ཟླ་རེའི་གསར་འགྱུར།

གཞི་རིམ་གོང་མའི་ཚན་རིག་བསླབ་གཞི་རྩ་འཛིན་གཏན་འབེབས་ཚོགས་འདུ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་༢༠༡༣ ཟླ་༡༡ ཚེས་༡༡ ནས་༡༣ བར་ཉིན་གསུམ་རིང། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ་རུ་གཞི་རིམ་གོང་མ་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་ཚན་རིག་བསླབ་གཞིའི་རྩ་འཛིན་གཏན་འབེབས་ཀྱི་ཚོགས་འདུ་སྐོང་ཚོགས་གནང༌ཡོད།   
     ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དགོངས་གཞི་དང།  བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་འབྲུ་དོན་བཞིན་ཤེས་རིག་ལས་ཁུངས་ནས་སྔ་ཕྱིར་གཞི་རིམ་འོག་མ་དང་བར་མའི་བསླབ་གཞིའི་རྩ་འཛིན་ཁག་གཏན་འབེབས་ལེགས་པར་གྲུབ་ཅིང། ཕྱི་ལོ་༢༠༡༡ ནས་གཞི་རིམ་གོང་མ་འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་གྱི་སློབ་ཚན་ཡོངས་རྫོགས་ཀྱི་བསླབ་གཞིའི་རགས་ཟིན་བཟོ་འགོད་དང། གཏན་འབེབས་ཀྱི་ལས་འཆར་རིམ་པར་སྤེལ་ཡོད། ཐེངས་འདིའི་ཚོགས་འདུའི་སྐབས་གཞི་རིམ་གོང་མ་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་དངོས་ཁམས་རིག་པ་དང། རྫས་འགྱུར་རིག་པ། སྐྱེ་དངོས་རིག་པ་བཅས་ཚན་རིག་གི་བསླབ་གཞིའི་ནང་དོན་དང་བྱེད་སྒོ་ཁག་གཏན་འབེབས་གནང་བ་དང། ཁྱད་པར་གཞི་རིམ་སློབ་གྲྭ་ཁག་གི་ནང་ཚན་རིག་སློབ་ཚན་སློབ་སྟོན་གནང་ཕྱོགས་དང་བྱེད་ཐབས་གསར་འཚོལ་བཅས་ཀྱི་ཐད་གོ་བསྡུར་ལྷུག་པོ་བྱུང་ཡོད།
    ཐེངས་འདིའི་ཚོགས་འདུར་བསླབ་གཞི་རྩ་འཛིན་བཟོ་འགོད་པ་དྲུང་གཞོན་བསོད་ནམས་བཟང་པོ་དང། ཚན་རིག་སློབ་དེབ་རྩོམ་སྒྲིག་པ་དྲུང་ལས་ཆོས་འཕེལ། འབྲེལ་ཡོད་ཚན་རིག་དགེ་རྒན་བཅས་མཉམ་ཞུགས་གནང་ཡོད།
     ད་ཐེངས་གཏན་འབེབས་ཟིན་པའི་ཚན་རིག་གི་མཐའ་མའི་རགས་ཟིན་དེ་བཀའ་ཤག་ལ་གཏན་འབེབས་སླད་འབུལ་རྒྱུ་ཡིན་འདུག
 

སྔོན་མ།
གཞི་རིམ་བར་མའི་བོད་དགེ་ཟབ་སྦྱོང།
ཕྱི་མ།
གཞི་རིམ་བར་མའི་བོད་དགེ་ཟབ་སྦྱོང་མཇུག་བསྒྲིལ་བ།
Menu