ཟླ་རེའི་གསར་འགྱུར།

བཙན་བྱོལ་བོད་མིའི་ཤེས་རིག་ཚན་པའི་འཐུས་མི་ཁག་གཅིག་གིས་ཨ་རིའི་གཙུག་ལག་སློབ་ཁང་དུ་གཟིགས་ཞིབ་གནང་བ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་སྣེ་ཁྲིད་པའི་བོད་པའི་སློབ་གྲའི་འཐུས་མི་ཤེས་ཡོན་ལྷན་ཚོགས་དང་སྲོལ་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས། བོད་ཁྱིམ་ཨིན་ཇི་སློབ་སྟོན་པ་བསྟན་འཛིན་དཔལ་མོ་ལགས།  གངས་སྐྱིད་དཔེ་སྟོན་སློབ་དགེ་བསྟན་འཛིན་དབང་མོ་ལགས་བཅས་ནས་ཕྱི་ཟླ་ ༧ ཚེས་ ༢༠ ནས་ ༢༥ བར་ཉིན་ལྔའི་རིང་ཨ་རི་ཨེམཧརས་ (Amherst College )མཐོ་སློབ་ཁང་དུ་སེམས་དང་སྲོག་གི་སློབ་ཁང་( Mind and life Institute )ནས་གོ་སྒྲིག་ཞུས་པའི་རྒྱལ་ཁབ་མི་འདྲ་བ་བཅུའི་དགེ་རྒན་དང་སློབ་གྲྭའི་འགན་འཛིན་སྐུ་ཚབ་མི་སྣ་ ༤༥ ཙམ་ཡོད་པའི་ཟབ་སྦྱོང་ནང་མཉམ་ཞུགས་གནང་བ་དང་།
    དེ་མཚུངས་༸གོང་ས་མཆོག་གི་དགོངས་བཞེད་དང་མཐུན་པའི་ཆོས་ལུགས་ཀྱི་མཚམས་ལས་འདས་པའི་བཟང་སྤྱོད་སློབ་སྤེལ་གནང་ཕྱོགས་སྐོར་ལའང་ཟབ་སྦྱོང་དང་འབྲེལ་ཕན་ཚུན་ཉམས་མྱོང་བརྗེ་རེས་ཀྱི་བགྲོ་གླེང་གནང་ཡོད་པ་རེད།
    དེ་རྗེས་ཕྱི་ཚེས་ ༢༦ ཉིན་མེནི་སོཊའི་རིག་གཞུང་སློབ་གྲྭའི་སློབ་ཁྲིད་རྟོག་ཞིབ་དང་དགེ་རྒན་དང་མཉམ་དུ་གོ་བསྡུར་ལམ་སྟོན་དང།  ཉིན་རྒྱབ་མཇུག་བསྡོམས་མཛད་སྒོར་སློབ་གྲྭའི་འགན་འཛིན་དགེ་ཀརྨ་དབང་ཕྱུག་ལགས་ཀྱིས་སློབ་གྲྭ་ངོ་སྤྲོད་དང་།  བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་རྣམ་རྒྱལ་རྡོ་རྗེ་ལགས་ཀྱིས་ཕེབས་བསུ་དང་ལས་བསྡོམས་སྒྲོགས་སྦྱང་ཞུས་རྗེས་ཤེས་རིག་དྲུང་ཆེས་ལོ་འཁོར་རྒྱུགས་སྤྲོད་ཨང་རིམ་རྩེ་སོན་རྣམས་ལ་ཕྱག་ཁྱེར་བྱ་དགའ་གནང་ཞིང་། མཇུག་བསྡོམས་ལམ་སྟོན་དུ་སློབ་ཕྲུག་དང་ཕ་མ།  མི་མང་བཅས་ལ་སོ་སོའི་བུ་ཕྲུག་ལ་བོད་ཀྱི་སྐད་ཡིག་སློབ་ཁྲིད་གནང་དགོས་གལ་སྐོར་དང་རིག་གཞུང་རྒྱུན་འཛིན་ཐད་ལ་ཚང་མའི་ཐུགས་སྣང།  བཀའ་ཤག་གི་ལས་དོན་ཚང་མའི་ནང་ནས་གལ་ཆེ་ཤོས་ཤེས་ཡོན་ཐོག་འཛིན་མུས་ལྟར། མཐོ་རིམ་སློབ་ཡོན་སོགས་སྔར་ལྷག་གནང་བཞིན་ཡོད་པ་སོགས་ལམ་སྟོན་ཟབ་རྒྱས་གནང་།  རིག་གཞུང་སློབ་ཁང་གི་ཤེས་ཡོན་འགན་འཛིན་སྐལ་བཟང་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་འདུག དེ་བཞིན་ཁོང་རྣམ་པས་ཕྱི་ཚེས་༢༧ ཉིན་སློབ་ཕྲུག་གི་ཕ་མ་རྣམས་ཐུག་འཕྲད་ཀྱིས་བསམ་ཚུལ་བསྡུ་ལེན་གནང་འདུག་པ་བཅས།།

སྔོན་མ།
ཡིག་གཟུགས་འགྲན་སྡུར།
ཕྱི་མ།
བྱིས་པའི་ཀློག་རྩལ་གྱི་སྒྲ་སྒྱུར་ཟབ་སྦྱོང་།
Menu