ཟླ་རེའི་གསར་འགྱུར།

བྱང་ཨ་མེ་རི་ཀའི་བོད་རིགས་གཟའ་མཇུག་སློབ་གྲྭ་ཁག་གི་སྔོན་འགྲོ་ནས་འཛིན་རིམ་གཉིས་པའི་སློབ་དེབ་བསྐྱར་ཞིབ་ཚོགས་འདུ།

གསར་འཕྲིན།

༄༅། །ཕྱི་ལོ་༢༠༡༧ ཟླ་༨ ཚེས་ ༢ ནས་ ༤ བར་ཉིན་གསུམ་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག ཕྱི་ལོ་ ༢༠༡༦ ལོར་འགྲེམས་སྤེལ་ཟིན་པའི་བྱང་ཨ་མེ་རི་ཀའི་བོད་རིགས་གཟའ་མཇུག་སློབ་གྲྭའི་སྔོན་འགྲོ་ནས་འཛིན་རིམ་གཉིས་པ་བར་གྱི་བོད་ཡིག་སློབ་དེབ་བསྐྱར་ཞིབ་ཀྱིས་མཐའ་མའི་གཏན་འབེབས་ཚོགས་འདུ་ཞིག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་བསྐྱངས་པ་དང། ཚོགས་འདུའི་ཐོག་དེ་སྔོན་འགྲེམས་སྤེལ་ཟིན་པའི་སློབ་དེབ་ཁག་ལ། བྱང་ཨ་རིའི་ས་གནས་ཁག་གིས་བོད་དགེ་རྣམས་ཀྱི་བསམ་ཚུལ་ལ་གཞི་བཞག་སྟེ། དྷ་ས་ཁུལ་གྱི་སྔོན་འགྲོ་དང་གཞི་རིམ་འོག་མའི་སློབ་དགེ་ཁག་ཅིག་ལ་བསམ་ཚུལ་སྡུད་ལེན་གྱིས་བསྐྱར་ཞིབ་ཀྱིས་བསྒྲིགས་པའི་སློབ་དེབ་ལ་བསྐྱར་ཞིབ་དང་གཏན་འབེབས་བྱས།
ཐེངས་འདིའི་ཚོགས་འདུའི་སྟེང་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་དང་། ཤེས་ལྷན་ཟུང་དྲུང་བསོད་ནམས་བཟང་པོ་ལགས། ཤེས་རིག་ཐ་སྙད་ཚན་པའི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས། བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་དང་རྩོམ་སྒྱུར་སྡེ་ཚན་གྱི་འགན་འཛིན་ཌོག་ཊར་ མཆོག་བསྟན་འཛིན་སྨོན་ལམ་ལགས། དཔེ་སྟོན་སློབ་གྲྭའི་བོད་ཡིག་རྒྱུས་སྟོན་པ་བསམ་གྲུབ་ལགས། བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་དཔལ་ལྡན་རྡོ་རྗེ་ལགས་དང་། དཀར་གཞུང་བཀྲ་ཤིས་རྡོ་རྗེ་ལགས། དགེ་འདུན་དོན་ཡོད་བཅས་དང་། ལྷག་པར་དུ་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་སྔོན་འགྲོ་ནས་འཛིན་རིམ་གཉིས་པ་བར་གྱི་སློབ་དེབ་རྩོམ་སྒྲིག་པ་སྣང་གསལ་བསྟན་འཛིན་ནོར་བུ་ལགས་རྒྱ་གར་ནང་དུ་གུང་གསེང་དུ་ཕེབས་པ་དང་སྟབས་བསྟུན་ནས་ཚོགས་ཐོག་ཏུ་གདན་ཞུས་ཀྱི་གོ་བསྡུར་ལྷུག་པོ་གནང་སྟེ་གཏན་འབེབས་བྱེད་ཐུབ་པ་བྱུང་བ་མ་ཟད། འཛིན་རིམ་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་སློབ་དེབ་ལ་དགོངས་འཆར་གང་ཡོད་པ་རྣམས་ལ་བསྐྱར་ཞིབ་ཐུབ་ཡོད་པ་བཅས།

སྔོན་མ།
སོན་རྩ་བྱིས་པའི་དེབ་ཕྲེང་དབུ་འབྱེད་གནང་བ།
ཕྱི་མ།
བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་སིམ་ལར་གཞུང་འབྲེལ་འཚམས་གཟིགས་གནང་བ།
Menu