ཟླ་རེའི་གསར་འགྱུར།

མཐོ་རིམ་སློབ་ཕྲུག་གི་རྩོམ་འབྲིའི་གསལ་བསྒྲགས།

གསར་འཕྲིན།, གསལ་བསྒྲགས།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་སླད་ཨ་རིར་གནས་བཞུགས་ཕུར་བུ་སྒྲོལ་མ་ལགས་ཀྱི་མཐུན་འགྱུར་འོག ཕྱི་ལོ་ ༢༠༢༢ ལོ་ནས་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ཁག་དང་། དེ་མིན་རྒྱ་གར་གྱི་མཐོ་སློབ་ནང་འགྲིམ་བཞིན་པའི་སློབ་ཕྲུག་རྣམས་ཀྱི་བོད་ཡིག་གི་གནས་ཚད་ཡར་རྒྱས་དང་། ཤེས་ཡོན་བརྗེ་རེས། རྩོམ་ཡིག་འབྲི་བར་སྐུལ་ལྕག་ཐེབས་ཆེད་རྩོམ་འབྲིའི་ལས་རིམ་ཞིག་ལོ་གསུམ་རིང་སྤེལ་མུས་ལྟར། འདི་ལོ་ནི་ཐེངས་གསུམ་པ་ཡིན་སྟབས། རྩོམ་འབྲིའི་ལས་རིམ་འདིའི་ཁོངས་སུ་རྒྱ་གར་ནང་དུ་ཡོད་པའི་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ཁག་དང་། རྒྱ་གར་གྱི་མཐོ་སློབ་འགྲིམ་བཞིན་པའི་བོད་པའི་སློབ་ཕྲུག་ཚང་མ་མཉམ་ཞུགས་ཆོག་པ་ཡིན།

རྩོམ་ཡིག་གི་བརྗོད་གཞི།

མཐའ་གཉིས་སུ་མ་ལྷུང་བའི་དབུ་མའི་ལམ་གྱི་ཐབས་བྱུས་དེ་ཆབ་སྲིད་དང་འཚོ་བའི་ཁྲོད་ཕན་ཐོགས་གང་ཡོད།

• འདེམས་སྒྲུག དུས་ཚོད་རྒྱས་བཅད་ནང་རྩོམ་ཡིག་འབྱོར་བ་ཁག་དཔྱད་འདེམས་པར་ཕུལ་སྟེ་རྩོམ་ཡིག་ ༢༠ དྲག་འདེམས་བྱེད་རྒྱུ་ཡིན།
• རྩོམ་ཡོན། དྲག་འདེམས་བྱུང་བའི་རྩོམ་ཡིག་རྣམས་ལ་རྩོམ་ཡོན་ཧིན་སྒོར་ ༧༠༠༠/- རེ་འབུལ་རྒྱུ་དང་། རྩོམ་ཡིག་རྣམས་ཕྱོགས་བསྡེབས་ཀྱིས་དེབ་གཟུགས་སུ་པར་སྐྲུན་ཞུ་རྒྱུ་མ་ཟད། ཕྱག་ཁྱེར་རེ་འབུལ་རྒྱུ་བཅས་ཡིན།
• དུས་ཡུན། ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༩ ནས་ཟླ་ ༧ ཚེས་ ༣༡ བར་ཡིན། དེའི་རྗེས་སུ་འབྱོར་རིགས་ལ་ངོས་ལེན་ཞུ་རྒྱུ་མིན།

རྩོམ་ཡིག་འབྲི་སྐབས་གཤམ་གསལ་དོན་གནད་རྣམས་ལ་དོ་སྣང་གནང་དགོས།
༡། རྩོམ་ཡིག་འབྲི་སྐབས་རང་ཉིད་ཀྱི་ཉམས་མྱོང་དངོས་དང་། སྒྲུབ་འོས་པའི་གནད་དོན་གསལ་འདོན་དགོས་པ་ལས་གང་ཟག་དང་། ལས་དོན་བྱེ་བྲག་པར་ཟུར་ཟ་དང་། སྐྱོན་བརྗོད། ཚིག་རྩུབ་སྨྲ་བ་སོགས་སྤོང་དགོས།
༢། རྩོམ་ཡིག་དོ་བདག་སོ་སོས་བྲིས་པ་ཞིག་ཡིན་དགོས་པ་ལས། མི་གཞན་གྱིས་བྲིས་པ་བརྐུ་བཤུས་བྱས་པར་དོགས་པ་བྱུང་ཚེ་རྩིས་མེད་གཏོང་རྒྱུ།
༣། སྐད་ཡིག་བོད་ཡིག་དང་། རྩོམ་ལུས་ལྷུག་མ། ཤོག་བུ་A4 མཐའ་ཚད་སྤྱི་བཏང་བ་ (Margins Normal) དང་། ཡིག་གཟུགས་ཆེ་ཆུང་ཚད། སྨོན་ལམ་དབུ་ཅན་དང་པོ་ཆེ་ཆུང་བཅུ་བཞི། (Monlam Uni Ouchan1 size 14)
༤། རྩོམ་ཡིག་ལ་ཉུང་མཐའ་ཤོག་ངོས་གསུམ་དང་། མང་མཐའ་ཤོག་ངོས་ལྔ་ལས་བརྒལ་མི་ཆོག
༥། རྩོམ་ཡིག་རྣམས་ཀམ་པུ་ཊར་ནང་འཇུག་སྒྲིག་གིས་གཤམ་འཁོད་གློག་འཕྲིན་ཁ་བྱང་སྟེང་བསྐུར་དགོས།
༦། རྩོམ་ཡིག་གི་མཇུག་ཏུ་དོ་བདག་སོ་སོའི་མཐོ་སློབ་གྱི་མིང་དང་། རང་ཉིད་ཀྱི་མཚན། གློག་འཕྲིན་ཁ་བྱང་། ཁ་པར་ཨང་གྲངས་བཅས་ཁ་གསལ་འགོད་དགོས། ༼ བདམས་ཐོན་བྱུང་ན་ལག་ཁྱེར་ནང་འགོད་ཆེད་རང་ཉིད་ཀྱི་མཚན་བོད་ཨིན་གཉིས་ཀྱི་ཐོག་འགོད་དགོས།༽
༧། རྩོམ་ཡིག་ལེགས་གྲས་ཁོངས་སུ་བདམས་ཐོན་བྱུང་མཚམས་དོ་བདག་ལ་འབྲེལ་བ་ཞུ་རྒྱུ་ཡིན་པས། དེ་དོན་དགོངས་འཇགས་ཞུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༩ ཉིན།

རྩོམ་ཡིག་བསྐུར་ཡུལ། [email protected] འབྲེལ་གཏུགས་ཁ་པར། 9129110984

སྤྱོད་བདེའི་ཡིག་སྒྲོམ་ནང་གཟིགས་ན་འདི་ནས་ཕབ་ལེན་བྱོས།

སྔོན་མ།
སྔོན་འགྲོའི་དགེ་རྒན་རྣམས་ལ་རྒྱུན་གཏན་ལས་རིགས་ཀྱི་ཟབ་སྦྱོང་འགོ་འཛུགས་གནང་བ།
ཕྱི་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་དྷ་སྟེང་བོད་ཁྱིམ་སློབ་གྲྭར་གཟིགས་སྐོར་གནང་བ།
Menu