ཟླ་རེའི་གསར་འགྱུར།

སློབ་གྲྭ་ཁག་ནང་བོད་ནང་གི་གནས་སྟངས་ངོ་སྤྲོད།

གསར་འཕྲིན།

༄༅། །དཔལ་ལྡན་སྲིད་སྐྱོང་མཆོག་གི་བཀའ་འབྲེལ་ལྟར་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་གིས་ཉེ་ཆར་གསར་དུ་འབྱོར་བའི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་དམ་འཇིགས་མེད་རྒྱ་མཚོ་མཆོག་ནས་དྷ་ས་ཉེ་འཁོར་གྱི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཅིག་ནང་བོད་ནང་གི་གནས་སྟངས་ངོ་སྤྲོད་འགོ་འཛུགས་བྱས།   
ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༢ ཉིན་དྷ་ས་ཉེ་འཁྲིས་ཀྱི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་ཕྲུག་རྣམས་ལ་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ཀྱིས་བོད་ནང་གི་གནས་སྟངས་སྤྱི་དང་། བྱེ་བྲག་ཆབ་སྲིད་བཙོན་པའི་གནས་སྟངས་དང་། བོད་ནང་གི་སློབ་གྲྭ་ཁག་གི་སློབ་སྦྱོང་གི་གནས་ཚུལ། ཁོར་ཡུག་ཉམས་ཆག ཞིང་འབྲོག་གི་འཚོ་བ་ཉམ་ང་བ་བཅས་ངོ་སྤྲོད་བྱས་ཏེ་སློབ་ཕྲུག་ཚོ་དང་མཉམ་དུ་དྲི་བ་དྲིས་ལན་གྱིས་བོད་ནང་གི་གནས་སྟངས་ངོ་སྤྲོད་ཟབ་རྒྱས་གནང།
དེ་བཞིན་ཁོང་གིས་ནོར་གླིང་མཐོ་སློབ་དང་། ཤེས་རབ་དགའ་ཚལ་སློབ་གླིང་། སྒྲོལ་མ་གླིང་བཅས་སུ་ཡང་རིམ་པས་བོད་ནང་གི་གནས་སྟངས་སྐོར་ངོ་སྤྲོད་བྱེད་རྒྱུ་ཡིན་འདུག
ཁོང་ནི་བོད་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟ་ཏོག་ཚ་སྡེ་བ་རུ་སྐུ་འཁྲུངས་པ་དང་། རང་ལོ་༡༥ ཡིན་སྐབས་རབ་ཏུ་བྱུང་སྟེ་བླ་བྲང་བཀྲ་ཤིས་འཁྱིལ་ནས་སློབ་གཉེར་གནང་། ཕྱི་ལོ་༢༠༠༨ ལོར་ཁོང་དང་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་གཉིས་ཀྱིས་བོད་ནང་གི་གནས་སྟངས་གློག་བརྙན་<<འཇིགས་བྲལ།>>ཞེས་པ་བརྙན་ཕབ་བྱས་རྗེས། རྒྱ་དམར་གཞུང་གིས་ཁོང་ཐེངས་གསུམ་ལ་བཙོན་འཇུག་མནར་གཅོད་བཏང་བ་དང་། ཕྱི་ལོ་༢༠༡༤ ཟླ་ ༥ པར་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་ཡོད་པའི་གནས་ཚུལ་བཅས།

སྔོན་མ།
ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་ཡུལ་སློབ་གྲྭ་དང་སློབ་གྲྭ་གཞན་དབར་གྱི་སློབ་མའི་སྦྱངས་འབྲས་གཤིབ་བསྡུར་དང་། གྲུབ་འབྲས་ཉམས་ཞིབ་ལས་རིམ་འགོ་འཛུགས་ཞུས།
ཕྱི་མ།
གཞི་རིམ་སློབ་གྲྭའི་རིགས་ལམ་བསླབ་གཞི་གཏན་འབེབས་ཚོགས་འདུ།
Menu