ཟླ་རེའི་གསར་འགྱུར།

སློབ་གྲྭ་ཁག་གི་ཚན་རིག་དགེ་རྒན་རྣམས་ལ་གསར་གཏོད་སློབ་ཁྲིད་ཐབས་ལམ་དང་འབྲེལ་བའི་ཟབ་སྦྱོང།

གསར་འཕྲིན།

༄༅། །དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༡ ནས་༦ བར་ཉིན་དྲུག་རིང་སློབ་གྲྭ་ཁག་གི་ཚན་རིག་དགེ་རྒན་རྣམས་ལ་གསར་གཏོད་སློབ་ཁྲིད་ཐབས་ལམ་དང་འབྲེལ་བའི་ཟབ་སྦྱོང་ཞིག་ས་རཱ་བོད་ཀྱི་མཐོ་སློབ་ཏུ་གོ་སྒྲིག་ཞུས་ཡོད་པ་རེད།
    ཟབ་སྦྱོང་འདིའི་ནང་ས་རཱ་མཐོ་སློབ་ཏུ་དགེ་འོས་སློབ་སྦྱོང་གནང་བཞིན་པའི་གཞི་རིམ་འོག་མའི་དགེ་འོས་སྦྱོར་བརྡར་བ་༡༩ དང།  རྒྱ་གར་དང་བལ་ཡུལ་གྱི་བོད་པའི་སློབ་གྲྭ་ཁག་ནས་སློབ་ཐོན་གནང་བའི་དགེ་རྒན་༡༧ བཅས་ཁྱོན་དགེ་རྒན་༣༦ ཟབ་ཞུགས་གནང་ཡོད།
    ཐེངས་འདིའི་ཟབ་སྦྱོང་གི་ཐོག་མའི་ཉིན་བཞི་ལ་ཟབ་སྦྱོང་སྤྲོད་མཁན་ནི་ཨསྟྲེ་ལི་ཡ་ (Australia) ནས་ཕེབས་པའི་སྐུ་ཞབས་ཨེ་རིག་ཧྥེ་རན་གྷེ་ཧེམ་ (Mr. Eric Frangenheim) དང།  ལྕམ་སྐུ་མཱར་གྷ་རེཊ་བྷི་ཤོབ། ( Ms. Margaret Bishop)  ལྕམ་སྐུ་ཇཱེ་ནི་མཽར། (Ms. Jane Moore)  ལྕམ་སྐུ་ཀེ་རི་རྱཊེ་(Ms. Kerry Wright ) བཅས་ཡིན་པ་རེད། ཁོང་རྣམས་ནི་ཨསྟྲེ་ལི་ཡ་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་ནང་གསར་གཏོད་སློབ་ཁྲིད་ཐབས་ལམ་དང་སློབ་གསོའི་སྦྱོང་བརྡར་སྤྲོད་མཁན་ཆེད་མཁས་མི་སྣ་ཤ་སྟག་ཡིན་འདུག།
    ཐེངས་འདིའི་ཟབ་སྦྱོང་གི་དམིགས་ཡུལ་ནི་འཛིན་གྲྭའི་ནང་སློབ་ཁྲིད་བྱེད་ཐབས་ཀྱི་བྱེད་སྒོ་སྣ་ཚོགས་དང། སློབ་ཁྲིད་ཀྱི་ཐབས་ལམ་གསར་པ་ཤེས་རྟོགས་ཐུབ་རྒྱུའི་ཆེད་དུ་ཡིན་པ་དང། ཟབ་སྦྱོང་ཐོག་ངོ་སྤྲོད་བྱེད་འཆར་གྱི་སློབ་ཁྲིད་ཐབས་ལམ་དང་བྱེད་སྒོ་ཁག་ནི་དུས་རབས་ཉེར་གཅིག་པའི་ནང་སློབ་གསོ་སྤྲོད་ཐབས།  ཤེས་ཡོན་གྱི་དཀའ་གནད་སེལ་ཐབས་ལ་གལ་འགངས་ཧ་ཅང་ཆེན་པོ་ཆགས་ཡོད་འདུག
    གཞན་ཡང་ཤེས་ཡོན་འགན་འཛིན་སྐལ་བཟང་དབང་འདུས་ལགས་ཀྱིས་མ་སྐད་ནང་ཤེས་ཡོན་སྤྲོད་ཐབས་དང།  ཤེས་ཡོན་འགན་འཛིན་བསྟན་འཛིན་དཔལ་སྒྲོན་ལགས་ཀྱིས་དམིགས་བསལ་ཤེས་ཡོན་སྐོར། ཤེས་ཡོན་འགན་འཛིན་རྒྱལ་མཚན་ལགས་ཀྱིས་མཉམ་རུབ་ཐོག་ཤེས་ཡོན་སྦྱོང་ཐབས་བཅས་ཀྱི་སྐོར་ངོ་སྤྲོད་གནང་རྒྱུ་ཡིན་པ་བཅས།

སྔོན་མ།
སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་པ་རྣམས་ལ་ཟབ་སྦྱོང་སྤྲད་པ།
ཕྱི་མ།
སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་སློབ་མའི་ཟབ་སྦྱོང་མཇུག་བསྡོམས་ཞུས་པ།
Menu