ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་བོད་པའི་སློབ་གྲྭ་ཁག་གི་དགེ་རྒན་རྣམས་ལ་དམིགས་བསལ་ཤེས་ཡོན་གྱི་ཟབ་སྦྱོང་གོ་སྒྲིག་གནང་བ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༧ ཚེས་ ༡༤ ནས་ ༡༧ བར་ཉིན་བཞི་རིང་འདི་ག་ལས་ཁུངས་ཀྱི་གོ་སྒྲིག་འོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ཀྱི་ས་སྐྱ་མགྲོན་ཁང་དུ་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྣམས་ལ་བཅོས་ཐབས་ཀྱི་སློབ་ཁྲིད་རྩ་འཛིན་ (Fundamentals of Remedial Teaching for Specific Learning Disabilities) ཞེས་པའི་བརྗོད་གཞིའི་ཐོག་ཟབ་སྦྱོང་ཚོགས་ཡོད། ཟབ་སྦྱོང་དེ་ནི་ཨ་རིའི་རོགས་ཚོགས་ (PRM) ཀྱི་མཐུན་འགྱུར་གནང་ཡོད་པ་དང་། སྐབས་དེར་རྒྱ་གར་ལྷོ་ཕྱོགས་བོད་པའི་སློབ་གྲྭ་ཁག་གི་དགེ་རྒན་གྲངས་ ༣༠ མཉམ་ཞུགས་གནང་ཡོད།

དེ་ཡང་འདི་ག་ལས་ཁུངས་ངོས་ནས་བོད་པའི་སློབ་གྲྭ་ཁག་ཏུ་དམིགས་བསལ་ཤེས་ཡོན་( Inclusive education) ལག་བསྟར་གནང་ཕྱོགས་ཐོག་འབད་བརྩོན་གནང་གི་ཡོད་སྟབས་འདི་ག་ལས་ཁུངས་ངོས་ནས་སྦྱོང་བརྡར་དང་། ཟབ་སྦྱོང་བརྒྱུད་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྣམས་ཀྱི་སྦྱང་ཤེས་ཀྱི་ནུས་པ་གོང་མཐོར་གཏོང་སླད་མཐུན་འགྱུར་གནང་བཞིན་ཡོད། ཐེངས་འདིའི་ཟབ་སྦྱོང་གི་དགོས་དམིགས་གཙོ་བོ་ཁག་ནི།

  • དགེ་རྒན་རྣམས་ཀྱི་བཅོས་ཐབས་ཀྱི་སློབ་ཁྲིད་གནང་ཕྱོགས་ཡར་རྒྱས་གཏོང་རྒྱུ།
  • སྦྱང་ཤེས་ཀྱི་དཀའ་ངལ་ཅན་གྱི་ཕྲུ་གུ་རྣམས་ལ་རོགས་རམ་དང་བྱིངས་ཀྱི་ཤེས་ཡོན་དང་མཉམ་བསྡུས་བྱ་རྒྱུ།
  • གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་ལྗགས་ཀློག་དང་། གོ་རྟོགས། དག་ཆ། འབྲི་རྩོམ། ཨང་རྩིས། སྣ་མང་རིག་རྩལ་གྱི་སྒྱུ་རྩལ་གྱི་གོ་རྟོགས་སྤེལ་རྒྱུ་བཅས་ཡིན་པ་རེད།

སྒྱུ་རྩལ་དེ་དག་ནི་ཕྲུ་གུའི་སྦྱང་ཤེས་ཀྱི་དཀའ་ངལ་ངོས་འཛིན་བྱེད་པར་གལ་ཆེན་པོ་ཡིན།

འདི་ག་ལས་ཁུངས་ཀྱིས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་དགོས་མཁོ་འདྲ་མིན་གྱི་ཕྲུ་གུ་རྣམས་ལ་རྒྱབ་སྐྱོར་ཞུ་ཆེད་དམིགས་བསལ་ལས་རིམ་དང་། གོ་རྟོགས་ཟབ་སྦྱོང་། དགེ་རྒན་རྣམས་ལ་སྦྱོང་བརྡར་བཅས་ཀྱི་བརྒྱུད་ནས་རྒྱུན་མཐུད་ནས་རྒྱབ་སྐྱོར་གནང་བཞིན་ཡོད། ཐེངས་འདིའི་ཟབ་སྦྱོང་གི་མཉམ་ཞུགས་པ་རྣམས་ལ་སློབ་ཁྲིད་ནང་ཕྱོགས་ཀྱི་ལག་དེབ་དང་། སྦྱང་ཤེས་ཀྱི་དཀའ་ངལ་ཡོད་པའི་ཕྲུ་གུ་རྣམས་ངོས་འཛིན་དང་། དེ་དག་རྒྱབ་སྐྱོར་འཆར་གཞིའི་དཔྱད་ཐོ་ཕུལ་ཡོད།

ཟབ་སྦྱོང་འདིའི་ཆེད་ལས་པ་རྣམས་མཌ་ར་སི་འབྲི་ཀློག་འཆོལ་སྐྱོན་ཚོགས་པ་ (MDA) ཞེས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ནས་ཕེབས་ཡོད་པ་དང་། ཚོགས་པ་འདི་ནི་བཅོས་ཐབས་ཀྱི་ཤེས་ཡོན་ཐོག་གོ་རྟོགས་སྤེལ་ཆེད་ཀྱི་ཚོགས་པ་གྲགས་ཆེན་ཞིག་ཡིན་པ་རེད། ཟབ་སྦྱོང་འདིའི་རིང་ངོ་སྤྲོད་གནང་བའི་ཐབས་བྱུས་རྣམས་སྤྱི་བཏང་འཛིན་ཁང་ཙམ་མ་ཟད། སྦྱང་ཤེས་ཀྱི་དཀའ་ངལ་ཡོད་པའི་སློབ་ཕྲུག་མ་ཡིན་པར་བྱིངས་ལ་ཕན་ཐོགས་ཡོད། ཐབས་བྱུས་དེ་དག་བརྒྱུད་ནས་དགེ་རྒན་རྣམས་ཚང་མའི་དགོས་མཁོ་ལ་ཕན་པའི་ཁོར་ཡུག་བསྐྲུན་ཐུབ་ཀྱི་ཡོད་པ་བཅས།།


སྔོན་མ།
ཕྱི་ལོ་ ༢༠༢༥ ལོའི་སྐབས་བརྒྱད་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཚན་རིག་དང་། རྩིས་རིག ཁོར་ཡུག་བཅས་ཀྱི་འགྲེམས་སྟོན་ལེགས་པར་གྲུབ་པ།