ཟླ་རེའི་གསར་འགྱུར།

གསར་འགོད་གསལ་བསྒྲགས།

གསར་འཕྲིན།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཨ་རིའི་ནང་རྟེན་གཞི་བྱས་པའི་རྒྱལ་ཡོངས་ས་དཔྱད་བསྟི་གནས་ཁང་ National Geographic Explorer གཉིས་ཐུན་མོང་གིས་གོ་སྒྲིག་འོག འཛིན་རིམ་དྲུག་པ་ནས་བཅུ་པའི་བར་གྱི་བོད་པའི་སློབ་ཕྲུག་རྣམས་ལ་ལོ་གཅིག་རིང་ཚན་རིག་དང་ཁོར་ཡུག་ཚན་རིག དེ་བཞིན་དབྱིན་སྐད་ཡར་རྒྱས་གཏོང་རྒྱུའི་ལས་འཆར་ལག་བསྟར་གནང་རྒྱུ་ཡིན་འདུག  ལས་འཆར་འདི་བཞིན་ཕྱི་ལོ་ ༢༠༡༣ ཟླ་ ༧ ནང་དབུ་འཛུགས་གནང་རྒྱུ་མ་ཟད། ཐོག་མར་ལས་འཆར་འདི་དང་འབྲེལ་ཡོད་ཟབ་སྦྱོང་ཞིག་རྡ་སའི་ཉེ་འགྲམ་ས་རཱ་མཐོ་སློབ་ཏུ་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢༢། ༢༣ བཅས་ཉིན་གྲངས་གཉིས་རིང་གནང་གཏན་འཁེལ་ཡོད། ལས་འཆར་འདིའི་འོག་ད་ཕན་འཛམ་གླིང་རྒྱལ་ཁབ་བཅུ་གསུམ་ནང་སློབ་ཕྲུག་ས་ཡ་གཉིས་བརྒལ་བར་དབྱིན་སྐད་ཡར་རྒྱས་དང་། དེ་བཞིན་གོ་ལའི་ཁོར་ཡུག་སྐོར་གོ་རྟོགས་ཡར་རྒྱས་འགྲོ་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་ཡོད། ཉིན་གཉིས་ཀྱི་ཟབ་སྦྱོང་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་དབུ་འབྱེད་གནང་གཏན་འཁེལ་བ་དང་། ཐེངས་འདིའི་ལས་འཆར་འོག་རྒྱ་གར་ནང་བོད་མིའི་སློབ་གྲྭ་སུ་ཇ་བོད་ཁྱིམ་སློབ་གྲྭ་དང་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭ། ཅོན་ཏ་ར་དང་སྤོན་ཊ་སམ་བྷོ་ཊའི་སློབ་གྲྭ། མེས་དབོན་དཔེ་སྟོན་གཙུག་ལག་སློབ་གྲྭ་བཅས་སློབ་ཁག་ལྔའི་ (viz., TCV Suja, TCV Chauntra, STS Chauntra, STS Paonta Sahib and Mevon Petoen Tsuglak School) ནང་ཕྱི་ལོ་ ༢༠༡༣ ནས་༢༠༡༤ བར་ལག་བསྟར་གྱིས་སློབ་ཕྲུག་ཁྱོན་བསྡོམས་གྲངས་ ༢༠༠༠ བརྒལ་བར་ཕན་ཐོགས་ཡོང་རྒྱུ་ཡིན་འདུག

སྔོན་མ།
ཤེས་ཡོན་མཁས་པའི་སློབ་སྟོན་ལྷན་ཚོགས་ཐེངས་དང་པོ་དབུ་འཛུགས་གནང་བ།
ཕྱི་མ།
ཚན་རིག་དང་དབྱིན་སྐད་ཟབ་སྦྱོང་དབུ་འཛུགས་གནང་།
Menu