ཟླ་རེའི་གསར་འགྱུར།

སྦེང་ལོར་ཝེ་ལི་སློབ་གྲྭར་ཤེས་ཡོན་ཉམས་གསོག་ལས་འཆར་ཐེངས་གཉིས་པ་སྤེལ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༢ ནས་ ༡༥ བར་ཉིན་ལྔའི་རིང་བལ་ཡུལ་སློབ་ཁག་གི་སློབ་སྤྱི་དང་ཤེས་ཡོན་འགན་འཛིན། བོད་ཁྱིམ་གཉིས་དང་སམ་བྷོ་ཊའི་འབྲིང་རིམ་དགེ་རྒན་ཁག་གཅིག་གིས་ཀིར་ཥན་མུརྟིའི་ཝེ་ལི་སློབ་གྲྭའི་(KrishnaMurthy Valley School) ཤེས་ཡོན་མཁོ་སྤྲོད་གནང་ཕྱོགས་དང་། མཉམ་བསྲེས་འཛིན་གྲྭའི་འགྲོ་སྟངས་དང་ཨིན་ཡིག་སློབ་ཁྲིད། བཟོ་རིག་སྡེ་ཚན་བཅས་གཟིགས་ཞིབ་གནང་རྒྱུ་ཡིན་པ་དང་། ཕྱི་དྲོ་བསླབ་པའི་བསྟི་གནས་ཁང། (Study Center) དུ་སློབ་དགེ་ཕན་ཚུན་བསམ་ཚུལ་བརྗེ་རེས་ཀྱི་ལས་འཆར་ཐེངས་གཉིས་པ་སྤེལ་བཞིན་ཡོད་འདུག སློབ་དགེ་རྣམས་སློབ་ཁག་སོ་སོར་ཕྱིར་ལོག་ནས་འབྲེལ་ཡོད་སློབ་དགེ་དང་མཉམ་དུ་ཉམས་མྱོང་སྤེལ་རེས་གནང་རྒྱུ་དང་མྱོང་ཚོར་ལས་བསྡོམས་ཤེས་རིག་ལས་ཁུངས་སུ་འབུལ་གཏན་འཁེལ་ཡོད་འདུག
    ཐེངས་འདིར་ཉམས་གསོག་ལས་འཆར་ནང་བལ་ཡུལ་གངས་ཅན་བདེ་རྩའི་ཤེས་ཡོན་འགན་འཛིན་དང་རྣམ་རྒྱལ་མཐོ་སློབ། སྲོང་བཙན་མཐོ་སློབ། རྣམ་རྒྱལ་འབྲིང་སློབ་ཀྱི་སློབ་སྤྱི། སུ་ཇ་བོད་ཁྱིམ་དང་ཅོན་ཏ་ར་བོད་ཁྱིམ། སེ་ལ་ཀུ་ཡེ་བོད་ཁྱིམ། མ་སུ་རི་བོད་ཁྱིམ། ཅོན་ཏ་ར་གཏན་སློབ་བཅས་ཀྱི་གཞི་རིམ་བར་མའི་དགེ་རྒན་རེ་བཅས་མཉམ་ཞུགས་གནང་།
    ཉམས་གསོག་དང་པོ་ཉེ་སྔོན་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༥ ནས་ ༡༨ བར་ཉིན་ལྔའི་རིང་སམ་བྷོ་ཊ་དང་བོད་ཁྱིམ་གཉིས་ཀྱི་སློབ་སྤྱི། དགེ་ཆེ་གྲངས་ ༡༢ བཅས་ནས་སྦེང་ལོར་དུ་ཤེས་ཡོན་ཉམས་གསོག་ལས་འཆར་ནང་མཉམ་ཞུགས་ལེགས་པར་གནང་ཡོད་པ་བཅས།

སྔོན་མ།
སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་སློབ་གཉེར་བའི་ཟབ་སྦྱོང་མཇུག་སྒྲིལ་གནང་བ།
ཕྱི་མ།
གཞི་རིམ་བར་མའི་སློབ་ཚན་གཞན་རྣམས་བོད་སྐད་བརྒྱུད་ལམ་ནས་ཁྲིད་ཐབས་ཀྱི་ཟབ་སྦྱོང་ཐེངས་གསུམ་པ་མཇུག་བསྒྲིལ་བ།
Menu