ ཉིན་གཉིས་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས༌ཁུངས་ཀྱིས་གཞི་རིམ་གོང་མའི་འཛིན་རིམ་དགུ་པ་དང་བཅུ་པ་གཉིས་ཀྱི་སྐད་ཡིག་གི་བསླབ་གཞིའི་རྩ་འཛིན་བཟོ་འགོད་ཀྱི་ཚོགས་འདུ་ཞིག་བཞུགས་སྒར་དྷ་སའི་ཉེ་འཁྲིས་ས་རཱ་མཐོ་སློབ་ཏུ་སྐོང་ཚོགས་གནང་ཡོད་འདུགཚོགས་འདུ་འདིར་དྷ་ས་བོད་ཁྱིམ་དང། སམ་བྷོ་ཊ། དབུས་བོད་སློབ་འཛིན་ཚོགས་བཅས་ཀྱི་གཞི་རིམ་གོང་མའི་བོད་ཡིག་དང་དབྱིན་ཇིའི་སློབ་དགེ་ཁག་ཅིག་དང་། ཤེས་རིག་ལས་ཁུངས་ཀྱི་ཆེད་ལས་སློབ་དེབ་རྩོམ་སྒྲིག་པ་བཅས་ཁྱོན་བསྡོམས་ཚོགས་མི་ ༡༤ ཚོགས་ཞུགས་གནང་ཡོད་ཅིང། ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ལས་འཕར་དང་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་གཅིག་ལྕོགས་བཀྲ་ཤིས་དོན་གྲུབ་ལགས་ནས་ཚོགས་འདུ་དབུ་འབྱེད་དང་འབྲེལ་གཙོ་སྐྱོང་གནང་འདུག།
    ད་བར་ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་སྔོན་འགྲོ་ནས་གཞི་རིམ་བར་མ་འཛིན་རིམ་བརྒྱད་པ་བར་གྱི་སློབ་ཚན་ཡོངས་རྫོགས་ཀྱི་བསླབ་གཞིའི་རྩ་འཛིན་གཏན་འབེབས་ལེགས་གྲུབ་བྱུང་བ་མ་ཟད། འདི་ལོར་གཞི་རིམ་གོང་མ་འཛིན་རིམ་དགུ་པ་དང་བཅུ་པ་གཉིས་ཀྱི་རིག་ཚན་ཁག་གི་བསླབ་གཞི་བཟོ་འགོད་བྱས་ཡོད་ཅིང་། ཉིན་གཉིས་རིང་གི་ཚོགས་འདུའི་ཐོག་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་ནས་བཟོ་འགོད་བྱས་པའི་བོད་ཡིག་དང་དབྱིན་ཇི་གཉིས་ཀྱི་བསླབ་གཞི་རྩ་འཛིན་གྱི་རགས་ཟིན་ཐོག་གོ་བསྡུར་སྦྱངས་བཤད་ཀྱིས་གཏན་འབེབས་བྱེད་ཀྱི་ཡོད་པ་བཅས།

སྔོན་མ།
བོད་ཕྲུག་གཉིས་ལ་མཛེས་རྩལ་འགྲན་སྡུར་གྱི་བྱ་དགའ་ཐོབ་པ།
ཕྱི་མ།
གཞི་རིམ་གོང་མའི་ལུས་སྦྱོང་དང་། འཕྲོད་བསྟེན། ཟློས་གར་བཅས་ཀྱི་བསླབ་གཞི་རྩ་འཛིན་ཚོགས་འདུ།
Menu